དྲ་གྲོགས་ཚོ་ཕེབས་དང་འོས་ཤོགས་བླུག

གྲོགས་པོ་ཚོ།  ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་གི་ཆབ་སྲིད་པ་དག་གིས་ཚོད་དཔག་བྱས་པ་ལྟར་ན་མ་འོང་པའི་བཀའ་བློན་ཁྲི་པའི་མཐའ་མའི་འགྲན་རྩོད་དེ་༡བློ་བཟང་སེང་གེ་དང། ༢བཀྲས་མཐོང།་༣་རྒྱ་རི་སྒྲོལ་མ་བཅས་ལ་གཏན་ཁེལ་རྒྱུ་ཚོད་དཔག་བྱེད་ཀྱི་འདུག  གྲོགས་པོ་ཚོ་ཁྱེད་ཚོས་ལྟས་ན་འགྲན་རྩོད་ནང་སུ་སླེབས་སྲིད།

 གལ་སྲིད་ཁོ་ཚོ་གསུམ་ཆ་མཐའ་མའི་འགྲན་རྩོད་ནང་སླེབས་ན་སུ་ཞིག་བཀའ་བློན་ཁྲི་པ་འོས་པ་ཡིན།  ང་ཚོའི་རྒྱལ་སྤྱིའི་གནས་བབ་དང་བཙན་བྱོལ་སྤྱི་ཚོགས་ཀྱི་ཁོར་ཡུག་ལ་བསྟུན་ནས་ཐུགས་བསམ་བཞེས་དགོས།  གང་ཟག་སུ་ཡིན་རུང་བཀའ་ཁྲི་འོས་དང་མི་འོས་གང་ཟག་དེ་འདས་པའི་རྒྱབ་ལྗོངས་དང་ད་ལྟའི་གནས་བབ་ལ་ལྟ་དགོས།  དེས་ན་ང་ཚོའི་བཀའ་བློན་སུ་འོས་དང་མི་འོས་རྒྱུ་མཚན་དང་བཅསས། བགྲོ་གླེང་བྱས་ན་མང་ཚོགས་ཀྱི་བསམ་བློ་ལ་ཕན་ཐོགས་ཡོད་པས། དགོངས་ཚུལ་ལྷུག་པོ་ཡོད་པ་མཁྱེན།།

།《ཁྱེད་ཀྱིས་བློ་བཟང་སེང་གེ་བླུག་གམ》《ཡང་ན་བཀྲས་མཐོང》《ཡང་ན་རྒྱ་རི་སྒྲོལ་མ》།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (15)
ད་ཆ་བཙན་བྱོལ་ནང་མི་མང་གི་བཀའ་སྤྱིའི་འོས་འདེམས་ཐད་ཐུགས་འཁུར་གནང་མཁན་ཚང་མར་བཀྲ་ཤིས་བདེ་ལེགས་ཞེས་པའི་ཚིག་བཟང་གི་སྔོན་བསུས་སྟེ། བཀའ་ཁྲིའི་ཞབས་སྟེགས་དེ་ལ་སུ་འཁོད་མིན་ལ་ཚོད་བལྟའི་འོས་བླུགས་དགོས་པའི་བསམ་ཚུལ་དེ་ཧ་ཅང་གི་ཡག་པོ་འདུག་ཀྱང་། ངོས་ན་མཐོང་ཚུལ་ཐུང་ཙམ་ཞིག་ཞུ་འདོད་བྱུང། སུ་ལ་ཐོབ་མིན་གྱི་ལན་ནི་ཤིན་ཏུ་བརྗོད་པར་དཀའ་བ་སྣང་ཡང། མཐར་མི་གཅིག་ཡིན་པ་ནི་དངོས་སུ་གཞི་གྲུབ་ཟིན་ཡོད། གནས་ཚུལ་ལ་འགྱུར་བ་འགྲོ་སྲིད་པ་རེད་དེ་ལ་རྒྱུ་རྐྱེན་གཉིས་ཕྱི་རོལ་ནས་གསལ་མཐོང་རེད་འོན་ཀྱང་མཐོང་ཐབས་མེད་པའི་གནས་ཚུལ་ནི་ནམ་ཡང་མཐོང་མི་ཐུབ། སུ་བཀའ་ཁྲིའི་འཁོད་མིན་དང་འདེམས་མིན་ནི་ཕྱོགས་གཉིས་ལ་རག་ལས་ཡོད། ཕྱོགས་གཅིག་ནི་བཀའ་ཁྲིའི་འོས་མིའི་ངོས་ནས་འགྲན་རྩོད་ཀྱི་ཐབས་ལམ་དང་ཐད་ཀར་འབྲེལ་ཡོད། དེ་ནས་གཉིས་པ་དེ་མི་མང་གི་བསམ་བློའི་ཆུ་ཚད་དང་མི་མང་གི་འགན་ཁྲིའི་ཁུར་ཐུབ་མིན་རང་གི་བསམ་བློ་གཏན་པོ་ཡོད་མེད་སོགས་མང་དག་ཞིག་ལ་ཐུག་ཡོད་མཐར་གཏུག་ནས་བཤད་ན་མི་མང་གི་ལས་དེ་སུ་བཀའ་ཁྲིར་བཀོད་མེད་ལ་རག་ལས་ཡོད། ཡིནའང་བློ་ཕམ་དགོས་པ་ཞིག་ནི་ཉེ་ཆར་བཙན་བྱོལ་བོད་མིའི་གནས་ཡུལ་གྱི་མི་འབོར་ཆེས་མང་སའི་ས་ཁུལ་རྡ་རམ་ས་ལར་ས་གནས་འགོ་འཛིན་གྱི་ལས་གནད་ཐད་མི་མང་གི་འོས་བླུགས་སྟངས་དེ་ནས་རོབ་ཙམ་ཤེས་རྟོགས་ཡོང་སྲིད། རྡ་རམ་ས་ལར་ས་གནས་འགོ་འཛིནགྱི་རྐུབ་སྟེགས་ཆུང་ཆུང་དེ་འདྲ་ཞིག་ལ་ལབ་གླེང་ཇི་ཙམ་བྱུང་མིན་གྱི་འགྲེལ་བརྗོད་བྱས་ཐུབ་ངེས་རེད། སྐྱུགས་དྲོ་བའི་ཆབ་སྲིད་རྫུན་མ་དེ་འདྲ་གནས་ཚུལ་དེ་ལྟ་བུ་ལ་བྱས་ན་ཆེ་ས་བཀའ་སྤྱིའི་རྐུབ་སྟེགས་ལ་གང་བྱེད་ཀྱི་ཡོད་མེད་ཆོདདཔག་བྱེད་དཀའ་བ་འདུག དེ་དང་ཐད་ཀར་འབྲེལ་བ་ཡོད་པའི་ས་གནས་མི་མང་གི་བློ་རྩ་གཏན་པོ་མེད་པ་དང་རང་གི་ཕྱོགས་དང་གཞན་གྱི་ཕྱོགས་སོགས་མང་དག་ཞིག་ཡོད་པའི་རྒྱུ་རྐྱེན་ཁོ་ནར་ཐུག་འགྲོ་ཡི་འདུག ས་གནས་འགོ་འཛིན་སྔོན་འགྲོའི་འོས་གཞིའི་སྐབས་ནས་འོས་མི་མང་སྐྱོན་དང་འོས་འཐོར་རྒྱུར་ངེས་པ་ཤེས་བཞིན་དུ་སླར་དངོས་གཞིའི་འོས་མི་མང་དག་ཞིག་བཏོན་པ་དེ་གཡོ་བྱུས་ཡིན་པར་ངོས་འཛིན་ཞུས་ཆོག