བོད་སོག་ཆིངས་དོན་བགྲོ་གླེང༌།

ཟླ་འདིའི་ཚེས་༡༣ནས་ཚེས་༡༤བར་ཉིན་གཉིས་རིང་སོག་པོའི་ནང་༼ཕྱི་ལོ་༡༩༡༣ལོར་བོད་སོག་དབར་བཞག་པའི་ཆིངས་དོན་༽སྐོར་རྒྱལ་སྤྱིས་ཆེད་དོན་བགྲོ་གླེང་ཞིག་ཚོགས་འདུག

ཕྱི་ལོ་༡༩༡༣ལོར་བོད་སོག་གཉིས་དབར་བཞག་པའི་མཛའ་མཐུན་གྱི་ཆིངས་ཡིག་དེར། རྒྱ་ཁབ་གཉིས་ཕན་ཚུན་ངོས་འཛིན་དང་ལེན་བྱས་པ་ཞིག་དང༌། ཆིངས་ཡིག་དེར་སོག་པོ་བ་དང་ཕྱི་རྒྱལ་གྱི་མི་སྣ་༢༧ཙམ་གྱིས་མཉམ་འབྲེལ་དཔྱད་ཞིབ་བྱས་པ་དང༌། ཐེངས་འདིའི་ཆེད་དོན་བགྲོ་གླེང་ཐོག རྒྱ་གར་དང༌། ཨ་རི། ཀོ་རི་ཡ། ར་ཤི་ཡ། ཁེ་ན་ཌ། ཐའེ་ཝན། ཉི་ཧོང༌། ཧོ་ལན་ཌི། ཇར་མན་ནིང་སོགས་ཀྱི་མི་སྣ་མང་པོ་ཞིག་མཉམ་ཞུགས་བྱས་ཡོད་པ་རེད།

མ་ཚད་སྐབས་དེའི་མཉམ་ཞུགས་བྱེད་མཁན་གྱི་རྒྱལ་ཁབ་བརྒྱ་ཆ་༩༩ཐམ་པས། ཕྱི་ལོ་༡༩༡༣ལོར་བོད་སོག་དབར་བཞག་པའི་ཆིངས་ཡིག་ནི། གཞུང་འབྲེལ་དང་ཐུན་མོང་མ་ཡིན་པ་ཞིག་ཡིན་པའི་མོས་མཐུན་བྱས་ཡོད་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༠ཚེས་༢༡ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།