གཏེར་འདོན་ལས་འཆར།

ཟླ་འདིའི་ཚེས་༧ཉིན་རྒྱ་ནག་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན་རྒྱ་ནག་གཞུང་གིས་མ་འོངས་ལོ་༥རིང༌རྒྱལ་ནང་དུ་གཏེར་ཁ་སྔོག་འདོན་ཆེད་རྒྱ་སྒོར་ཐེར་འབུམ་༣༠ཙམ་འགྲོ་གྲོན་བཏང་ནས་གཏེར་དངོས་ནང་འདྲེན་མཚམས་འཇོག་བྱ་རྒྱུ་ཡིན་ཟེར།

རྒྱ་ནག་གཞུང་གིས་རྒྱ་ནག་གི་ཞིང་ཆེན་༢༡ནང་གཏེར་འདོན་གྱི་ལས་འཆར་འགོ་འཛུགས་བྱས་ཡོད་པ་དང༌། འདས་པའི་ལོ་ངོ་༡༢རིང་རྒྱ་ནག་གིས་ཚན་རིག་པས་གཏེར་ཁུལ་གྲངས་༩༠༠ཙམ་རྙེད་སོན་བྱུང་ཡོད་ཅེས་འགྲེལ་བརྗོད་བྱས་འདུག

རྒྱ་ནག་གི་ཞིང་ཆེན་ལའོ་ཉིང་དང༌། ཧི་བྷིད། ཧི་ནན། ཧྲན་ཏུང༌། ཧྲན་ཞི་བཅས་ཞིང་ཆེན་ཁག་༥ཡི་ནང༌། ལྕགས་རྡོ་གཏེར་དངོས་ཏུན་ཐེར་འབུམ་༥ཙམ་ཡོད་ཚུལ་དང༌། དེ་བཞིན་བོད་དང༌། ཤིན་ཅང༌། ཡུ་ནན་བཅས་ཀྱི་ས་ཁུལ་དུ་ཟངས་གི་གཏེར་དངོས་ཏུན་ས་ཡ་༣༨་༥ཙམ་ཡོད་ཚུལ་ཚོད་དཔག་བྱེད་ཀྱིན་ཡོད་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༡ཚེས་༩ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༠༩༢༠༡༠༡༥༥༥
མཁྱེན་རབ་ཆོས་འཕགས།
རྒྱ་མིས་བོད་ནང་གཏེར་ཁ་སྔོགས་འདོན་བྱེད་རྒྱ་ནི་ད་ལྟའང་མཚམས་འཇོག་མ་བྱས་ནས་ཉེ་ཆར་ཁམས་ལི་ཐང་བདེ་ཚ་ཞེས་པའི་གྲོང་བརྡལ་དེའི་ནང་མཚོ་ཆེན་པོ་ཞིག་གི་ནང་རྒྱ་མིས་ཉིན་ལྟར་བལྟ་སྐོར་དང་དཔྱད་པར་བྱེད་སར་རྒྱུན་མི་ཆད་ཡོང་གི་འདུག་ཟེར།དེའི་ནང་ཅི་ཡོད་ངེད་ཅག་བོད་མི་རྣམས་ཀྱིསཤེས་ཀྱི་མི་འདུག་



བརྗོད་གཞི་གཞན་ཁག་ལ་གཟིགས།