ཡིནའང་མི་མང་གི་བསམ་བློ་ཕྱོགས་གང་སར་ཅི་ཕྱིར་རྒྱུགས་འགྲོ་བ་ཡིན་མིན་དེ་གནད་འགག་ཡིན། གཞན་གྱི་གཡོ་བྱུས་རེད་ཅེས་ལབ་བདེ་མོ་བྱས་པ་ལས་རང་ཉིད་གཞན་གྱི་གཡོ་འོག་ཏུ་མི་སྲོང་བ་དྲང་པོའི་ལམ་དུ་སྲོང་མེད་པའི་རྒྱུ་མཚན་ཡོད་དམ། མདོར་བསྡུས་ན་བཙན་བྱོལ་བོད་གཞུང་གི་འགྲོ་གྲོན་འཕྲོ་བརླག་ཏུ་གཏོང་ཐུབ་ཙམ་ལས་བྱུང་མེད་དགོས་པའི་ས་གནས་འགོ་འཛིན་གི་རྐུབ་སྟེགས་སྟོང་པ་ལྷག་ཡོད། འོས་འཐོར་བའི་གནས་སྟངས་དེས་ར་འཕྲོད་གང་བྱུང་ཡོད་དམ་ཞེས་དྲི་ཚིག་ལེན་དུས་། ལན་དུ་ངེད་རྡ་རམ་ས་ལར་གནས་པའི་མི་མང་གི་ཆུ་ཚད་གཞན་པ་དང་གཞན་གྱི་གཡོ་འོག་ཏུ་ཚུད་འདུག རང་གི་དགའ་ཉེ་ཡིན་ཁུལ་གྱི་མིང་ཙམ་གྱི་རྗེས་སུ་རྒྱུགས་པའི་གནས་དེ་ལ་འགྱར་སོང་། སློབ་བྱ་བརྒྱ་ལས་སྣ་སུན་གཅིག་ལྷག་ཟེར་བའི་དཔེ་ལྟར་ང་ཚོ་བཙན་བྱོལ་བོད་མི་ཀུན་གྱི་མཁྱེན་དགོས་པའི་གནད་དོན་གལ་ཆེ་ཤོས་ནི་གཞི་ལུས་རྒྱ་ཆེ་མི་མང་གི་ངོ་ཚབ་མཚོན་ཐུབ་པར་འབད་བརྩོན་བྱེད་དགོས་པ་ལས་གཞན་བྱ་བ་ལེགས་པ་གང་ཡང་འགྲུབ་རྒྱ་མེད། ལོ་རྒྱུད་ཀྱི་ཕྲེང་བའི་ནང་གཟིགས་ཞིབ་གནང་དང་ཆོལ་ཁ་དང་ཆོས་བརྒྱུད་ལུང་ཚན་ཞེས་སོགས་ཀྱི་ཞེན་ཁོག་བྱས་ནས་ལེགས་ཆ་གང་མཐོན་ཡོད་དམ། དེ་དག་གཅོད་འགྱུར་གཏོང་བའི་དུས་མཚམས་སུ་སླེབས་ཡོད་པ་དངོས་ཡོད་བདེན་པ་ར་འཕྲོད་རེད། གཅོད་འགྱུར་དང་གསར་བརྗེ་ཞེས་པའི་ཚིག་དོན་ལ་སྐྱོན་དེ་ཙམ་མེད་དེ་ལས་ལྡོགས་སྟེ་ཆུང་ས་ལུང་ཞེན་དང་ཆེ་ས་ཆོལ་ཁའི་ཞེན་ཆགས་ཁོ་ནས་རྗེས་སུ་ལུད་ཡོད་པ་གསལ་པོ་ཤེས་དགོས། རང་ཉིད་ཀྱི་ཤེས་རབ་རྣམ་དཔྱོད་བདེ་སྤྱོད་གཏོང་དགོས།
14 ༡༦༢༠༡༠༡༡༤༦
ངའི་བོད་བཙན་བྱོལ་གཞུང་གི་བཀའ་ཁྲི་ནི་བློ་བཟང་སེང་གེ་ཡིན་རྒྱུ་མཚན་མང་པོ་མི་དགོས་ ཁོང་ནི་ཤེས་ཡོན་ཅན་དང་གཞོན་སྐྱེ་མི་རིགས་ལ་བརྩེ་ཞེན་མཁན་དང་བློ་རྩེ་ཡིས་དཔྱོད་སྟབས་དང་ལྡན་ཞིང་ལོ་རྒྱུས་དང་དུས་ཀྱི་འགྱུར་འགྲོས་སོགས་ལ་རྣམ་དཔྱོད་ཡངས་པ་གསར་སྟོད་དང་མདུན་སྐྱོད་ལ་ཐུགས་བསམ་གཞེས་མཁན། ད་ཕན་སྤྱི་ཚོགས་སུ་ཕྱོགས་གཏོགས་ཀྱི་ལྟར་བ་དང་ཤོག་ཞེན་དེ་ཙམ་མེད་མཁན་ཞིག་རེད།
