རྩོམ་པ་པོ་གསུམ་བཟུང་སོང་ཟེར།

རྩོམ་པ་པོ་འོད་ཟེར་ལགས་ཀྱིས་གནས་ཚུལ་སྤེལ་གསལ་ལྟར་ན་ཟླ་༣ཙམ་གྱི་གོང་དུ་ཨ་མདོ་རྔ་པ་ནས་ཡིན་པའི་རྩོམ་པོ་འཇང་རྩེ་དོན་ཁོའམ་གཉན་ལགས་དང༌། ཀ་རང་གཡུན་བྷ། བུད་དྷ་གསུམ་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་ཡོད་འདུག

ཁོང་གསུམ་འཛིན་བཟུང་བྱེད་དགོས་དོན་ནི། ཕྱི་ལོ་༢༠༠༨ལོའི་ནུབ་བྱང་མི་རིགས་སློབ་ཆེན་གྱི་དུས་དེབ་༼ཤར་དུང་རི་༽ཐོག རྩོམ་ཡིག་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་པ་ཞིག་ཡིན་འདུག

རྩོམ་པ་པོ་འཇང་རྩེ་དོན་ཁོ་ལགས་ནི་རྔ་པ་ཁུལ་ཁྱུང་མཆུ་རྫོང་ས་གནས་ལོ་རྒྱུས་ཞིབ་འཇུག་ལས་ཁུངས་ཀྱི་ལས་བྱེད་ཅིག་ཡིན་འདུག་པ་དང༌། རྩོམ་པ་པོ་བུད་དྷ་ལགས་ནི་རྔ་བ་རྫོང་བར་མ་ཤང་བོད་སྨན་ཁང་གི་སྨན་པ་ཞིག་ཡིན་འདུག འོན་ཀྱང་རྩོམ་པ་པོ་གཡུན་བྷ་ལགས་གང་ནས་ཡིན་མིན་སོགས་ལོ་རྒྱུས་ཤེས་རྟོགས་བྱུང་མ་སོང༌། ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༠ཚེས་༨ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།