དུས་སྟོན་ཐེངས་༡༥པ།

ཟླ་འདིའི་ཚེས་༢༨དང་༢༩ཉིན་གཉིས་རིང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་བོད་རིགས་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་བོད་ཀྱི་དུས་སྟོན་ཐེངས་༡༥པ་དེ་སྲུང་བརྩི་ཞུ་རྒྱུ་ཡིན་འདུག་ལ། ཐེངས་འདིའི་དུས་སྟོན་སྲུང་བརྩི་ཐོག འདི་ལོ་སྐྱེ་སྒུ་མདོར་ས་ཡོམ་གྱི་གོད་ཆགས་ཚབ་ཆེན་ཕོག་པ་དེར་མྱ་ངན་རྗེས་དྲན་སྲུང་བརྩི་ཞུ་རྒྱུ་དང༌། གཞན་ཡང་ཉིན་གཉིས་རིང་གི་དུས་སྟོན་དེའི་ཐོག་གནའ་དེང་བོད་ཀྱི་གཞས་སྣ་འཁྲབ་སྟོན་དང༌།  བོད་པའི་ཞལ་ལག་འདེགས་འབུལ། བཟོ་རིག་ལག་ཤེས་འདྲ་མིན་འགྲེམས་སྟོན། དེ་བཞིན་བཙན་བྱོལ་ནང་གྲགས་ཆེ་བའི་ན་གཞོན་གཞས་པ་ཕུར་བུ་བཀྲིས་རྣམ་རྒྱལ་སོགས་གཞོན་སྐྱེས་ཁག་ཅིག་གིས་གཞས་སྣ་འཁྲབ་སྟོན་ཡང་བྱ་རྒྱུ་རེད་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༨ཚེས་༥ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།