བཀའ་ཁྲིའི་གཟིགས་སྐོར།

བཙན་བྱོལ་བོད་གཞུང་གི་དྲ་ཚིགས་སུ་གནས་ཚུལ་སྤེལ་གསལ་ལྟར་ན། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག ཟླ་འདིའི་ཚེས་༡༧ནས་༢༦བར་ཉིན་གྲངས་༡༠ཙམ་རིང་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ནང་བོད་མི་གནས་ཡུལ་གྱི་ས་གནས། སིམ་ལ་དང་། ཌོ་ལན་ཇི། སུན་ཌར་ན་གྷར། མཚོ་པདྨ། མན་ཌིས། ཅོན་ཏ་ར། སྦིར། དེ་བཞིན་བཀྲ་ཤིས་ལྗོངས་སོགས་སུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཡོད་འདུག དེ་ཡང་ཕྱི་ཚེས་༡༩ཉིན་བཀའ་ཁྲི་མཆོག་སིམ་ལ་དང་ཚེས་༢༠ཉིན་ཌོ་ལན་ཇི་བོན་པོ་གཞིས་ཆགས། དེ་བཞིན་ཚེས་༢༡ཉིན་སུན་ཌར་ན་གྷར། དང་མཚོ་པདྨ། དེ་བཞིན་མན་ཌི་བཅས་ས་གནས་སོ་སོའི་བོད་མི་མང་ཚོགས་ལ་བཙན་བྱོལ་བོད་གཞུང་གི་ལྷན་ཁང་ཁག་དང་དབུ་མའི་ལམ་གྱི་སྲིད་བྱུས། དེ་བཞིན་བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་གྱི་གནས་སྟངས་བཅས་ཀྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་འདུག མ་ཚད་བཀའ་ཁྲི་མཆོག་གིས་འབྱུང་འགྱུར་སྐབས་གསུམ་པའི་བཀའ་ཁྲིའི་འོས་བསྡུ་ནང་འོས་ཆོས་ཚང་བའི་མི་མང་ཚང་མས་གལ་ཆེ་དོན་ཆེར་རྩིས་ཏེ་མཉམ་ཞུགས་དགོས་པའི་འབོད་སྐུལ་ཡང་གནང་ཡོད་འདུག སྐབས་དེར་ས་གནས་སོ་སོའི་མི་མང་གི་དྲི་བར་ལན་འདེབས་དང་། ཕྱོགས་མཚུངས་གོང་དུ་ས་གནས་དེ་དག་ནང་ཡོད་པའི་བོད་གཞུང་གི་སློབ་གྲྭ་ཁག་སོ་སོར་ཕེབས་ཏེ་ཤེས་ཡོན་སྐོར་དང་ལྷག་པར་རིག་གཅིག་རྐང་འཛིན་ཐོག་དམིགས་བསལ་སློབ་སྦྱོང་བྱེད་དགོས་སྐོར་གྱི་ལམ་སྟོན་གསུང་བཤད་ཟབ་རྒྱས་གནང་ཡོད་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༧ཚེས་༢༢ཉིན།།
Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།