བོད་ནང་དུ་དྲ་རྒྱ་དོ་དམ།

རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས་བཀོད་མངག་ལྟར་ཟླ་འདིའི་ཟླ་མཇུག་ཏུ་བོད་ནང་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་ཡོངས་སུ་དྲ་རྒྱ་ཁང་ཚང་མའི་གློག་ཀླད་དང༌།  དེ་བཞིན་ཚོང་ལས་ཁག་གི་གློག་ཀླད་ནང་དོགས་སྲུང་འཕྲུལ་ཆས་ཚན་པ་ཤིག་ངེས་པར་དུ་སྒྲིག་འཇུག་བྱེད་དགོས་ཀྱི་ཡོད་འདུག

རྒྱ་ནག་གཞུང་གིས་འཕྲུལ་ཆས་ཚན་པ་དེ་གློག་ཀླད་ནང་སྒྲིག་འཇུག་བྱེད་པའི་དགོས་པ་དང༌། ཁེ་ཕན་ནི་དྲ་ཐོག་ནས་གློག་ཀླད་ལ་མི་འཚམ་པའི་ནད་འབུ་ཕྲ་མོའི་རིག་ཡོང་བར་སྔོན་འགོག་གི་ནུས་པ་ལྡན་ལུགས་བཤད་ཀྱང༌། མི་ཚོས་དེ་ནི་རྒྱ་ནག་གཞུང་གི་གཡོ་ཇུས་ཤིག་ཏེ། ཕྱི་ཕྱོགས་ཀྱི་དྲ་རྒྱ་དང་གནས་ཚུལ་འདྲ་མིན་རིགས་མཁོ་གཏོང་ལ་བཀག་འགོག་ཐུབ་ཆེད་ཡིན་ལུགས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད། ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༨ཚེས་༤ཉིན

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།