བོད་མི་ཚོགས་མིར་བསྐོས་འདུག

ཟླ་འདིའི་ཚེས་༢༧རེས་གཟའ་མིག་དམར་ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་མངའ་སྡེའི་སྤྱི་ཁྱབ་པ་ལྕམ་སྐུ་ཁི་རི་སི་ཊིན་ལགས་ཀྱིས་ཨ་རིའི་མི་སེར་ཡིན་པའི་བོད་མི་བཀྲ་ཤིས་རྣམ་རྒྱལ་ལགས་ཝ་ཤིན་ཊོན་མངའ་སྡེའི་ཨེ་ཤི་ཡ་ཞི་བདེ་རྒྱ་མཚོའི་ཨ་རི་བའི་ལས་དོན་ཚོགས་ཆུང་གི་ཚོགས་མིར་བསྐོ་གཞག་གནང་ཡོད་པ་རེད།

ལས་དོན་ཚོགས་ཆུང་དེས་ཝ་ཤིན་ཊོན་མངའ་སྡེའི་ནང་ཡོད་པའི་ཨེ་ཤི་ཡ་ཞི་བདེ་རྒྱ་མཚོའི་མངའ་ཁོངས་ཀྱི་ཨ་རི་བ་ཚོའི་བདེ་དོན་ལ་ལྟ་རྟོག་གནང་རྒྱུ་མ་ཟད། ཁོང་ཚོས་གཞུང་གི་འཛིན་སྐྱོང་དང་། ཚོང་དོན། ཤེས་ཡོན་བཅས་ཀྱི་ལས་དོན་ཐོག་མཉམ་བཞུགས་ཡོང་རྒྱུར་མཐུན་འགྱུར་རོགས་རམ་བྱེད་རྒྱུ་དེ་ཡིན་འདུག

ཚོགས་ཆུང་དེ་ཐོག་མར་ཕྱི་ལོ་ ༡༩༧༤ ལོར་གསར་འཛུགས་གནང་བ་ཞིག་ཡིན་པ་དང། སྐུ་ཞབས་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༡ ནས་ཚོགས་ཆུང་དེའི་ནང་དངོས་སུ་ལས་འགན་འགོ་འཛུགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༣༠ བར་ཚོགས་ཆུང་གི་ཚོགས་མིར་བསྐོ་གཞག་གནང་འདུག

སྐུ་ཞབས་བཀྲ་ཤིས་རྣམ་རྒྱལ་ལགས་ནི་ཨ་རིའི་མངའ་སྡེ་སི་ཡཱ་ཊལ་ནང་གནས་སྡོད་བྱེད་མཁན་ཞིག་ཡིན་པ་མ་ཟད། ཝ་ཤིང་ཊོན་བོད་རིགས་ཚོགས་པའི་ཚོགས་གཙོ་ཡང་གནང་མྱོང་ཡོད་འདུག

དེ་བཞིན་ཁོང་རྒྱ་གར་ནང་མི་ལོ་ ༢༦ ཙམ་བཙན་བྱོལ་བོད་གཞུང་གི་ལས་ཁུངས་འདྲ་མིན་ནང་སྲི་ཞུ་སྒྲུབ་མྱོང་ཡོད་པ་དང༌། བལ་ཡུལ་བོད་གཞུང་སྐུ་ཚབ་དོན་གཅོད་ཀྱང་གནང་མྱོང་འདུག་པ་དང་། ཕྱི་ལོ་༡༩༩ལོར་ཨ་རིར་གནས་སྤོ་བྱས་པ་ཞིག་ཡིན་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༧ཚེས་༢༨ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།