13 ༠༩༢༠༡༠༠༨༠༡
རྒྱབ་མདུན་གཉིས་ཀ་གཟིགས་མཁན་བློ་བཟང་སེང་གེ་ལ་འོས་བབ་འདུག་བསམ།
དོན་དངོས་ཐོག་གཙོ་བོ་ནི་དངོས་ཡོད་གནས་ཚུལ་བལྟས་ན་བཀའ་བློན་ཁྲི་པ་ལ་རང་ཕྱོག་མེད་པ་དང་ཆུས་ལུག་ལ་ཕྱོག་རིས་མེད་པགཙོ་བོ་འདི་ཡིན། བཀའ་བློན་བྱམ་སྡོམ་རིན་པོ་ཆེ་ལྟའུ་ཆག་བཞགས་ན་ཏིག་ཙམ་མི་འགྲིགས་པ་ལ་རང་ཕྱོགས་ཆེན་པོ་དང་ཆུས་ལུག་ལ་ཕྱོགས་རེས་ཆེན་པོ་་དེ་འདྲ་བྱས་ན་བོད་ཆུལ་ཁ་གསུམ་དེ་མཐོར་འགྲོ་ཡ་ལབ་མ་དགོས་པ་རེད། དེ་བས་ད་རྟ་ང་ཚོ་ཚང་མསཡག་པོ་སྟག་བཅད་གནང་དགོས།
11 ༠༧༢༠༡༠༠༤༤༠
ངས་ནི་འོས་གཅིག་པུ་དེ་བློ་བཟང་སེང་གེ་ལ་བླུག་གི་ཡིན་་་རྒྱུ་མཚན་གཅིག་ཁོ་ན་ནི་རྡ་སའི་སྐུ་ངོ་རྣམ་པའི་དྲི་མ་མེད་པས་སོ
ཁོང་ནི་དིང་དུས་ཤེས་ཡོན་དང་། ཆོས་རྒྱུད་རེས་མེད་ཡིན་པའི་སེལ།
9 ༠༥༢༠༡༠༡༤༡༡
མ་འོངས་པའི་བཀའ་བློན་ཁྲི་པ་ནི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་འོས་ཤོས་རེད་འདུག
8 ༠༤༢༠༡༠༡༠༢༦
བཟོད་པ་ལྷ་རྩེ་
དཔུང་སྒྲིགས་བྱེད་པའི་བཀའ་བློན་ཞིག་ལ་ནམ་ཡང་རྒྱབ་བསྐྱོར་མི་བྱེད། ཧཧཧ
གསར་གཏོད་ཀྱི་སྤོབས་པ་ཡོད་པ་དང་ཕྱོགས་ཞེན་མེད་པ་དེང་རབས་ཀྱི་ཤེས་ཡོན་ཆ་ཚང་ཡོད་པ་གང་ནས་བྱས་ན་བཀའ་ཁྲི་བློ་བཟང་སེང་གེ་བྱས་ན་བཟང་།
འབྱུང་འགྱུར་གྱི་བཀའ་ཁྲི་བློ་བཟང་སེང་གེ་ལགས་སུ་བླུག་ན་རན་པོ་ཞིག་མཐོང་གི་འདུག གཞོན་སྐྱེས་གྱི་ནང་ནས་ཕྱོགས་གང་གི་ཐད་ལ་ཤེས་ཡོན་གྱི་ཆུ་ཚད་མཐོ་བ་ཞིག་ལ་ཀུན་གྱི་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ན་ཚོད་ཀྱི་ཆ་ནས་བཤད་ནའང་ཁོང་གཞོན་དྲག་པ་དང་རྒས་དྲག་པའི་སྐྱོན་མེད། ཁོང་དང་ཁོང་ལྟ་བུའི་ཤེས་ཡོན་ལེགས་པའི་གྲས་ལ་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཆེད་ཕྱག་ལས་གནང་རྒྱུའི་གོ་སྐབས་ངེས་པར་དུ་སྤྲོད་དགོས་པ་ཞིག་རེད། ཁོང་བཀའ་བློན་ཁྲི་བ་ཐོབ་པའི་འཕྲལ་དུ་དམིགས་བསལ་གྱི་འགྱུར་བ་ཆེན་པོ་ཞིག་ཡང་འབྱུང་མི་སྲིད་ཀྱང་། གཞོན་སྐྱེས་ཚོས་ཉམས་མྱོང་རིམ་བསག་བྱེད་རྒྱུ་མ་འོངས་བའི་བོད་ཀྱི་བསྟན་པ་ཆབ་སྲིད་སླར་གསོ་བྱེད་ཐུབ་པའི་དགོས་དམིགས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ལྷག་པར་དུ་༸གོང་ས་མཆོག་སྐུ་བཞུགས་པའི་རིང་དུ་གཞོན་སྐྱེས་འདིའི་རིགས་ལ་གོ་སྐབས་སྤྲོད་རྒྱུ་ཁ་ཚ་དགོས་ཐུག་ཅིག་མ་ཡིན་ནམ། རྒྱ་རུ་སྒྲོལ་མས་ད་ལྟ་བོད་མི་མང་སྤྱི་འཐུས་ཀྱི་ཕྱག་ལས་གནང་བཞིན་པ་མུ་མཐུད་ནས་གནང་རྒྱུ་ཧ་ཅང་གི་དགོས་གལ་ཆེ། བཀྲས་མཐོང་མཆོག་ནི་བཀའ་བློན་བཟུར་བ་དང་གཞུང་ཞབས་རྒན་གྲས་ཤིག་ཡིན་པའི་ཆ་ནས་གཞོན་སྐྱེས་ཆབ་སྲིད་པ་རྣམ་ལ་སློབ་སྟོན་གྱི་ཕྱག་ལས་གནང་ན་དགེ་མཚན་དེ་བའི་ཆེ་བར་མཐོང་། བསམ་ཚུལ་ཞུ་རྒྱའི་གོ་སྐབས་སྤྲད་པར་ཐུགས་རྗེ་ཆེ། བོད་རྒྱལ་ལོ།།
ཕྲན་གྱི་ངོས་ནས་བཀའ་ཁྲི་དེ་མཁས་དབང་བློ་བཟང་སེང་གེ་ཡིན།
ངས་བསམ་ཚུལའདི་བོད་མིའི་ནང་ཁུང་དཀྲུག་མཁན་ཞིག་རེད་ཟེར་དབར་དེ་། ཁྱེད་རང་ད་ལྟར་དབར་མགོ་ག་དབར་མཁོར་ནས་སྡེད་པ་ཡིན་། ད་ལྟའི་དུས་ཚོད་འདི་ལ་གོང་ས༧མཆོག་དགུང་ལོ་མཐོ་པོ་ལ་སླད་དུས་བོད་མི་ཚོས་བསམ་བློ་བཏང་དང་རྐུ་མ་སོའི་ནང་མི་ཅིག་པོ་བསམ་བློ་བཏང་མཁན་ཞིག་ཆོལ་གསུམནང་ཁུང་དཀྲུགས་མཁན་ཞིག་བཀའ་བློན་ཁྲི་པ་ཐབས་ན་རྒྱ་མི་ལ་དགོས་རྒྱུ་དེ་ག་རང་རེད་།ཅིག་ཏང་སོའི་ནང་ལ་བསམ་བློ་མི་བཏང་མཁན་ཡོད་མི་སྲིད་།ཡིན་ན་ཡང་བཀའ་བློན་དགོས་ན་སྒེར་པ་བློས་བཏང་ནས་ལས་དཀའ་བྱེད་དགོས་རེད་བསམ་འདུག་།ངས་བོད་མའི་ནང་ཁུང་ནསདཀྲུགས་ཤིག་རྒྱབ་པ་མིན་། མ་འོང་བོད་ཀྱིས་གནས་ཏང་ལ་བསམ་བློ་བཏང་ནས་སྐད་ཆ་དེ་བཤད་པ་ཡིན་།ད་ལྟའི་དུས་ཚོད་འདི་ལ་ཁྱོད་ཁམས་པ་དང་ཨ་མདོ་ཡང་ན་དབུས་ཙང་རེད་ཟེར་ནས་སྡེད་ན་མི་དེ་ཚོ་བོད་མི་ནང་ཁུང་དཀྲུགས་མཁན་རེད་བསམ་གྱི་འདུག་།བོད་མི་ཚོ་བསམ་བློ་ཡག་པོ་ཞིག་ཏང་དང་།
བློ་བཟང་བཀྲས་མཐོང་སྒྲོལ་མ་ཟེར་བའི་མི་དེས་བོད་མི་ནང་ཁུལ་དཀྲུག་གི་ཡོད་པ་ཚང་མས་ཤེས་ཐུབ། སྟབས་ལེགས་པ་ཞིག་ལ་ཁྱེད་ཀྱི་བློ་བཟང་སེང་གེར་ཚིགས་ངན་ལབ་མེད་པ་དེ་གཅིག་པུ་ཁྱེད་ཀྱི་ཡོན་ཏན་དུ་རྩིས་ཡོད། གཞན་སྐྱོན་བརྗོད་ཡིན་ཁུལ་གྱི་བོད་མི་ནང་ཁུལ་ལ་སྙོག་གླེང་མེད་པ་ཞིག་དང་དགོངས་འཆར་མེད་ན་ལག་པ་སྟོང་པར་བཞུགས་ན་དགའ།
2 ༠༩༢༠༡༠༢༡༠༤
ཨོ་བཀྲས་མཐོང་དང་རྒྱ་རི་སྒྲོལ་མ་གཉིས་གང་རུང་ལ་འོས་ས་རེད། རྒྱུ་མཚན་གང་ཡིན་ནམ། རྒྱུ་མཚན་ཡོད་དོོ་ཡོད། བཀྲས་བཐོང་བཀའ་ཁྲི་ཐོབ་སོང་ན་ཁོང་ཕྱི་རྒྱལ་ཁག་ལ་དངུལ་རྐུན་མ་བརྐུས་ནས་ང་ཚོ་བཙན་བྱོལ་གཞུང་དེ་ལམ་སང་ཕྱུག་པོ་བཟོ་ངེས་རེད། ཨ་ཅག་སྒྲོལ་མ་ལགས་བཀའ་ཁྲི་ཐོབ་སོང་ན་ཁོང་གིས་རྒྱ་ཞིང་ཆེན་བཅོ་བརྒྱད་དེ་ཕུ་དཀྲུགས་འདབས་དཀྲུགས་ཀྱིས་
རྒྱ་ནག་དེ་ཁ་ཐོར་དགུ་ཐོར་བཏང་སྟེ་བོད་ལ་རང་དབང་ལམ་སང་ཐོབ་ཀྱི་རེད་སྙམ། །
1 ༠༥༢༠༡༠༢༣༡༦
ངའི་བསམ་ཚུལ་ནི་བཀའ་བློན་ཁྲི་པ་ནི་སུ་ལ་འོས་འདུག་ཟེར་ན། བཀྲས་མཐོང་དང་ཡང་ན་རྒྱ་རི་སྒྲོལ་མ་ལ་འོས་ཀྱི་འདུག གང་ཡིན་ཟེར་ན། བཀྲས་མཐོང་བཀའ་བློན་ཁྲི་པ་ཡིན་པའི་སྐབས་རྐུ་མ་དང་སོའི་ནང་མི་ཅིག་པོ་བསམ་བློ་ཏང་མཁན་ཞིག་རེད། རྒྱ་རི་སྒྲོལ་མ་ནི་བོད་མི་ཆོལ་ཁ་གསུམ་ནང་བཀྲུག་ཤིག་བཟོ་མཁན་ཞིག་རེད་ བཀའ་བློན་ཁྲི་པའི་འོས་གཞི་ཚང་ས་རེད་དམ་བོད་མི་ཚོ་བསམ་བློ་གཏོང་དང་།



བརྗོད་གཞི་གཞན་ཁག་ལ་གཟིགས།