རྒྱ་ནག་གིས་ཨ་རིར་སྐྱོན་བརྗོད།

རྒྱ་ནག་གི་མི་མང་ཉིན་རེ་གསར་འཕྲིན་ཞེས་པའི་ནང༌ཨ་རིའི་ནེའུ་ཡོག་དུས་བབ་གཙོས་པའི་ཕྱི་རྒྱལ་གྱིས་གསར་ཁང་ཚོས་བོད་དང་འབྲེལ་བའི་གནས་ཚུལ་ཁག་ལ་འཁྱོག་བཤད་བྱེད་བཞིན་ཡོད་ལུགས་སྐྱོན་བརྗོད་བྱས་འདུག དེ་ཡང་ཟླ་འདིའི་ཚེས་༢༥ཉིན་ཨ་རིའི་ནེའུ་ཡོག་དུས་བབ་ཞེས་པའི་གསར་འགྱུར་བརྒྱུད་ལམ་དུ། དམིགས་བསལ་རྒྱ་ནག་གི་ལས་བཟོ་བ་གཙོས་པའི་རྒྱ་མི་རིགས་ཚད་ལས་བརྒལ་བ་བོད་ཀྱི་ས་ཁུལ་གང་སར་གནས་སྤོ་བྱེད་བཞིན་ཡོད་པ་དེས།  བོད་མི་རིགས་ཀྱི་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་པའི་སྐོར་བརྗོད་སྐབས། རྒྱ་ནག་གཞུང་འབྲེལ་གྱི་ཁྱབ་རྒྱ་ཆེ་བའི་རྒྱ་ནག་ཉིན་རེ་གསར་འཕྲིན་ཞེས་པའི་ནང༌། ཕྱི་རྒྱལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་བོད་དང་འབྲེལ་བའི་གནད་དོན་ཁག་ལ་ཕྱོགས་ལྷུང་འཁྱོག་བརྗོད་བྱེད་བཞིན་ཡོད་པའི་སྐྱོན་བརྗོད་དང༌།

ཡང་ཁོང་ཚོས་རྒྱ་ནག་དབུས་གཞུང་གིས་ཨ་སྒོར་ཐེ་འབུམ་༣ཙམ་བོད་ནང་དུ་མ་རྩ་གཏོང་འཇོག་བྱས་ཡོད་པ་དང༌། དཔེ་མཚོན་དུ་བརྗོད་ན། བོད་མིའི་བདེ་དོན་དང་འབྲེལ་བའི་བོད་ནང་དུ་མི་ཚང་བརྒྱ་ཆ་༤༠ཐམ་པའི་སྡོད་ཁང་གསར་རྒྱག་གི་ལས་གཞི་ལེགས་འགྲུབ་བྱུང་ཡོད་པ་སོགས་དཔལ་འབྱོར་ཐད་རོགས་རམ་རྒྱ་ཆེ་བྱས་ཡོད་ལུགས་འབྲེལ་བརྗོད་བྱས་འདུག

ཡང་རྒྱ་ནག་གི་བོད་རིགས་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ། ལན་ཞང་མིན་ཟེར་བ་ཞིག་གིས་ནུབ་ཕྱོགས་པའི་གསར་འགྱུར་བརྒྱུད་ལམ་དེ་དག་གིས། ཁྱོག་བཤད་བྱེད་དོན་ནི་ཁོང་ཚོས་བོད་མི་རྣམས་རྒྱ་ནག་གི་མི་སེར་ཡིན་པ་མ་ཤེས་པའི་ཐོག རྒྱ་ནག་གི་སྲིད་བྱུས་ལ་ཤེས་རྟོགས་མེད་པ་ལས་བྱུང་བ་ཞིག་མངོན་གསལ་དོད་པོ་རེད་ཅེས་དང༌། ཡང་ཁོང་གིས་ཕྱོགས་གཞན་ཞིག་ནི་ཉེ་བའི་ལོ་འགའི་ནང་༼ཏཱ་ལའི་ཁ་བྲལ་རིང་ལུགས་པ་ཚོས་༽ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཁྱབ་བསྒྲགས་ཤུགས་ཆེ་བྱས་པའི་རྐྱེན་གྱིས་ཡིན་ཡང༌། གསལ་པོ་ཞིག་ཤེས་དགོས་པ་ནི་རྒྱ་ནག་གཞུང་གིས་འགོ་ཁྲིད་ཚོས་གསར་འགྱུར་བརྒྱུད་ལམ་ཁག་ནས་ལྡོག་ཕྱོགས་ཀྱི་གནས་ཚུལ་རིགས་ལ་མུ་མཐུད་ནས་དག་ཐེར་དང་ལེགས་བཅོས་བྱ་རྒྱུ་ཡིན་པ་རེད་ཅེས་བརྗོད་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༧ཚེས་༢༩ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།