ཆོས་བརྡ་གསལ་སྒྲགས།

༄༅། །གངས་ལྗོངས་རིས་མེད་རྒྱལ་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་དང་མཁན་པོ་སློབ་དཔོན།དགེ་བཙུན་འདུས་པ་རྒྱ་མཚོའི་སྙན་ལམ་དུ། རི་བོ་དགེ་ལྡན་པའི་སྐྱེས་མཆོག་སོག་པོ་ཐོ་ཡོན་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་གྱིས་ཕྱོགས་བསྒྲིགས་བསྐྱངས་པའི་དབང་བརྒྱ་ནོར་བུའི་ཕྲེང་བའི་བཀའ་དབང་རྣམས་བར་ལམ་དགེ་ལྡན་ཕྱོགས་ལ་ཆེས་དཀོན་པར་བརྟེན་བསྟན་རྒྱུན་འཛིན་སྤེལ་གྱི་སྲི་ཞུར། སྨན་སླད་ཐེག་ཆེན་འཛིན་སྐྱོང་སྤེལ་བའི་ཆོས་ཚོགས་ནས་མཐུན་སྦྱོར་ཐོག་གཙོ་འཛིན་ཐུབ་བསྟན་བཟོད་པ་རིན་པོ་ཆེ་མཆོག་དང་སེར་བྱེས་བྲག་རི་རིན་པོ་ཆེ་རྣམ་གཉིས་ནས་འཁོན་རིགས་བསྟན་པའི་གཙུག་རྒྱན་རིག་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་དཔལ་ས་སྐྱ་གོང་མ་བདག་ཁྲི་རྡོ་རྗེ་འཆང་ཆེན་པོར་རིང་ནས་གསོལ་བ་ཕུར་ཚུགས་སུ་བཏབ་པ་བཞིན་ཕྱི་ལོ་༢༠༠༩དང་ ༢༠༡༠བཅས་པར་དབང་ཆེན་རྣམས་རིམ་སྩལ་བཀའ་དྲིན་ཆེ་བ་བཞིན་བཀའ་དབང་གི་འཕྲོ་རྣམས་རིང་མིན་ཕྱི་ལོ་༢༠༡༢ལོའི་ཟླ་ ༤ ཚེས་ ༥ནས་ཕྱི་ཟླ་ ༥ ཚེས་ ༣བར་བྱེས་ཀྱི་དཔལ་ས་སྐྱ་པའི་གདན་ས་འཕགས་ཡུལ་ཌེ་ར་ཌུན་གཙུག་ལག་ཁང་དུ་བཀའ་དྲིན་ཆེ་རྒྱུའི་བཀའ་བཞེས་ཐོབ་པ་བཞིན་ཐུགས་སྣང་དོན་གཉེར་ཅན་རྣམས་ཀྱིས་དགོངས་འཇགས་མཁྱེན་ཞུའི་ཆོས་བརྡ་གསལ་བསྒྲགས་སུ།། གསུང་ཆོས་གོ་སྒྲིག་ཞབས་ཞུ་བ་ཟུང་ནས་ཕྱི་ལོ་༢༠༡༢ ཟླ་ ༢ ཚེས་ ༡༠ལ།། ཡོངས་ཁུངས་བོད་ཀྱི་དུས་བབ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།