ཞབས་སོ་བདེ་བར་འཁོད་པ།

བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཁུལ་དུ་མཛད་འཕྲིན་ཁག་ཡོངས་སུ་ལེགས་པར་གྲུབ་ནས། ཟླ་འདིའི་ཚེས་༢༨ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠ཐོག་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང༌། བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཅས་ཀྱིས་གཙོས། དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་ལག་ཏུ་དར་དཀར་དང༌། མེ་ཏོག བདུག་སྤོས་བཅས་ཀྱི་ཕེབས་བསུའི་སྣེ་མོར་གང་ཉིད་རྒྱ་གར་བྱང་ཕྱོགས་བཞུག་སྒར་དྷ་རམ་ས་ལར་ཞབས་སོ་བདེ་བར་འཁོད་ཡོད་པ་རེད། ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༧ཚེས་༢༩ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།