བོད་དོན་གལ་ཆེན་འཛིན་དགོས།

ཟླ་འདིའི་ཚེས་༢༣ཉིན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཧྥ་རན་ཁེ་ཝོ་ཝུ་ལགས་ཀྱིས་ཨ་རིའི་སྲིད་འཛིན་ཨོ་བྷ་མའི་སྲིད་གཞུང་གིས་རྒྱུན་དུ་བོད་དོན་ཐེ་བའི་འགྲོ་བ་མིའི་ཐོབ་ཐང་གལ་ཆེན་དུ་འཛིན་དགོས་ལུགས་གྲོས་ཚོགས་ནང་གསུང་བཤད་གནང་འདུག

ཁོང་གིས་ཨ་རིའི་གཞུང་གི་སྲིད་ཇུས་ནང་དཔེར་ན། སུན་ཌན་དང༌། རྒྱ་ནག ཨི་རག་སོགས་སུ་བོད་མི་ནང་པ་དང༌། ཆོས་ལུགས་གཞན་ཁག་གིས་འཐབ་རྩོད་ཐད། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་གོང་མཐོར་གཏོང་རྒྱུ་འཁོད་ཡོད་པ་རེད། དེར་བརྟེན་ཨ་རིའི་གཞུང་གིས་ངེས་པར་དུ་དྲང་བདེན་མིན་པའི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ཁ་གཏད་གཅོག་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

ཡང་ཁོང་གིས་ད་ལྟའི་ཆར་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ལས་བྱེད་ཀྱི་གྲངས་ཚད་ལོངས་ཡོད་པ་མ་རེད། དེ་བཞིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ལོ་ལྟར་ཕྱི་ཟླ་༣པའི་ཚེས་༣༡ཉིན་གྲོས་ཚོགས་ཀྱི་དགོན་འདུན་གཞིར་བཟུང༌། བོད་རྒྱ་འབྲེལ་མོལ་གྱི་གནད་དོན་སྐོར་སྙན་ཐོ་ཞིག་འདོན་སྤེལ་བྱ་འཆར་ཡོད་ཀྱང༌། འདི་ལོར་སྙན་ཐོ་དུས་ཐོག་ཏུ་འགྲེམས་སྤེལ་མ་བྱས་པ་དུས་འགྱང་བྱས་ཡོད་པ་རེད། དེར་བརྟེན་ཨ་རིའི་སྲིད་འཛིན་ཨོ་བྷ་མའི་སྲིད་གཞུང་གིས་བོད་ཀྱི་གནད་དོན་དེ་དག་དང་འགྲོ་བ་མིའི་ཐོབ་ཐང་ངེས་པར་གལ་ཆེན་དུ་བརྩི་དགོས་ཀྱི་འདུག་ཅེས་རེ་སྐུལ་བྱས་འདུག ཤམ་བྷ་ལའི་ཕོ་ཉ།  ཕྱི་ལོ་༢༠༡༠ཟླ་༧ཚེས་༢༩ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།