བཀའ་ཁྲིའི་སྐོར་རྒྱ་རིགས་ཚོས་དོ་སྣང།།

བཀའ་བློན་ཁྲི་པའི་འདེམས་བསྐོ་ཆེན་མོ་ལ་རྒྱ་ནག་ཏུ་ཡོད་པའི་རྒྱ་རིགས་མཁས་དབང་ཚོས་དོ་སྣང་དང་།    དཔྱད་བརྗོད་སྤེལ་བཞིན་ཡོད།  ཉེར་དུས་སྦེལ་ཀོབ་ཏུ་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་བསྐོངས་ཚོགས་བྱས་ཤིང།
༧གོང་ས་མཆོག་ཆེད་ཕེབས་ཀྱིས་མང་གཙོའི་ལམ་དུ་བསྐྱོད་ནས་བགྲང་བྱ་ལྔ་བཅུ་འཁོར་བའི་དུས་དྲན་གཟི་བརྗིད་དང་ལྡན་པ་ཞིག་བསྲུངས་བརྩི་བྱས་ཡོད།
སྐབས་དེ་དང་བསྟུན་ནས་སྦེལ་ཀོབ་ཏུ་དང་བླངས་རུ་ཁག་ཞིག་གི་འབྱུང་འགྱུར་གྱི་བཀའ་ཁྲི་སུ་ལ་འོས་མིན་གྱི་ཐད་དུ་མང་ཚོགས་ལ་གོ་རྟོགས་ཆེད་སྤེལ་གྱིས་ཕྱི་ལོ་ ༢༠༡༡ ལོའི་བཀའ་ཁྲིའི་བགྲོ་གླེང་ཆེན་ཞེས་པ་ཞིག་གོ་བསྒྲིགས་འཐུས་ཚང་བྱས་ཡོད་འདུག།
བགྲོ་གླེང་པའི་གྲས་སུ་བཅར་མཁན་གྱི་འོས་མི་བཞི་པོས་སོ་སོའི་འབྱུང་འགྱུར་གྱི་ལས་འཆར་དང།
གཞི་རིམ་གྱི་ལྟ་གྲུབ་བཅས་གསལ་བཏོན་བྱས་པ་མ་བྱས་པ་ཇི་སྙད་ཅིག་བྱུང་བས་མང་ཚོགས་ཀྱིས་རྣམ་པ་འདྲ་མིན་གྱི་སྒོ་ནས་རྒྱབ་བསྐྱོར་བྱས་ཡོད།                བགྲོ་གླེང་དེ་བཙུགས་ནས་དུས་ཚོད་རིང་མིན་གྱི་ནང་དུ་རྒྱ་ནག་ཏུ་ཡོད་པའི་རྒྱ་རིགས་མཁས་དབང་ ༼ཝང་ལི་ཞུང་༽གིས་རྩོམ་ཡིག་ཞིག་སྤེལ་ཡོད།         ཁོང་གིས་བརྩམས་པའི་དཔྱད་བརྗོད་དེའི་ནང་དུ་འདི་ལྟར་བྲིས་འདུག།
བཙན་བྱོལ་ནང་དུ་བཀའ་བློན་ཁྲི་པའི་འོས་འདེམས་ཀྱི་ཆེད་དུ་འགྲན་རྩོད་ཧ་ཅང་གི་ཆེན་པོ་བྱེད་བཞིན་ཡོད།          འདི་ལོའི་བཀའ་ཁྲི་དེ་ནི་རླབས་ཆེན་གྱི་གསར་གཏོད་པ་ཞིག་ཡིན་དགོས་ཞེས་དང།      ཡང་ཁོང་གིས་བཙན་བྱོལ་གཞུང་མང་གཉིས་ད་དུང་མུ་མཐུད་ནས་བཙན་བྱོལ་དུ་གནས་འདོད་ཡོད་ན།       བཀའ་ཁྲི་དེ་ཉམས་མྱོང་ཅན་ཞིག་དགོས།              དེ་མིན་ན་དེང་དུས་ཀྱི་ཤེས་ཡོན་པ་དང།       གསར་གཏོད་པ་ཞིག་ཡིན་དགོས་བྲིས་ཡོད།    ༽
ཡང་༧གོང་ས་མཆོག་གིས་འདི་ལོའི་ཚོགས་ཆེན་གྱི་མཇུག་བསྡོམས་གསུངས་བཤད་ཀྱི་ནང་དུ།


