བདེ་སྐྱིད་འཚོལ་སྒྲུབ་བྱེད་ཐབས།

རྒྱ་གར་གྱི་རྩོམ་པ་པོ་གྲགས་ཅན་ཨར་ཝེན་ཌེ་ཤར་མ་ལགས་ཀྱིས་བརྗོད་དོན་ལྟར་ན་འདི་ལོའི་ཟླ་༡༡པའི་ཚེས་༡༩་ནས་༢༠བར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཧིན་རྡུ་དུས་བབ་ཀྱི་འགོ་ཁྲིད་ལྷན་ཚོགས་ཀྱི་ཚོགས་འདུ་ཞིག་སྐོང་ཚོགས་གནང་རྒྱུ་ཡིན་འདུག་པ་དང༌། སྐབས་དེར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་པ་རེད་ཅེས་བཙན་བྱོལ་བོད་གཞུང་གི་མི་སྣ་ཞིོག་གིས་འགྲེལ་བརྗོད་གནང་སོང་ཞེས་བརྗོད་ཡོད་པ་རེད།

ཕྱི་ཟླ་༡༡པའི་ཚེས་༡༩ཉིན། ༧གོང་ས་མཆོག་གིས་དུས་ཟིང་ཁྲོད་དུ་བདེ་སྐྱིད་འཚོལ་སྒྲུབ་བྱེད་ཐབས་ཀྱི་སྐོར་ལ་བཀའ་སློབ་གསུང་བཤད་གནང་རྒྱུ་ཡིན་འདུག་པ་དང། འགོ་ཁྲིད་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་གསུང་བཤད་གནང་མཁན་ཐོག་མ་དེ་ཆགས་ཡོད་པ་རེད།

ཡང་ཁོང་གིས་ཚོགས་འདུའི་སྐུ་མགྲོན་དུ་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སན་དང་གཞུང་འཛིན་ཁ་གཏད་ཚོགས་པའི་ཚོགས་གཙོ་ལྕེ་ཊི་ལའི། དེ་མིན་རྒྱ་གར་རྒྱལ་ཡོངས་ཀྱི་མཁས་དབང་དང་ཆེད་ལས་པ་སོགས་མི་སྣ་གང་མང་ཞིག་གདན་འདྲེན་ཞུས་ཡོད་པ་དང། སྐབས་དེར་རྒྱ་ནག་གི་འཕེལ་རྒྱས་ཞེས་པའི་བརྗོད་གཞི་ཐོག་གསུང་བཤད་གནང་རྒྱུ་ཡིན་པ་རེད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད། ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ལོའི་ཟླ་༡༡པའི་ཚེས་༡༡ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།