བུད་མེད་ལྔས་ཁྲིམས་གཏུག

བོད་ནས་འདི་ག་གསར་ཁང་དུ་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་བྱུང་བ་གཞིགས་ན་དེ་རིང་སྟེ་ཟླ་༧ཚེས་༡༤རྩིས་པའི་ཉིན་གསུམ་བཞི་ཞིག་གི་སྔོན་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྐོར་དག་སེལ་ཡོང་ཆེད་ལི་ཐང་ཨོ་ཐོག་གི་བུད་མེད་ལྔ་སྲི་ཁྲོན་ཞིང་ཆེན་གྱི་རྒྱལ་ས་ཁྲིན་ཏུའུ་ལ་ཆེད་བསྐྱོད་བྱས་ཡོད་པ་རེད།
གནས་ཚུལ་ཞིབ་ཕྲའི་གསལ་ཁ་ད་དུང་བྱུང་མེད་རུང་བུད་མེད་ཚོའི་མངོན་འདོད་གཙོ་བོ་ནི། ཁུལ་དེའི་མི་མང་སྤྱི་བྱིངས་ཀྱི་བསམ་འདུན་བཞིན། རིན་པོ་ཆེ་མགྱོགས་མྱུར་གློད་གྲོལ་དགོས་པ་དང༌། ཁྲིམས་བཤེར་གཙང་མ་དགོས་པ། རིན་པོ་ཆེ་རང་ནས་ཉེ་སྔོན་སྲིང་མོ་གཉིས་ཐུག་འཕྲད་སྐབས་སུ་ཁོང་གིས་ངེད་ཀྱིས་རྒྱ་ནག་གི་འབྲེལ་ཡོད་ཚན་པ་ཉི་ཤུ་རྩ་དྲུག་ལ་སྤྱི་ཟླ་༥པའི་ཚེས་འགོར་སྔ་ཕྱི་བར་གསུམ་གྱི་གནས་ལུགས་ཞིབ་རྒྱས་འཁོད་པའི་ཡིག་ཆ་ཞིག་ཕུལ་གྱི་ཡིན།
གསུངས་པ་དེའི་གནས་སྟངས་ཇི་ཆགས། རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཉེ་སྔོན་ཁས་ལེན་བྱས་པ་ལྟར། རིན་པོ་ཆེར་ཆེས་ཚབས་ཆེན་གྱི་སྙུང་གཞི་ཡོད་ན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་བཞིན་བཙོན་པ་ནད་ཅན་ཕྱིར་སྨན་བཅོས་བྱེད་རྒྱུའི་ཆ་རྐྱེན་གསལ་ཡོད་ཅིང༌། དེ་ལྟའི་གནས་བབ་ངེས་པར་སྤྲོད་དགོས་ཀྱི་ཡོད། ཅེས་རེ་བསྐུལ་ཞུ་བཞིན་འདུག་ཟེར། སྐབས་འདིའི་བུད་མེད་ལྔ་ནི། ཨ་ཕ་བུ་མོ། བསམ་སྦོ། རྒྱས་སྦོ། བསོད་ཆོས། བདེ་སྦོ་བཅས་རེད་ཅེས་སེར་སྨད་བློ་དགས་ལགས་ཀྱིས་ངོ་སྤྲོད་གནང་སོང༌། ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༧ཚེས་༡༤ཉིན།
Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༧༢༠༡༠༡༨༥༩
འཆམ་ར་དྲི་མེད་རྒྱལ་མཚན།
ཁམས་ཨོ་ཐོག་གི་བུད་མེད་ལྔས་སྙིང་སྟོབས་དང་།
གོ་རིམ་ལྡན་པའི་ཐོག
རྒྱལ་སྤྱིའི་འགྲོ་སྟངས་དང་མཐུན་པའི་ལས་ལ་ཞུགས་ཏེ་གྱོད་དོན་ཞུ་བཏུགས་གནང་བར་ནི་དགའ་འོས་པ་ཞིག་རེད།

སྤྱིར་བཏང་དགྲ་ནག་གི་མཆེ་སྡེར་དམར་པོའི་བར་ནས་ང་ཚོས་ད་ལྟའི་སྐབས་འདིར་རྒྱལ་ཁ་ཞིག་དཀའ་མོ་རེད་དེ།
གང་ལྟར་དེང་རབས་ཀྱི་རྣམ་པའི་ཐོག་ནས་ཡར་བཞེངས་སྟངས་འདི་ངོ་མ་དགའ་དགོས་པ་དང་།
ཡོད་དགོས་པ་ཞིག་རེད་སྙམ་ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།



བརྗོད་གཞི་གཞན་ཁག་ལ་གཟིགས།