བོད་ཀྱི་སྐད་ཡིག་འཐབ་རྩོད།

ཤེས་རྟོགས་བྱུང་བ་ལྟར་ན་བོད་ནང་དུ་བོད་པའི་སློབ་ཕྲུག་ཚོས་སྐད་ཡིག་འཐབ་རྩོད་ཀྱི་ལས་འགུལ་དེ་རྒྱ་ཁྱབ་ཏུ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག དེ་ཡང་ཟླ་འདིའི་ཚེས་༡༩ཉིན་མདོ་སྨད་རེབ་གོང་ཁུལ་དུ་ཡོད་པའི་སློབ་གྲྭ་ཁག་༦གི་སློབ་མ་སྟོང་ཕྲག་ལྷག་ཙམ་གྱིས། རྒྱ་ནག་གི་བཙན་ཤེད་བསྒྱུར་བཅོས་བྱས་པའི་ཤེས་ཡོན་སྲིད་བྱུས་དེར། ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང༌། དེ་ནས་བཟུང་བོད་ནང་དུ་ས་ཁུལ་གཞན་ཁག་གཉིས་ལའང༌། རིམ་བཞིན་གནས་ཚུལ་དེར་ངོ་རྒོལ་བྱེད་འགོ་བརྩམས་ཡོད་འདུག

ཁ་ཉིན་ཕྱི་ཚེས་༢༠ཉིན་མདོ་སྨད་མཚོ་ལྷོ་ཆབ་ཆ་ཁུལ་དུ་ཡོད་པའི་སློབ་གྲྭ་ཁག་༤ནས། ཁྱོན་སློབ་མ་༢༠༠༠ལས་བརྒལ་བས། ས་གནས་རྒྱ་ནག་སྲིད་གཞུང་གི་སྒོ་རྩར་༼ང་ཚོར་སྐད་ཡིག་རང་དབང་དགོས་༽ཞེས་ངོ་རྒོལ་སྐད་འབོད་བྱས་འདུག

དེ་བཞིན་ཁ་སང་ཕྱི་ཚེས་༢༡ཉིན་འགོ་ལོག་ཁུལ་དུ་སློབ་མ་ཚོས་ཀྱང་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག་ཀྱང༌། ས་གནས་ཉེན་རྟོག་པས་དོ་དམ་བཀག་འགོག་བྱས་ཡོད་འདུག་པ་དང༌། ད་ལྟའི་ཆར་ས་གནས་དེ་དག་ལ་རྒྱ་ནག་གཞུང་གི་ཉེན་རྟོག་པས་བཀག་འགོག་བྱེད་ཤུགས་ཆེ་རུ་གཏོང་གིན་ཡོད་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༠ཚེས་༢༢ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།