གསེར་རྟའི་ཞི་རྒོལ་གནས་ཚུལ་རགས་བསྡུས།

༢༠༡༢ལོའི་ཟླ་༡བོའི་ཚེས་༡༦ཉིན་གསེར་རྟ་རྫོང་ཞོ་རོགས་སྡེ་བའི་གྲྭ་ཏེས་པ་དང་ཉི་སྣང་གཉིས་ཀྱིས་ཁྲོམ་དཀྱིལ་དུ་ཞི་བའི་སྐད་འབོད་དང་བསྒྲགས་ཡིག་གཏོར་བའི་གནས་ཚུལ་བྱུང་འདུག ཏེས་པ་ལོ་ན་༡༦དང་ཉི་སྣང་ལོ་༢༡ཡས་མས་རེད་ཟེར། ཁོང་གཉིས་ཀྱིས་ལྷག་བསམ་དང་སྤོབས་པ་ཁུར་ནས་གསེར་རྟའི་ཐང་ཆེན་གྱི་གཏེར་རྟའི་སྔུན་ནས་ལྷ་རྒྱལ་ལོ་དང་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཅེས་སྐད་འབོད་དང་རླུང་རྟས་བར་སྣང་བཀང་བར་བྱས།

དེ་མུར་ས་གནས་ཉེན་རྟོག་པས་འཛིན་བཟུང་དང་གནམ་བོའུ་བྱས་པར་ཉེ་འཁོར་གྱི་བོད་མི་མཉམ་རུབ་ ཀྱིས་སྐད་འབོད་ངོ་རྒོལ་ཁྲོད་གྲྭ་ཆུང་གཉིས་པོ་གཉེན་རྟོག་པའི་ལག་ནས་ཕྱིར་ཕྲོག་ཐུབ་པ་ཙམ་བྱུང་འདུག ཡིན་ན་ཡང་དེ་ནས་བཟུང་ཉེན་རྟོག་པའི་ལྟ་རྟོག་ཇེ་ནན་དང་ཕྱོགས་གང་སར་དྲག་ཆས་དམག་དང་ཉེན་རྟོག་པ་འགྲེམ་འཛུགས་བྱས་ཏེ་ས་གནས་མང་ཚོགས་ཀྱི་རང་དབང་ལ་ཚད་བཀག་བཟོས་འདུག ཟླ་དེའི་ཚེས་༡༨ཉིན་སླར་ཡང་གསེར་རྟ་རྫོང་ཕུ་འུ་ཡུལ་ཚོའི་ནང་དུ་ཡང་རླུང་རྟའི་རྒྱབ་ངོས་སུ་བོད་དར་དང་དེའི་མཐའ་སྐོར་དུ་༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ཁྲི་ལོ་ཤོག རྒྱ་དགའ་མ་ལ་ངོ་ཚ་མེད། བོད་རྒྱལ་ལོ།། སོགས་བྲིས་འདུག་པའི་བསྒྲགས་ཡིག་གང་སར་གཏོར་འདུག

དེ་བཞིན་མདང་ནུབ་སྟེ་རྒྱ་ནག་མི་མང་གི་གདོང་ལ་འཛུམ་གྱིས་ཁེངས་ཏེ་ལོ་སར་བསུ་བའི་དུས། བོད་ལ་སྡུག་གི་ཁུར་བོ་ཇེ་ཆེ་ནས་ཇེ་སྡུག་ཡིན་པའི་དེ་རིང་། ཟླ་༡བོའི་ཚེས་༢༢ཉིན་གསེར་རྟ་རྫོང་གསེར་རྟའི་ཐང་ཆེན་གྱི་ཉེ་ལོགས་ནས་ཤོལ་སྟོད་མའི་དོན་ཡོད་ཉི་མ་དང་ཤོལ་སྨད་མའི་དགེ་འདུན་གཉིས་ཀྱིས་བོད་རྒྱལ་ལོ་ཞེས་སྐད་འབོད་ཅིག་བྱས་པར་ཉེན་རྟོག་པས་འཛིན་བཟུང་གཅར་རྡུང་དྲག་པོ་བཟོས་པས། དོན་ཡོད་ཉི་མའི་ལག་གཡས་བཅག་འདུག་སྐད། གཅར་རྡུང་བྱས་པའི་བདེན་རྟགས་ཀྱི་པར་ཞིག་མཁོ་འདོན་བྱས་པ་ནི་ དེ་མིན་གསེར་རྟའི་སྲང་མདོ་ཞིག་ནས་སུ་ཡིན་ཤེས་རྟོགས་མ་བྱུང་བའི་ན་གཞོན་ཞིག་གིས་ཀྱང་བསྒྲགས་ཡིག་མང་བོ་གཏོར་འདུག བསྒྲགས་ཡིག་གི་མ་ཟིན་ཞིག་ལག་སོན་བྱུང་བ་དེ།    ཚེས་༢༣ཉིན་ཡང་ས་གནས་བོད་རིགས་མང་ཚོགས་གསེར་རྟ་ཐང་ཆེན་དུ་འདུ་འཛོམས་ཀྱིས་རྒྱ་ནག་གི་གཡོ་ལྷུང་སྲིད་བྱུས་ལ་ངོ་རྒོལ་དང་སྐད་འབོད་བརྒྱབ་འདུག དེའི་ཟུར་དངོས་ཀྱི་བརྙན་པར་ཐུང་ངུ་ཞིག་ཡོད་པ་དེ་ལོགས་སུ་བཀར་ནས་བསྐུར་བ་ལས་པར་རིས་ལྟར་སྐུར་མ་ཐུབ། ༢༠༡༢ལོའི་ཟླ་༡བོའི་ཚེས་༢༤སྟེ་གཟའ་མིག་དམར་ཉིན་གྱི་ཉིན་གུང་དེ་གསེར་རྟ་རྫོང་དུ་མི་གཉིས་དམར་གསོད་བཏང་འདུག་ཟེར། གཅིག་གི་མིང་ལ་པོ་པོ་དང་ཅིག་ཤོས་དེའི་མིང་གསལ་བོ་ཞིག་ཤེས་མ་སོང་ཡང་། གོ་ཐོས་ལྟར་ན་པོ་པོ་ནི་ལོ་༣༥ཡས་མས་དང་ཁོང་ལ་ཕ་མེད། མའི་མིང་ལ་དགེ་སྒྲོན་ཟེར། ཁོའི་ཁྱིམ་གྱི་བུ་ཆེ་བའི་མིང་ལ་ཀུན་བཟང་ཟེར། ཁོང་དེ་མུར་དམར་གསོད་བཏང་བ་དང་བསེར་བ་ཡང་གོ་ནས་ཡིན་པ་ཁོང་ཡང་རྨས་ཤིན་ཏུ་ལྕི་བས་ཤི་འགྲོ་ས་རེད་ཟེར།