ངོས་རང་ད་ལྟ་ཕྱེད་བགྲེས་ཡོལ་ཡིན་ཞེས་པ་དེ་ཁ་ཞེ་གཉིས་མེད་ཡིན།        དོན་དངོས་ཐོག་ཏུ་ལས་འགན་ཚང་མ་བཀའ་བློན་ཁྲི་པ་རང་གིས་འཁུར་གྱི་ཡོད།               མ་ཟད་ངས་འཁུར་དགོས་ཀྱི་མི་འདུག་མི་ཡར་ཐོན་ཡོང་མཁན་ཚོས་འགན་ཆ་ཚང་འཁུར་ཐུབ་ཀྱི་རེད་ཅེས་བཀའ་བསྩལ་ཡོད།
ལྷོ་ཕྱོགས་ནས་ལི་ཐང་ཕུན་བཀྲ་ཡིས་ཕྱི་ལོ་  ༢༠༡༠ ཕྱི་ཟླ་ ༩ པའི་ཚེས་ ༢༤ ཉིན་སྤེལ།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ཝ་ལི་ཞུན་གྱིས་བཤད་པ་དེ་བདེན། ང་ཚོ་མི་མཐུད་དེ་བཙན་བྱོལ་ལ་བསྡོད་དགོས་ན་ཤེས་ཡོན་རྒན་པ་ཟེར་ནའ་འདྲ། གང་ཉམས་མྱོང་ཅན་ཞིག་བཀའ་ཁྲི་འཚོལ་དགོས་ཀྱི་རེད་ལ་བཀའ་ཁྲི་འོས་མི་རུ་ཡང་ལངས་དགོས།
འོན་ཏེ་ང་ཚོར་གསར་གཏོད་ཀྱི་སྙིང་སྟོབས་དང་མདུན་བསྐྱོན་གྱི་སྤོབ་པ་ཡོད་པའི་དེང་དུས་ཤེས་ཡོན་པ་ཞིག་བཀའ་ཁྲི་འདེམ་ཐུབ་ན་ད་གཟོད་
གོང་ས་མཆོག་གིས་གསུང་པ་ལྟར་ཡར་ཐོན་ཡོང་མཁན་ཚོས་འགན་ཆ་ཚང་འཁུར་ཐུང་ཀྱི་རེད་ལ་མ་འོངས་བོད་དེ་ཡང་སྔོན་ཐོན་ཞིག་ཆགས་པའི་རྨངས་འདེང་ནུས་པ་རེད། དེ་ནི་བོད་ནང་གི་ཞོགས་དུང་སོགས་གཙོས་པའི་ན་གཞོན་ཀུན་གྱི་རེ་བ་རེད།
ད་གཟོད་གཞི་ནས་འུ་ཚོས་ཚ་ཚ་འུར་འུར་དུ་བཀའ་ཁྲི་འགྲན་བརྩོད་བྱས་པའི་དོན་འབྲས་ཀྱང་སྨིན་སྲིད།
འོན་ཏེ་བཀའ་ཁྲི་འོས་མི་ལངས་མཁན་ཚོ་ཡིན་གཅིག་ཁ་ཕྱོགས་བརྟན་པོ་དགོས་ལ་ལས་འཆར་གསལ་བསྒྲགས་དགོས།



བརྗོད་གཞི་གཞན་ཁག་ལ་གཟིགས།