རྒྱ་ནག་ལ་རྩིས་སྤྲོད་བྱས་འདུག

འདི་ལོ་ཕྱི་ཟླ་༦པའི་འགོ་སྟོད་དུ་བལ་ཡུལ་ཉེན་རྟོག་དམག་མིས་སྐྱབས་བཅོལ་དུ་ཡོང་མཁན་བོད་མི་གསུམ་བལ་ཡུལ་གྱི་ཧིལ་མཱ་ཞེས་པའི་རྫོང་ཁུལ་དུ་འཛིན་བཟུང་བཀག་ཉར་དང༌། དེ་རྗེས་ཐད་འཕུར་གནམ་གྲུ་བརྒྱུད་བོད་མི་གསུམ་པོ་ཕྱིར་སློག་ཐོག བལ་བོད་ས་མཚམས་སུ་ཡོད་པའི་རྒྱ་ནག་གི་སོ་སྲུང་དམག་མིར་རྩིས་སྤྲོད་བྱས་པ་དེར་ཁ་སང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་སྐྱབས་བཅོལ་ལྷན་ཁང་གིས་བལ་ཡུལ་གཞུང་གིས་བོད་མི་རྣམས་རྒྱ་ནག་ལ་རྩིས་སྤྲོད་བྱས་པའི་བྱ་སྤྱོད་དེ་ནི་རྒྱལ་སྤྱིའི་ཁྲིམས་ལ་བརྩིས་མེད་རྒྱབ་འགལ་བྱས་པ་ཞིག་རེད་ཅེས་སྐྱོན་བརྗོད་དྲག་པོ་བྱས་འདུག

བོད་མི་དེ་གསུམ་ནི་ལོ་ན་༢༠ཡིན་པའི་གྲྭ་ཟླ་བ་ཟེར་བ་ཞིག་དང༌། ལོ་ན་༢༡པའི་གྲྭ་རྡོ་རྗེ་ཟེར་བ་ཞིག དེ་བཞིན་ལོ་ན་༢༢ཡིན་པའི་བུད་མེད་བསྟན་ཟེར་བ་བཅས་ཡིན་འདུག་ལ། དེའི་ནང་གྲྭ་གཅིག་དགོན་པར་ཕྱི་ལོག་ཆོག་པའི་ཆོག་མཆན་ཐོབ་ཡོད་པ་ལས། བུད་མེད་དེ་དང་གྲྭ་པ་གཞན་གཉིས་ད་ལྟ་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་ཡོད་འདུག སྤྱིར་བལ་ཡུལ་གཞུང་གིས་ཕྱི་ལོ་༡༩༨༩ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལྷན་ཁང་དབར་སྐྱབས་བཅོལ་དུ་ཡོང་མཁན་བོད་མི་རྣམས་ཀྱི་བདེ་འཇགས་ལ་སྲུང་སྐྱོབས་བྱ་རྒྱུའི་གྲོས་ཆོད་ལ་ས་རྟགས་བརྒྱབ་ཡོད་ཀྱང༌། རིམ་བཞིན་བལ་ཡུལ་གཞུང་གི་ཆབ་སྲིད་འཕོ་འགྱུར་དང་། རྒྱ་ནག་གཞུང་གིས་གནོན་ཤུགས་བཅས་ལ་བརྟེན། ཕྱི་ལོ་༢༠༠༣ནས་བཟུང་སྐྱབས་བཅོལ་དུ་ཡོང་མཁན་བོད་མི་རྣམས་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་ཀྱི་འགོ་བརྩམས་ཡོད་པ་རེད། ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༧ཚེས་༢༩ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།