སུད་སིའི་ནང་ལས་འགུལ།

ཁ་སང་ཕྱི་ཚེས་༢༦ཉིན་སུད་སིའི་གྲོང་ཁྱེར་ཆེ་ཤོས་རྫུ་རི་ཆིའི་ནང༌བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཁྱོན་མི་གྲངས་༣༥༠ ཙམ་གྱིས་ཉེ་ཆར་རྒྱ་ནག་གཞུང་གིས་བོད་ནང་དུ་ཤེས་ཡོན་ལམ་ལུགས་བཅོས་བསྒྱུར་ཟེར་བ་དེར་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུག

ལས་འགུལ་དེ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་གྲོང་ཁྱེར་རྫུ་རི་ཆིའི་ས་གནས་ཏི་སི་ནར་པི་ལཱ་ཛ་ཟེར་བ་དེ་ནས། རྒྱ་ནག་ཚོང་འབྲེལ་དོན་གཅོད་ལས་ཁུངས་བར་དུ་གོམ་བགྲོད་ཀྱིས། རྒྱ་ནག་གཞུང་གིས་སྐད་ཡིག་རང་དབང་ལ་བརྩི་བཀུར་བྱེད་དགོས་པའི་རེ་འདུན་བཏོན་འདུག

ལས་འགུལ་གོས་སྒྲིག་བྱེད་མཁན་ནི་ཡོ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་དང༌། སུད་སི་བོད་མིའི་མཛའ་འབྲེལ་ཚོགས་པ། སུད་སིའི་བོད་ཀྱི་བུད་མེད་མཐུན་ཚོགས་བཅས་ཡིན་འདུག་ལ། སྐབས་དེའི་འབོད་སྒྲ་གཙོ་བོ་ནི་༼མི་རིགས་འདྲ་མཉམ་དང་སྐད་ཡིག་རང་དབང་༽དགོས་ཞེས་བོད་ནང་གི་སློབ་ཕྲུག་ཚོའི་ངོ་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་གནང་བ་ཞིག་རེད་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༠ཚེས་༢༧ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།