ཨ་ལན་ཟླ་བ་སྒྲོལ་མ།

ཟླ་འདིའི་ཚེས་༢༣ཉིན་དེང་རབས་བོད་ཀྱི་གཞས་མ་གྲགས་ཅན་ཨ་ལན་ཟླ་བ་སྒྲོལ་མས།  ཉིན་ཧོང་གི་རྒྱལ་ས་ཁྲོ་ཡོབ་ནང་ཡོད་པའི་ཤི་བྷི་ཡ་བྷུ་ཀ་མུ་ར་ཨོ་ཆཱ་ཌི་ཞེས་པའི་ཚོགས་ཁང་ནང༌། གཞས་སྣ་འཁྲབ་སྟོན་གྱི་མཛད་སྒོ་ཆེན་པོ་ཞིག་ཚོགས་ཡོད་འདུག

འཁྲབ་སྟོན་འདི་ནི་ཨ་ལན་ཟླ་བ་སྒྲོལ་མས་ད་བར་འཁྲབ་སྟོན་བྱས་པའི་ཁྲོད་ནས་སྐད་གྲགས་ཆེ་ཤོས་དང་མི་མང་འདུ་འཛོམས་མང་ཤོས་དེ་ཆགས་ཡོད་པ་རེད།

ཨ་ལན་ཟླ་བ་སྒྲོལ་མ་ལགས་ནི་ཁམས་དར་རྩེ་མདོ་ནས་ཡིན་འདུག་པ་དང༌།   འདི་ལོ་རང་ལོ་༢༣ཡིན་འདུག ཁོ་མོས་རྒྱུན་དུ་བོད་པའི་སྲོལ་རྒྱུན་གྱི་གཞས་དང་ཞབས་བྲོ་འཁྲབ་ཀྱི་ཡོད་པས་མ་ཚད། དེ་མཚུངས་སུ་རྒྱ་གཞས་དང་ཉི་ཧོང་གི་གཞས་དང་ཞབས་བྲོ་འཁྲབ་རྒྱུ་ལའང་ཧ་ཅང་ཕུལ་དུ་བྱུང་བ་ཞིག་ཡིན་འདུག

ཁོ་མོ་ཆུང་དུས་རྒྱ་ནག་པེ་ཅིང་དུ་སྒྱུ་རྩལ་སློབ་གྲྭ་ཞིག་ཏུ་རོལ་དབྱངས་སྐོར་སློབ་སྦྱོང་བྱས་མྱོང་ཡོད་པ་དང༌། ༢༠༠༦ ལོར་ཉི་ཧོང་གི་ཨེ་ལྦེག་སི་ཞེས་པའི་འཁྲབ་སྟོན་སྡེ་ཚན་ནས་རྒྱ་ནག་རྒྱལ་ཡོངས་སུ་གཞས་སྣ་འཁྲབ་སྟོན་གྱི་འགྲན་བསྡུར་ཞིག་གོ་སྒྲིག་བྱས་སྐབས། ཨ་ལན་ཟླ་བ་སྒྲོལ་མར་གཞས་མ་རྩེ་ཕུད་ཀྱི་བྱ་དགའ་ཐོབ་པ་དང༌། ལོ་དེར་ཁོ་མོ་ཉི་ཧོང་དུ་གནས་སྤོ་ཡང་བྱས་ཡོད་འདུག

ཁོ་མོས་ཉི་ཧོང་ནང་ཉི་ཧོང་དང་རྒྱ་སྐད་ཐོག་དེང་དུས་དང་སྲོལ་རྒྱུན་གྱི་གཞས་སྣ་མང་པོ་འཁྲབ་སྟོན་བྱེད་ཀྱིན་ཡོད་སྟབས། ཉི་ཧོང་ནང་གཞོན་སྐྱེས་མང་པོ་ཞིག་གིས་ཁོ་མོའི་གཞས་དང་ཞབས་བྲོ་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་འདུག

དེར་བརྟེན་གསར་འགྱུར་བརྒྱུད་ལམ་ཁག་ནས་ཨ་ལན་ཟླ་བ་སྒྲོལ་མའི་མཚན་སྙན་དེ་ཡང་རིམ་བཞིན་འཛམ་གླིང་ལ་ཁྱབ་འགོ་བརྩམས་ཡོད་པ་རེད། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཟླ་འདིའི་ཚེས་༢༣ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།