ཚེ་རིང་སྐྱིད་བརྙས་བཅོས་བྱས་མཁན་སུ་རེད།

དེ་རིང་ཁོས་དྲ་གྲོགས་ཚོར་ཟིན་བྲིས་ཐུང་ངུ་ཞིག་འབྲི་འདོད་བྱུང། ཉིན་ཁ་ཤས་ཀྱི་རིང་ལ་བོད་ཀྱི་བང་ཆེན་ཟིན་བྲིས་དང་།  དེ་བཞིན་དུས་བབ་ཟིན་བྲིས་སོགས་སུ་གླེང་སློང་ཆེ་ཤོས་ཏེ་ཡང་དུས་བབ་ཟིན་བྲིས་པ་བུད་མེད་ཚེ་རིང་སྐྱིད་ཆགས་པ་རེད།  དེ་འདྲའི་ཆགས་སྟངས་ཏེ་ངའི་ངོས་ནས་བཤད་ན་ངོས་འཛིན་ཡག་པོ་ཞིག་རྩ་བ་ནས་ཞུ་ཡི་མེད། དེ་ཡང་འགའ་རེས་ཚི་རིང་སྐྱིད་བསྟོད་ཆེ་དྲགས་ནས་ ནམ་མཁའི་ལྷ་ཡིན་མདོག་འདྲ་ཞིག་བཤད་ཀྱི་འདུག་ལ་འགའ་རེས་ཚི་རིང་སྐྱིད་སྨད་ཆེ་དྲགས་ནས་སྨད་ཚོང་མ་ཡིན་མདོག་ཀྱང་བཤད་ཀྱི་འདུག  ད་དུང་ཁ་ཤས་ཀྱིས་སྨྱུག་མིང་འོག་ཏུ་བསྡད་ནས་ཚི་རིང་སྐྱིད་ལ་རྟོགས་བཟོ་ཡི་སྒྲུང་འདྲ་བོ་ཞིག་ཀྱང་བྲིས་འདུག དེར་བརྟེན་ཁོ་སྨད་ས་གཙོ་བོ་དེ་རྒྱལ་ཐང་ཡོན་ཏན་ལགས་ཀྱི་དུས་བབ་ཟིན་བྲིས་ནས་རེག་འདུག

ངའི་ངོས་ནས་བཤད་ན་ཚི་རིང་སྐྱིད་ཡོན་ཏན་ག་རེ་འདུག་ཅེ་ན་༼དང་པོ་བོད་ཡིག་གི་ཤེས་ཚད་གང་འཚམས་འདུག ༽    ༼གཉིས་པ་སྐུ་གཟུགས་དང་རྣམ་པ་ཡག་པོ་འདུག༽    ༼གསུམ་པ་ཁོང་བུད་མེད་ཞིག་གི་ངོས་ནས་བཤད་ན་ཧམ་པ་དང་སྤོབས་པ་ཆེན་པོ་འདུག ༽བདག་གི་ངོས་ནས་ཁོང་ལ་ཡོན་ཏན་དེ་འདྲ་ཞིག་མ་གཏོགས་མཐོང་མ་སོང་དེ་ཡང་མང་པོ་ཞིག་ཁོང་ལ་སྐྱོན་འདི་ལྟར་བགྲང་གི་འདུག།

༼དང་པོ་ཁོང་བོད་ནས་ཡོང་དུས་ལམ་བར་དུ་ཕོ་གསར་ཚོར་དང་ལུས་འབྲེལ་བྱས་ནས་ཕྲུ་གུ་ཆགས་ཏེ་བུ་གསོད་སྨན་ཁབ་རྒྱོབ་སྟེ་བསད་པ་རེད་ཟེར་ནས་བགྲང་གི་འདུག་དེ་ཡང་ཡང་དག་ཞིག་མཐོང་མ་སོང་༽  ༼གཉིས་པ་ཁོ་མོ་ལོ་ན་ཆེན་པོ་ཡིན་ཀྱང་ལོ་ཆུང་ཆུང་ཞིག་གི་ཐོག་འགོད་ནས་སློབ་གྲྭ་ཚུད་ཐོབས་བྱས་པ་རེད་ཟེར་དེ་ཡང་ངའི་ངོས་ནས་བཤད་ན་རྒྱུ་མཚན་ཡང་དག་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད  ༽

༼གསུམ་པ་ཚི་རིང་སྐྱིད་ཨ་རིར་བསླེབས་པ་དེ་ཡང་ཨ་རི་རླུང་འཕྲིན་ཁང་གི་ཚེ་བརྟན་རྡོ་རྗེའི་ཆུང་མ་བྱས་ཏེ་ཨ་རིར་འཐེན་པ་རེད་ཟེར་རྒྱུ་མཚན་དེ་ཡང་མི་བདེན་ཟེར་ཐུབ་ཀྱི་མི་འདུག་དྭོགས་པ་བྱེད་སྟེ་བཞག་ཡོད་༽རང་ངོས་ནས་བཤད་ན་ཚི་རིང་སྐིད་ཀྱི་ཡོན་ཏན་ནི་གོང་བཞིན་རེད།

