མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན།

མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་ལ། མཐུན་སྒྲིལ་ནི་ཆ་མཐུན་གྱི་གཞི་མ་ཡང་ཡིན། མཐུན་སྒྲིལ་མེད་ན་སྟོབས་་ཤུགས་མེད་ལ། ཆ་མཐུན་ཞིག་ཀྱང་འབྱུང་བའི་གནས་མི་འདུག    དཔེ་ཞིག་བཞག་ན།   མདའ་ཆིང་གཅིག་གིས་བཅིངས་པའི་གནམ་ལྕགས་གི་མདའ་མོ་གསུམ་བཅག་པར་བྱེད་དགོས་ན་ཐབས་ཤེས་དང་སྟོབས་ཤུགས་ཆེན་པོ་ཞིག་ལ་མ་བརྟེན་པར་བཅག་པར་བྱེད་མི་ནུས་ལ།

མདའ་ཆིང་གྲོལ་བའི་མདའ་མོ་བརྒྱ་ཡོད་ན་ཡང་མི་ཕལ་བ་ཞིག་གིས་ཀྱང་ལས་ལྷ་མོའི་ངང་ནས་བཅག་ཐུབ་པ་ལྟ་བུ་རེད།   དེ་ཡང་།  མདའ་ཆིང་གིས་བཅིང་བའི་མདའ་མོ་རྣམས་རྩལ་དང་ཐབས་ཤེས་གང་དྲག་ཞིག་ལ་མ་བརྟེན་པར་ལས་ལྷ་མོའི་ངང་བཅག་མི་ཐུབ་པ་དེ་ཁོ་ཚོའི་ནུས་པ་རྣམས་ཕྱོགས་གཅིག་ཏུ་ཡོད་པས་མདའ་རེ་ལ་མདའ་གསུམ་གྱི་ནུས་པ་ལྡན་ཡོད་པས་རེད།  མདའ་ཆིང་གྲོལ་བའི་མདའ་མོ་བརྒྱ་ཡོད་ཀྱང་མི་ཕལ་བ་ཞིག་གིས་ལས་ལྷ་མོའི་ངང་བཅག་ཐུབ་པ་ནི་ཁོ་ཚོའི་ནུས་པ་རྣམས་ཆིག་སྒྲིལ་མ་ཡིན་པས་མདའ་མང་ཡང་མདའ་གཅིམ་གི་ནུས་པ་མ་གཏོགས་མེད་པས་མི་ཕལ་བ་ཞིག་གིས་ལས་ལྷ་པོའི་ངང་བཅག་ཐུབ་པ་རེད།

འཆོལ་གསུམ་གྱི་ཕུ་ནུ་མིང་སྲིང་ཚོ།  ང་ཚོའི་བར་གྱི་མཐུན་སྒྲིལ་ནི་ཡིད་བཞིན་ཀྱི་ནོར་བུ་ལས་ཀྱང་རིན་ཐང་ཆེ་བརའདུག   ང་ཚོ་ས་ཕྱོགས་མི་འདྲ་བ་གང་དུ་ཡོད་ན་ཡང་ང་ཚོ་བློ་སེམས་ཆིག་སྒྲིལ་དང་།   ཕན་ཚུན་ཡིད་ཆེས་ཀྱི་ངང་ནས་མ་འོངས་པའི་ཕུག་འདུན་འཚོལ་དུ་འགྲོ། ཡིད་སྐྱོ་བ་ཞིག་ལ་ང་ཚོའི་བར་གྱི་མཐུན་སྒྲིལ་ལ་དངོས་སམ་རྒྱུད་ནས་གཏོར་གཤིགས་གཏོང་མཁན་གྱི་ཁྲེལ་མེད་ཁྱུ་གཅིག་འདུག་པ་འདི་ཚང་མས་ཤེས་ནས་མཛའ་མཐུན་ལ་ཧུར་བརྩོན་བྱེད་དགོས་པ་འདི་ང་ཚོ་ཚང་མས་ཤེས་དགོས་རྒྱུ་གར་ཆེན་པོ་ཞིག་རེད་འདུག

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༢༠༢༠༡༥༠༢༡༢
༄།བར་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བདེན་རྫུན་དབྱེ་འབྱེད་མི་ཤེས་མཁན་བོད་མི་ཀླད་མེད་འགའ་ཞིག་གིས། གཟུར་གནས་སེར་སྐྱ་མི་དམངས་རྨོངས་སུ་འཇུག་ཆེད། བོད་ཀྱི་རྩ་དོན་ཁུར་དུ་འཁྱེར་བའི་ལྷ་བསམ་དང་ཕྱོགས་ལྷུང་མེད་པའི་ཤེས་འཇོན་གཉིས་ལྡན་གྱི་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་སྐབས་བཞི་པའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ཁུངས་ལུང་གཞི་རྩ་མེད་པའི་སྐྱོན་བརྗོད་ཀྱི་ཡིག་ཆ་འདྲ་མིན་དང་། གཏམ་འཆལ་སྣ་ཚོགས་འགྲེམས་སྤེལ་བྱེད་བཞིན་པ་འདི་ནི་དགྲ་དགའ་གཉེན་སྡུག་དགོས་པ་ཞིག་རེད་སྙམ།



བརྗོད་གཞི་གཞན་ཁག་ལ་གཟིགས།