ནང་ཆོས་དང་ཚན་རིག་དབར་རྣམ་ཤེས་དང་འདུ་ཤེས་ཀྱི་ཁྱད་པར།

ཚན་རིག་པའི་རྣམ་ཤེས་དང་འདུ་ཤེས་གཉིས་ལ་ཁྱད་པར་མི་འབྱེད་པ་མ་ཟད། གཟུགས་ཅན་ཀླད་པ་ལས་ལོགས་སུ་རྣམ་ཤེས་ཞེས་གསལ་རིག་གི་ཆ་ཞིག་ཡོད་པ་མི་འདོད། དཔེར་ན། བཀྲ་ཤིས་ཞེས་པའི་མི་ཞིག་གི་རང་གིས་ཨ་མ་རྟོགས་པ་ན།

གསལ་རིག་གི་བློས་རྟོགས་པར་མི་འདོད། དེ་བཀྲ་ཤིས་ཀྱི་ཀླད་པའི་ནང་གི་ཀླད་རྩའི་ནུས་ཤུགས་ཀྱིས་གཟུགས་བརྙན་འཐེན་ནསབཀྲ་ཤིས་ཀྱི་མིག་ནང་ལ་འཆར་བར་འདོད། དཔེར་ན་པར་ལེན་འཕྲུལ་ཆས་ནུས་ཤུགས་ཀྱིས་གཟུགས་བརྙན་འཐེན་ནས་ཤེལ་ལེབ་ནང་དུ་འཆར་བ་དང་གཅིག་མཚུངས་སུ་འདོད། གཟུགས་ཅན་ཀླད་པ་ལས་ལོགས་སུ་རྣམ་ཤེས་མི་འདོད་པས། ཀླད་པའི་ནུས་ཤུགས་ནམ་རྗོགས་པ་ན་ཆགས་སྐྱོན་ཤོར་བའི་པར་ཆས་བཞིན་ནུས་མེད་དུ་གྱུར་བ་ཡིན། དེ་ལས་གཞན་གཟུགས་མེད་རྣམ་ཤེས་ཞིག་སྐྱེས་བ་ཕྱི་མ་ལ་འགྲོ་བར་མི་འདོད།  

སྐྱེ་བ་སྔ་ཕྱི་མི་འདོད་པའི་རྒྱུ་མཚན་ཡང་དེ་ཡིན། ཡིད་ཀྱི་ཤེས་པ་ནི་ཁོ་ཚོས་བློ་ཡུལ་ན་མེད། འདི་ནི་དུས་རབས་ཉི་ཤུའི་སྟོད་ཀྱི་ཚན་རིག་པའི་སྤྱི་གཞུང་ཡིན། དེང་སང་ཚན་རིག་པ་སྒེར་ངོས་ནས་སྐྱེས་བ་སྔ་ཕྱི་དང་རྣམ་ཤེས་སོགས་ཁས་ལེན་པ་མང་དུ་འགྲོ་བཞིན་ཡོད། དེ་ནི་ཁོ་ཚོ་ལ་མངོས་ཡོད་ར་སྤྲོད་བྱུང་བ་དང་གོང་ས་མཆོག་དང་རིས་མེད་ནང་ཆོས་མཁས་ཆེན་རྣམ་ཀྱི་གཟི་བརྗིད་ལས་བྱུང་བ་ཞིག་ཡིན།

དངོས་ཡོད་ར་སྤྲོད་བྱུང་སྟངས་ནི་དུས་རབས་ཉི་ཤུ་པའི་ནང་དུ་ཨ་རི་བུ་མེད་ཞིག་ལ་བུ་ཞིག་སྐྱེས་ཡོད།  བུ་དེ་ཀླད་པ་མེད་མཁན་ཞིག་རེད་འདུག ཚན་རིག་པ་དང་སྨན་པ་དག་གིས་བུ་དེས་ཡུན་རིང་འཚོལ་མི་ཐུབ་པ་མ་ཟད་སྐད་ཆ་ཡང་བཤད་མི་ཤེས། ད་དུང་མི་ངོས་དང་རང་ངོས་མི་ཟིན་པར་བཤད་ཡོད་མོད། འོན་ཀྱང་བུ་དེ་ལོ་ལྔ་ལ་འཚོལ་ཡོད་པ་མ་ཟད་སྐད་ཆ་བཤད་པ་དང། བརྙན་འཕྲིན་ལ་བལྟ་བ་ཕ་མ་ངོས་

 

ཟིན་པ་སོགས་རྒྱུན་ལྡན་གྱི་མི་དང་གཅིག་པ་ཡིན། དེས་རྗེས་སུ་ཡང་ཨ་རི་ལ་ཀླད་པ་མེད་མཁན་ཕྲུ་གུ་ཞིག་བྱུང་ཡོད། ཕྱིས་སུ་ཕྲུ་གུ་དེ་ཚན་རིག་པ་ཆགས་ཡོད། ཡུལ་གང་རྟོགས་གཟུགས་ཅན་ཀླད་པ་མ་གཏོགས་རྣམ་ཤེས་མི་འདོད་པའི་ཚན་རིག་པའི་ནང་ལ། ད་ཆ་ཀླད་པ་མེད་མཁན་ཞིག་སླེབས་ཡོད། དེ་ལ་ཁོ་ཚོ་ཧ་སང་ཧེ་ཐོར་ཡོད། ང་ཚོ་དང་མཚོན་ན་རྣམ་ཤེས་མེད་པའི་མི་ཞིག་ཡོད་པ་དང་འདྲ།  ཉིན་ཞིག་དབྱིན་ཡུལ་ཏུ་མ་ཏྲ་རྡབ་སྐྱོན་ཤོར་ནས་ཁ་ལོ་བ་དྲན་པ་ཐོར།  རྣམས་ཤེས་ཕྱིར་ཐོན་ཡོད། རྣམ ཤེས་དེས་རང་གི་ཕུང་པོ་ཁྲག་འཛགས་བཞིན་མོ་ཏྲ་བར་ལ་ཡོད་པར་མཐོང།

ཕྱིས་སུ་དྲན་པ་གསོས་དུས་སྔར་གྱིས་གནས་ཚུལ་རྣམས་བཤད་རྒྱུ་ཡོད། ཡང་ ཉིན་ཞིག་སྨན་ཁང་ནང་དུ་ནད་པ་ཞིག་དྲན་པ་ཐོར་སྨན་པའི་མྱུར་སྐྱོབ་བྱས་ནས་དྲན་པ་གསོས་དུས་སྔར་གྱི་མྱུར་སྐྱོབ་བྱས་ཚུལ་རྣམས་བཤད་ཡོད། ཡང་ཨ་རི་དང་རྒྱ་གར་རྒྱ་ནག་སོགས་སུ་སྐྱེས་བ་སྔ་ཕྱི་དྲན་མཁན་དང། རྣམ་ཤེས་མི་གཞན་ཀྱིས་ཕུང་པོའི་ནང་དུ་ཞུགས་པ་སོཊ་དངོས་ཡོད་ར་སྤྲོད་མང་པོ་བྱུང་ཡོད།

དེ་ནས་བཟུང་གཟུགས་ཅན་ཀླད་པ་ལས་ལོགས་སུ་རྣམ་ཤེས་མི་འདོད་པའི་བལྟ་ཚུལ་ལ་ཚན་རིག་པ་མཁན་ཆེན་རྣམས་དོགས་པ་ཟོས་ནས་དཔྱད་ཞིབ་ཀྱིས་ཁ་ཕྱོགས་གཞན་དུ་བསྒྱུར་ཡོད། ནང་ཆོས་ལས་རྣམ་ཤེས་དང་འདུ་ཤེས་སོགས་ཀྱིས་སྐོར་བཤད་ཀྱི་ཡོད་པས་ཁ་ཕྱོགས་ནང་ཆོས་ལ་སྐོར་ནས་དཔྱད་ཞིབ་མི་བྱས་ཐབས་མེད་བྱུང་ཡོད། དེང་ཐོག་རྙིང་མ་པའི་བར་དོའི་ངོ་སྤྲོད་དབྱིན་ཡིག་ཐོག་བསྒྱུར་ཡོད་པ་དེ་ལ་ཚན་རིག་པའི་ཞིབ་འཇུག་བྱ་འགོ་རྩོམ། བར་དོའི་ངོ་སྤྲོད་ཞེས་པ་དེ་ཚེ་འདིའི་མི་ཤི་ནས་ཕྱི་མའི་སྐྱེས་བ་མ་ལེན་ཀྱི་བར་དུ་རྣམ་ཤེས་རླུང་ལྟ་བུ་འགྲོ་བའི་སྐབས་སུ་སེམས་ལ་འཇིགས་སྐྲག་སྣ་ཚོགས་བྱུང་བ་ལ་བླ་མ་ཁྱད་པར་ཅན་ཀྱི་སེམས་གསོ་དང་ཐར་ལམ་སྟོན་པ་ལ་བར་དོའི་ངོ་སྤྲོད་ཟེར་དེ་འདྲའི་བར་དོའི་ངོ་་སྤྲོད་ལ་ཚན་རིག་པའི་ཞིབ་འཇུག་བྱས་མཐར་ཁོ་ཚོ་ཧ་སང་དགོས་བ་བྱུང་ཡོད།