སྐྱོན་ནི་གསལ་ཁ་འདི་རེད་དང་འདི་མ་རེད་ཟེར་ནས་བཤད་ཤེས་ཀྱིན་མི་འདུག  དྲ་གྲོགས་ཚོས་གོང་གི་ཁ་ཅིག་དག་གིས་བཤད་པ་ཚང་མ་བདེན་མི་བདེན་རྒྱུ་མཚན་ཡང་དག་ཞིག་གི་སྒོ་ནས་གསལ་པོ་ཞིག་འབྲི་རོགས།     དེར་བརྟེན་འདི་བྲི་དགོས་པའི་དམིགས་ཡུལ་ནི་བུད་མེད་ཞིག་མཐོང་ཆུང་བྱེད་དྲགས་ནས་མ་བཟོད་ནས་བྲིས་པ་ཞིག་ཡིན་པས་གཞན་གང་ཡང་མིན།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
ཡ་མཚན་སྐྱེས་དགོས་པའི་མིའི་སྤྱི་ཚོགས་དེའི་ནང་ནས་བོད་མིའི་སྤྱི་ཚོགས་ནི་དེ་བས་ཡ་མཚན་སྐྱེས་དགོས་པ་ཞིག་འདུག བོུ་ཞིག་གི་བོད་ཕྱི་ནང་གཉིས་ཀྱི་བོད་མི་མང་ལ་ཕན་པའི་ལས་འགན་ཡག་པོ་འགྲུབ་བཞིན་པའི་གནས་སྟངས་དེ་མངོན་སུམ་གྱི་འཇོན་ཐང་རེད། བེུད་གཞན་དང་གཅིག་མཚུངས་ཀྱི་ཁྱིམ་ཚང་ཆུང་ཆུང་གྱི་ལས་འགན་མ་གཏོགས་འཁྱེར་ན་མི་ཡག་པ་གང་ཨེ་ཡོད། རྒྱུ་མཚན་གསལ་པོ་དང་དཔངས་རྟགས་སོགས་མེད་ན་དོན་མེད་མི་སྒེར་གྱི་འཚོ་བའི་ལོངས་སྤྱོད་ལ་སྐད་ཆ་སྟོང་པ་གླེང་དགོས་དོན་མི་འདུག་ངོས་ན་བལྟ་ན། ཡིནའང་བོད་མིའི་སྤྱི་ཆུང་དྲག་པ་དང་ཡང་ན་མི་འབོར་ཉུང་བའི་རྐྱེན་གྱི་ཡིན་ན་གང་ལྟར་ཡར་ལམ་འགྲོ་རྟོག་ཙམ་རྒྱུགས་པའི་མིའི་རྐང་པ་ལ་ཐག་པ་རྒྱབ་དགོས་རྒྱུ་དེ་དོན་ཆེན་ནང་གི་དོན་ཆེན་ཡིན་པར་ངོས་འཛིན་གྱི་མེད་དམ་སེམས། རང་ཉིད་ཀྱི་དཔྱད་པ་བྱེད་དགོས་དོན་མང་བའི་སྔ་མོའི་ཁ་དཔེར། མི་ཚོགས་མང་པོའི་དཀྱིལ་ལ་ཁ་ལ་བདག་པོ་རྒྱོབ། གཅིག་པུར་སྡོད་སྐབས་སེམས་ལ་ཡིད་ཤར་བྱེད། གཏམ་དེ་བདེན་པ་རེད། ད་རིང་མང་པོ་བཤད་འདོད་མིན་འདིག་གང་ཡིན་ཟེར་ན་གཞན་དང་ང་ལ་ཁྱད་མེད་ཀྱི་སྐྱོན་འདུག སྐད་ཆ་ཡག་ས་དང་དོན་ཆེན་ས་གླེང་ན་དགའ་བསུ་ཡོད། དོན་མེད་འཆལ་གཏམ་མེད་པ་ཞིག་མ་མཐར་འཛིན་ཞིང།
2 ༢༢༢༠༡༠༡༡༤༤
ང་རང་ཉིད་ལ་མཚོན་ན་དྲང་བདེན་སྨྲ་རྒྱུ་ནི་ཆེས་ཐོག་མའི་མི་བུ་ཞིག་གི་འོས་འགན་ཏེ། ལུས་དང་གྲིབ་མ་བཞིན་གཡོལ་དུ་མེད་པས་ངས་འདི་ནས་དྲང་བདེན་དང་དག་ཐེར་གྱི་ཚུལ་དུ་སྐད་ཆ་འགའ་མི་བཤད་ཐབས་མེད་རེད། ཁོ་མོ་ནི་སློབ་འབྲིང་སྐབས་ནས་བཟུང་རང་གི་ཕ་ཡུལ་དང་ཕ་སྐད་ལ་དུངས་བ་ཞན་ཅིང་། ལངས་ཕྱོགས་མེད་པའི་གྱང་ཁའི་རྩྭ་ལྟ་བུ་ཞིག་གཏན་ནས་མིན། ངས་ལྟས་ན་ཚེ་རིང་སྐྱིད་ལ་དམའ་འབེབས་དང་འཕྱ་མོད་བྱེད་མཁན་ནི་ཁོ་མོར་ཆེས་དགའ་བའི་མི་དང་ཡང་ན་ཁོ་མོ་ལག་དུ་མི་ཟོན་པའི་སྐྱེས་བོ་ཐ་མ་དེ་ཡིན་པར་འདོད།
1 ༠༣༢༠༡༠༢༣༥༩
གྲོགས་པོ་མཆོག་གིས་གསུངས་པ་དེ་བདེན་པ་རེད་འདུག་་་་་་་་་་་་ང་གཉིས་བརྟགས་དཔྱད་བྱེད་ནས་གསལ་པོ་བྱེད་ཨ་་་།



བརྗོད་གཞི་གཞན་ཁག་ལ་གཟིགས།