ཚཌ་ཤོག་རྩ་སྟོང་འགྲོ་རྒྱུ་རེད།

དེང་སང་འཛམ་གླིང་ནང་ཚན་རིག་ཤེས་བྱ་དང༌། དཔལ་འབྱོར་འཕེལ་རྒྱས་ལ་བརྟེན་ནས། བརྙན་འཕྲིན་དང༌། གློག་འཕྲིན་དྲ་རྒྱ། ཁ་པར་བཅས་ཀྱི་བརྒྱུད། གནས་ཚུལ་རྣམས་སྟབས་བདེ་དུས་ཐོག་ཏུ་མཁོ་སྤྲོད་ཐུབ་པ་བཅས་ལ་བརྟེན། མ་འོངས་ལོ་ངོ་བཅུ་ཕྲག་༤ཙམ་གྱི་ནང་ཚགས་ཤོག་བེད་སྤྱོད་བྱེད་མཁན་མེད་པ་ཆགས་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།

ཉེ་ཆར་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་བརྟེན་གཞི་བྱས་ཡོད་པའི་ཕིའུ་ཞེས་པའི་ཉམས་ཞིབ་ལྟེ་གནས་ཁང་ཞིག་གིས་བསམ་ཤོག་གྲངས་བཤེར་བྱས་པ་ལྟར་ན། བསམ་ཤོག་འཕེན་མཁན་གྱི་ཨ་རིའི་མི་གྲངས་བརྒྱ་ཆ་༦༤ཡིས་ཕྱི་ལོ་༢༠༥༠རྗེས་ནས་ཚགས་ཤོག་བེད་སྤྱོད་བྱེད་མཁན་མེད་པ་ཆགས་རྒྱུའི་བསམ་ཚུལ་བརྗོད་ཡོད་ལུགས་འགྲེལ་བརྗོད་ཡོད་འདུག

ཕྱི་ལོ་༢༠༠༨ནས་བརྩིས་པའི་ཨ་རིའི་ནང་ཉུང་མཐའ་ཡང་ཚགས་ཤོག་གསར་ཁང་གྲངས་༡༢༠ཙམ་སྒོ་བརྒྱབ་ཡོད་འདུག་པ་དང༌། ཚགས་ཤོག་གསར་ཁང་ཁག་༦༧ནས་ཁྱོན་ལས་བྱེད་གྲངས་༢༡༠༠༠ཙམ་ལས་མེད་དུ་ཆགས་ཡོད་པའི་གནས་ཚུལ་ཡང་ཐོན་ཡོད་པ་རེད་ཅེས་དང༌།

ཡང་ཁོང་ཚོས་ཁྱེད་ཀྱིས་བསམ་པར་ཚགས་ཤོག་ནི་དགོས་ངེས་ཅན་ཞིག་རེད་དམ། ཁྱེད་ཀྱིས་དེ་སྔོན་ཚགས་ཤོག་ཉོས་པའི་དུས་ཚོད་མཐའ་མ་དེ་ག་དུས་རེད། གལ་སྲིད་ཚགས་ཤོག་མེད་པ་ཆགས་ན་ཁྱེད་རང་བློ་ཕམ་ཡོང་ས་རེད་དམ་ཞེས་དྲི་བ་མང་པོ་ཞིག་དྲིས་ཡོད་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༧ཚེས་༢༡ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།