གོང་དུ་དངོས་ཡོད་ར་སྤྲོད་བྱུང་བའི་གཟུགས་མེད་རྣམ་ཤེས་ལ་བླ་མ་ནུས་ལྡན་ཚོས་ལམ་སྟོན་བྱས་པ་ཞིག་ཡིན་པ་ཤེས་ཡོད། དེ་ནས་བཟུང་ཨ་རི་ཚན་རིག་པ་གྲགས་ཅན་ཞིག་གི་ང་ཚོའི་ཀླད་པ་ལས་ལོགས་སུ་རྣམ་ཤེས་མེད་པར་བཤད་པའི་རྣམ་བཞག་དེ་འགྲོ་བ་མིའི་རིགས་ལ་སེམས་འཁུར་མ་བྱས་ཞིག་རེད་འདུག ཞེས་ཚིག་ཐེག་བཅད་ནས་བཤད་ཡོད་དེ་ནི་དངོས་གཙོ་རིང་ལུགས་པའི་བལྟ་བ་རིང་རེད།  དེ་མིན་ཚན་རིག་པ་དག་དངོས་གཙོ་རིང་ལུགས་པ་ཡིན་ཞེས་བཤད་ཀྱིན་ཡོད་ཀྱང་ཀླད་པ་ལས་ལོགས་སུ་རྣམ་ཤེས་ཡོད་པ་ར་སྤྲོད་བྱུང་དུས་མིན་འདོག་འདོག་བྱས་མཁན་ཉུངཉུང་མིན་གོང་གསལ་ཨ་རི་ཚན་རིག་པ་མཁས་ཆེན་དེ་ནང་པ་སངས་རྒྱས་པའི་སེམས་ཀྱི་རྣམ་བཞག་དང་ཡུལ་ཀྱི་གནས་ལུགས་དཔྱད་ཞིབ་བྱེད་སྟངས་ལ་མཚོན་ན་ང་ཚོ་ཚན་རིག་པ་མི་ལོ་སྟོང་ཕྲག་མང་པོར་རྗེས་ལུས་ཐེབས་འདུག ཞེས་ཡོངས་གྲགས་བྱས་ནས་བཤད་ཡོད། དེང་སང་ཚན་རིག་པ་དག་གིས།  ༧གོང་ས་མཆོག་གི་ནང་

ཆོས་དང། ཚན་རིག་གི་བལྟ་གྲུབ་དང། སེམས་དང་སེམས་བྱུང་གི་རྣམ་བཞག་སོགས་ལ་དཔྱད་ཞིབ་བྱས་ནས་ནང་ཆོས་འདི་འཛམ་གླིང་གིས་སྟེང་དུ་ཉིན་རེ་ནས་ཇེ་གསལ་དང་ཇེ་གསལ་འགྲོ་བཞིན་ཡོད།

འོན་ཀྱང་རྣམ་དཔྱོོད་ཀྱི་མཁྱེན་བརྒྱ་ཆུང་བའི་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་ནང་དུ་རང་གི་རླབས་ཆེན་རིག་གཞུང་དེ་རང་གིས་མ་རྟོགས་པ་མི་ཤེས་པའི་མཐོང་ཆུང་བྱེད་མཁན་ཡོད། རྣམ་དཔྱོད་ཆེབའི ཚན་རིག་པ་ནི་ཉིན་བཞིན་ནང་ཆོས་ཀྱི་ཕྱོགས་སུ་ཕེབས་བཞིན་ཡོད། འདི་ནི་སྔོན་སྟོན་པ་བཀའ་དྲིན་ཆེན་དང། ཀླུ་སྒྲུབ་ཡབ་སྲས་དང། ཕྱོགས་གླང་ཡབ་སྲས་སོགས་དང། བོད་ཁ་བ་ཅན་ཀྱི་ལོ་པན་རྣམས་ཀྱི་ཆེ་རླབས་ཆེན་གྱིས་བྱ་བཞག་ཞིག་ཡིན་ནོ།

རྗེས་སུ་མུ་མཐུད་ནས་བཀོད་འཆར་ཡོད།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
རྣམ་དཔྱོད་རབ་ཏུ་ཡངས་བའི་ཉི་མ་ལགས། རྣམ་ཤེས་གནས་སའི་ཡུལ་དང་ཡུལ་དེའི་མིང་སོགས་གསལ་བྱེད།མ་ཟད་དབང་པོ་ལྔའི་མིང་སོགས་གསལ་བྱེད་གནང་ཚེ་གཞོན་སྐྱེས་མང་པོ་ཞིག་ལ་ཕན་ཐོག་ཆེན་པོ་ཡོད་པ་རེད་སྙམ། ནང་པ་སངས་རྒྱས་གཞུང་ན་རྣམ་ཤེས་གཉིས་དུས་གཅིག་ཏུ་གང་ཟག་གཅིག་གི་རྒྱུད་ལ་ཞུགས་མི་ཐུབ་པ་གཞུང་མང་པོ་ནགསུངས་ཡིད་པ་རེད།ཡིན་ན་ཡང་ལྷ་འབབ་མཁན་ཚོའི་རྒྱུད་ལ་རྣམ་ཤེས་གཉིས་དུས་གཅིག་ཏུ་ཡོད་པ་ང་ཚོས་མཐོང་གསལ་རེད། དེའི་རྒྱུ་མཚན་གང་རེད།འདི་ཡང་ང་རང་ལ་དོག་པ་ཡོད་པས། དྲིས་པལས་དེང་དུས་སྙན་རྩོམ་ཐེབ་ཆག་འབྲི་མཁནཚོས་དོག་འདྲི་བྱེད་པ་ལྟ་བུ་མིན།



བརྗོད་གཞི་གཞན་ཁག་ལ་གཟིགས།