གྲྭ་བ་གཉིས་འཇུས་འདུག

ཀིརྟིའི་བྱེས་པ་གྲྭ་ཚང་གི་གྲྭ་ཚེ་རིང་གིས་འདི་ག་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན་ཉེ་ཆར་རྒྱ་གཞུང་གིས་ཀིརྟི་དགོན་པའི་གྲྭ་བ་གཉིས་འཇུ་བཟུང་བཙོན་འཇུག་བྱས་ཡོད་འདུག

དེ་ཡང་གྲྭ་ཚེ་རིང་གིས་མཁོ་སྤྲོད་བྱས་པའི་གནས་ཚུལ་ལ་གཞིགས་ན། ཟླ་འདིའི་ཚེས་༡༠ཉིན་ཚོ་བདུན་ཀིརྟི་དགོན་པའི་ཆོས་ལུགས་དོ་དམ་ཁང་གི་འགན་འཛིན་གྲྭ་སོ་དར། རང་ལོ་༣༨ཡས་མས་ཤིག་ཡིན་པ་ཁོང་མཛོད་དགེ་རྫོང་ཐོག་གི་རླངས་འཁོར་འབབ་ཚིགས་ནས་ཞོགས་ཀའི་དུས་ཚོད་༦ཙམ་ལ་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་འདུག་ལ། ཁོང་གི་ཕ་ཡུལ་ཁྱུང་ཆུ་རྫོང་ཁོངས་ཚ་རུ་མ་ནས་ཡིན་པ་རེད།

དེ་མིན་ཚོ་བདུན་ཀིརྟི་དགོན་པའི་ཆོས་ལུགས་དོ་དམ་ཁང་གི་ལས་བྱེད་ཚོ་བདུན་ཏེ་ ཙིས་སྡེ་བ་ནས་ཡིན་པའི་གྲྭ་དར་རྒྱས། རང་ལོ་༢༦ཙམ་ཡིན་པ་ཁོང་ཟླ་འདིའི་ཚེས་༡༡ཉིན་འབར་ཁམས་རྫོང་ཐོག་ནས་འཛིན་བཟུང་བཀག་ཉར་བྱས་འདུག

ཁོང་གཉིས་འཛིན་བཟུང་བཀག་ཉར་བྱས་རྗེས་འབར་ཁམས་རྫོང་དང་རྔ་པ་ཁུལ་སོགས་ཀྱི་ འབྲེལ་ཡོད་ལས་ཁུངས་ཁག་ལ་བརྩད་གཅོད་བྱས་ཀྱང་གང་དུ་བཀག་ཉར་བྱས་ཡོད་མེད་ཙམ་ གྱི་གནས་ཚུལ་ཡང་ཤེས་རྟོགས་བྱུང་མི་འདུག་ལ། འཛིན་བཟུང་བྱེད་དོན་གྱི་ནག་ཉེས་ཅི་ཡིན་ཐད་ཀྱང་གསལ་ཁ་བྱུང་ཡོད་མི་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ལོའི་ཟླ་༨ཚེས་༡༦ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།