བོད་དོན་གློག་བརྙན་གསར་པ།

ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རི་ཆ་གྷིར་ལགས་ཀྱིས་ལོ་ངོ་༥ཙམ་རིང་འབད་བརྩོན་བྱས་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གློག་བརྙན་གསར་པ་ཞིག་ཟླ་རྗེས་མར་དྷ་རམ་ས་ལ་དང༌། ལ་དྭགས་སོགས་སུ་གཟིགས་འབུལ་ཞུ་འཆར་ཡོད་འདུག སྤྱིར་ཁོང་གིས་གློག་བརྙན་དེ་བོད་ནང་དུ་གཟིགས་འབུལ་ཞུ་འཆར་བྱས་འདུག་ཀྱང༌། བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་ཚོས་ཁོང་ལ་ཆོག་མཆན་སྤྲད་མེད་པ་རེད།

སྐུ་ཞབས་རི་ཆ་གྷིར་ལགས་ཀྱི་གྲོགས་པོ་བོད་ཀྱི་མཛངས་མའང་མཛེས་མ་གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ཀྱིས། སྤྱིར་གློག་བརྙན་དེའི་ནང་དོན་གཙོ་བོར་བོད་དང་ནང་ཆོས་སོགས་ཡིན་སྐོར་འགྲེལ་བརྗོད་བྱས་འདུག

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རི་ཆ་གྷིར་ལགས། ཕྱི་ལོ་༡༩༨༠ལོར་ཁོང་ཉིད་ཐེངས་དང་པོར་དྷ་རམ་ས་ལར་ཕེབས་པ་ནས་བཟུང༌། བཙན་བྱོལ་བོད་མིའི་ལས་གཞི་མང་པོ་ཞིག་ལ་རྒྱབ་སྐྱོར་དང་སྦྱིན་བདག་གནང་མཁན་ཞིག་རེད། དེ་ལྟར་ཁོང་གི་བོད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེ་བྱེད་ཀྱིན་ཡོད་སྟབས། རྒྱ་ནག་གཞུང་གིས་ཁོང་ཉིད་རྒྱ་ནག་ནང་འཛུལ་ཞུགས་མི་ཆོག་པའི་བཀག་འགོག་ཡང་བྱས་ཡོད་པ་རེད། ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༧ཚེས་༣༠ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།