ང་དང་མི་ཚོ།

མི་ཚོ་སྐྱེ་གཟུགས་ལ་དུང་གི།
ང་ནི་གཤིས་བཟང་ལ་སྨོན་གྱི།།
ང་དང་ཁོང་ཚོ་གཉིས་བརྩད་དེ།།
ཕམ་ཁ་ང་རང་ལ་སྤྲད་སོང་།།
 
མི་ཚོས་འཇོན་ཐང་རང་གླེང་གི།
ང་ནི་ཁྲེལ་གཞུང་རང་བསམ་གྱི།།
ཁྲེལ་དང་འཇོན་ཐང་གཉིས་བརྩད་དེ།།
རྒྱལ་ཁ་འཇོན་ཐང་གིས་ཁྱེར་སོང་།།
 
མི་ཚོས་དེང་རབས་རྐྱང་བསྟོད་ཀྱི།།
ངས་ནི་རིག་གཞུང་འདྲ་དྲན་འདུག།
གནའ་རབས་དེས་དུས་དང་རྩོད་དུས།།
མཐེ་མོ་དེང་རབས་ལ་བསྒྲེངས་སོང་།།
 
མི་ཚོས་རྒྱུ་ནོར་རང་གསོག་གི།
ངས་ནི་བདེ་སྐྱིད་རང་འཚོལ་འདོད།།
བདེ་སྐྱིད་རྒྱུ་ནོར་དང་རྩོད་དུས།།
གྱོང་གུད་ང་རང་ལ་རག་སོང་།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༣༡༢༠༡༨༢༠༢༥
ངག་དབང་ནོར་བུ།
༄༅། "ང་ཚོ་གཉིས་"ཞེས་ལབ་པ་ཡིན་ན་བཤད་སྟངས་ནོར་བ་རེད་དམ། ཡང་ན་"ང་ཉིད་གཉིས། ཡང་ན་ང་གཉིས་"ཞེས་ལབ་ན་ནོར་བ་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།