དེ་མིན་ཤོལ་ཐལ་སྡེ་བའི་མི་ཞིག་ལ་མེ་མདས་དྲུག་བདུན་ཙམ་བརྒྱབ་འདུག་པས་རྨས་ཤིན་ཏུ་ལྗི་འདུག ཀོའུ་རྩ་སྡེ་བའི་ཀུན་དགའི་ཕྲག་སྟེང་དུ་མེ་མདའ་བརྒྱབ་འདུག གཞན་སྐྱེས་མ་ཞིག་གིས་བརླ་བཅད་འདུག གསེར་རྟ་རྫོང་ཉེན་རྟོག་རུ་ཁག་གི་གཙོ་འཛིན་གྱིས་བཀོད་འདོམས་འོག དྲག་ཆས་དམག་དང་ཉེན་རྟོག་པ་སོགས་ཕྱོགས་སུ་བཀོད་སྒྲིག་འོག་ཡར་ལངས་ཁྲོད་ཀྱི་བོད་མི་༤༠ཡས་མས་འཛིན་བཟུང་བྱས་ཤིང་ད་ལྟ་རྫོང་གྲོང་གི་ཕྱོགས་སོ་སོར་དམག་མི་འགྲེལ་འཇོག་གིས་བོད་མི་གཅིག་ཀྱང་རང་མོས་ཀྱིས་ཕྱི་རུ་འགྲོ་མི་འཇུག་པར་དྲག་གནོན་འོག་ལུས་ཡོད་ཟེར། ད་དུང་གོ་ཐོས་ལྟར་ན། ཕྱི་དྲོར་ཡང་བོད་མི་གསུམ་དམར་གསོད་བཏང་འདུག་ཟེར།

ལ་ལས་བཤད་ན་དེ་ནི་བདེན་པ་མ་རེད་ཟེར།ཡང་ཁ་རེས་ཐག་ཆོད་པོས་བཤད་རྒྱུར་ཉིན་གུང་མི་གཉིས་དང་ཕྱི་དྲོར་མི་གསུམ་དམར་གསོད་བྱས་པ། མ་ཚད་མུན་རུབ་ཁར་ཡང་མི་གཅིག་བསད་སོང་། གྲོང་ཁྱེར་གྱི་སྲང་ལམ་དག་བོད་མི་དམར་གསོད་དང་རྨས་ཤུལ་ལས་བཞུར་བའི་ཁྲག་དམར་གྱིས་ཁ་དོག་བསྒྱུར་ཅིང་གཡས་གཡོན་གྱི་དཀར་དྲ་སོགས་མེ་མདས་བརྒྱབ་པས་བཅག་དཀྲུགས་བྱས་འདུག ཚུལ་དེ་དག་མཐོང་དུས་ཚང་མ་བསད་ཚར་ལོས་ཡོད་སྙམ་པའི་འཇིགས་སྐྲག་གི་སྣང་བ་སྟེར་ཡོང་ཟེར། ཁར་སང་དེ་རིང་ནང་གི་བོད་མིའི་སྐད་འབོད་ཀྱི་ནང་དོན་དེ་གཙོ་བོ་རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན་ཟེར་བ་དེ་དང་བོད་ལ་རང་དབང་མི་འདུག་ཟེར་བ་དག་རེད་ཟེར། སྐད་ཆ་དེ་དག་གི་ཕ་ཡུལ་གསེར་རྟའི་ཡུལ་མི་དག་གིས་ཁ་པར་བརྒྱུད་ནས་གོ་ཐོས་བྱུང་བའི་གནས་ཚུལ་རེད། ད་དུང་མུ་མཐུད་དུ་ཡ་ང་འཇིགས་གཡེར་བའི་གནས་ཚུལ་བྱུང་དང་འབྱུང་བཞིན་པའི་སྒང་ཡིན།

བྲག་འགོ་ནས་༢༠༡༢ལོའི་ཟླ་༡བོའི་ཚེས་༢༣ཉིན་མི་གཅིག་དམར་གསོད་བཏང་ཞིང་གཅིག་རྨས་ཤིན་ཏུ་ལྗི། དེ་མིན་ཧ་གོ་ངོ་མར་མི་༣༢རྨས་འདུག གཞན་ད་དུང་མང་བོ་ཞིག་རྨས་འདུག་ཁོ་ཐག་རེད་ཀྱང་རྒྱ་མིས་དྲག་གནོན་ལ་སྐྲག་ནས་ཕྱིར་མི་མངོན་པར་གནས་ཡོད་ཟེར།

གངས་སྐྲ་ནས་༢༠༡༢ལོའི་ཟླ་༡བོའི་ཚེས་༢།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།