ཤམ་བྷ་ལ་སླར་མི་ཡུལ་དུ་ཕེབས་པར་འཚམས་འདྲི་ཞུ།

ཤམ་བྷ་ལ་སླར་ཡང་མི་ཡུལ་དུ་བྱོན་ཐུབ་པ་འདི་སྐུ་འོས་རྩོམ་སྒྲིག་པ་དང་ལས་མི་ལྷན་རྒྱས་ཀྱི་སྐུ་ལས་དང་། ཟིན་བྲིས་པ་དང་མཆན་པ་ཚོའི་བསོད་ནམས་བཅས་ལ་རྟེན་ནས་ཕེབས་པ་ལོས་ཡིན། ཤམ་བྷ་ལ་གནས་འདི་ནས་ཁ་བྲལ་སྟེ་ཟླ་ངོ་འདི་དག་གི་རིང་ལ་རྩོམ་སྒྲིག་པ་དང་ལས་མི་ཁག་ཅིག་ལ་སྒོ་བརྡུངས་དང་དྲི་རྩད་སོགས་ཡང་བྱས་ཏེ་སུན་པོ་བཟོ་དགོས་བྱུང་སོང།

དེ་ནི་ཁྱེད་མཁོ་དགོས་ཆེ་བའི་དུས་སྐབས་ཞིག་ལ་མེད་པ་གྱུར་སོང་བའི་རྐྱེན་ཡིན། གལ་གནད་ཆེ་བའི་དུས་སྐབས་ཏེ་གཞིས་བཞུགས་སྤུན་ཟླ་རྣམས་ཀྱི་སྐུ་ལུས་ལ་དམར་ལྷང་ལྷང་གི་མེ་ལྕེ་མཆེད་བཞིན་ཡོད་ལ་རྒྱ་རྒན་ཁག་ཅིག་འཛམ་གླིང་གི་མདུན་དུ་གདོང་ལ་བཙན་གྱི་འཛུམ་མདངས་བསུ་ནས་ཕྱིར་ཕེབས་སོང་།

ད་དུང་ཨོ་བྷ་མས་སླར་ཡང་སྲིད་སྟེགས་ཐོག་ཕེབས་ནས་བོད་མི་ཉམས་ཆུང་ཚོའི་གནས་སྟངས་ལ་ཟུར་ཙམ་སླེེང་སློང་མེད་པའི་ཁར་ཁྲོམ་ར་ཉམས་ཆགས་དང་དཔལ་འབྱོར་ཉམས་རྒུད་སོགས་ཐུགས་ལ་བརྣག་ནས་འདོད་ཡོན་ཁོ་ནར་རྔམ་ནས་རྒྱུགས་སོང་། གནས་ཚུལ་འདི་གསུམ་ནི་ཆེས་གལ་གནད་རང་བཞིན་ཅན་གྱི་གནས་ཚུལ་ཞེས་ཡིན་ནའང་ཤམ་བྷ་ལའི་ཞིང་དུ་སྙན་སྒྲོན་ཞུ་རྒྱུའི་སྐལ་བ་རྙེད་མ་སོང།

ད་ནི་མིག་ཆུ་བར་མེད་དུ་བཞུར་བཞིན་དུ་སྙན་སྒྲོན་ཞུ་རྒྱུའི་སྐལ་བ་གཅིག་ཡོད་པ་དེ་ནི་འབར་བཞིན་པའི་སྤུན་ཟླ་རྣམས་ཀྱི་སྐུ་ལུས་ལས་མཆེད་པའི་མེ་ལྕེའི་གནས་ཚུལ་དང་མ་ཎིའི་དབྱངས་རྟ་སོགས་རེད། བོད་མི་རིགས་ཀྱི་བདེན་དོན་མ་བསལ་བར་དུ་ཞིང་འདིར་གཏམ་ངན་རྐྱང་རྐྱང་སླེང་དགོས་ཀྱང་། ཤམ་བྷ་ལ་ཁྱེད་དེ་རིང་ནས་གཟུང་གནས་འདི་ནས་གཏན་དུ་ཁ་མི་བྱེས་པའི་ངས་གསོལ་བ་འདེབས་རྒྱུ་ཡིན།

ཟིན་བྲིས་པ་དང་མཆན་པ་མཐུན་མོང་གིས་བརྟན་བཞུགས་ཤིག་འབུལ་དགོས་ཀྱང་ངལ་བ་མི་རྟེན། མ་གཞི་ཁྱེད་གནས་འདིར་སླར་ཕེབས་པར་དགའ་བསུའི་སྤྲོ་སྐྱིད་དང་གླུ་གར་སོགས་ལ་རོལ་དགོས་ཀྱང་ད་ཆར་སྤུན་ཟླ་བཅུ་ཕྲག་མང་པོའི་གཅེས་པའི་ཚེ་སྲོག་མེར་སྒྲོན་ནས་མི་རིགས་ཀྱི་བདེ་སྡུག་རྩོད་བཞིན་པའི་དུས་སྐབས་འདིར་ཁ་དགོད་ཀྱང་ཁོག་ལ་སྤྲོ་སྣང་ཞིག་དང་གདོང་ལ་འཛུམ་མདངས་ཤིག་ཡོང་ཐབས་མེད་པའི་དགོངས་དག་ཞུ།

ཁྱེད་ཕེབས་པར་མཚམས་འདྲི་བཀྲིས་བདེ་ལེགས་གྲངས་མེད་ཞུ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
གཙང་མེ་ལྕེ་ལགས། གངས་རིའི་རྩེ་མོར་ཆུ་སྐྱེས་པདྨ་དཀར་པོ་ཤར་བ་ག་ལ་སྲིད།?
གངས་རི་རྭ་བས་ཀུན་ནས་སྐོར་བའི་དབུས་སུ་ཆུ་སྐྱེས་ཏེ་འདབ་བརྒྱད་པདྨ་དཀར་བའི་ལོ་འདབ་ཀྱི་རྩ་བ་དག་ལ་བརྟེན་པའི་ལྷ་དང་ལྷ་མོ་དག་གིས་སྤྲོ་དགའ་ངོམས་ཀྱིན་མཉམ་དུ་བསུ།



བརྗོད་གཞི་གཞན་ཁག་ལ་གཟིགས།