སློབ་གྲྭ་བུ་མོའི་བདག་པོ་ཕྱི་རྒྱལ་དུ་ཡོད་པའི་གྲྭ་ལོག་རྟ་ལོག་ཚོ་རེད།

སློབ་གྲྭ་བུ་མོའི་བདག་པོ་འདི། ཕྱི་རྒྱལ་དུ་ཡོད་པའི་གྲྭ་ལོག་རྟ་ལོག་འདི་ཚོ་རེད།
ཕྲན་དེ་རིང་དྲ་ཐོག་ཏུ་མྱོང་ཙམ་བྱེད་པ་ཡིན། དེར་བརྟེན་དྲ་གྲོགས་སྐལ་བཟང་འཕྲིན་ལས་ལགས་ཀྱིས་ཟིན་བྲིས་ཁ་སྔོག་སྐབས་སུ། ཁོས་སློབ་གྲྭ་བུ་མོ་བདག་པོ་གྲྭ་བ་ཡིན་དགོས་ཞེས་ཟིན་བྲིས་ཤིག་སྤེལ་བ་འདི་རེད། འདི་ལ་བརྟེན་ནས་ཁ་སྔོན་དྲ་གྲོགས་ཨ་རིག་དགེ་མཐོང་ལགས་ཀྱིས་ཡང་འདིའི་བསྐོར་སློབ་གྲྭ་བུ་མོ་ཡི་བདག་པོ་གྲྭ་བ་རེད་དམ་ཟེར་བའི་ཟིན་བྲིས་ཤིག་ཀྱང་སྤེལ་བ་རེད།

མ་ཟད་ད་དུང་འདིའི་བསྐོར་ངའི་འདྲེན་བྱེད་ཀྱི་ཡུལ་དུ་མ་གྱུར་བའི་ཟིན་བྲིས་མང་པོ་ཞིག་དྲ་གྲོགས་ཚོས་ཀྱང་སྤེལ་ཡོད་ཡོད་པ་རེད། ཕྲན་གྱིས་བལྟས་ན་སློབ་གྲྭ་བུ་མོ་བདག་པོ་འདི་གྲྭ་བ་ཡིན་དགོས་དོན་མེད་ལ། ལྷག་པར་དུ་སློབ་གྲྭ་བུ་མོའི་བདག་པོ་གྲྭ་བ་ཡིན་པའི་སྒྲུབ་བྱེད་མཐའ་གཏུགས་ན་རྒྱུ་མཚོན་ཡང་དག་ཞིག་གཏན་ནས་མི་འདུག དེ་ལ་བརྟེན་ནས། འོ་ན་སློབ་གྲྭ་བུ་མོར་བདག་པོ་མེད་དམ་ཞེ་ན་མེད་པ་ཡང་མ་རེད། འོ་ན་སུ་རེད་ཅེ་ན། སློབ་གྲྭ་བུ་མོ་ཡི་བདག་པོ་ནི་ཕྱི་རྒྱལ་དུ་ཡོད་པའི་གྲྭ་ལོག་ལྟ་ལོག་འདི་ཚོ་རེད། འདི་ཚོ་ཡིན་པའི་སྒྲུབ་བྱེད་མང་མོད། འདི་དག་ནི་ཕྲན་གྱིས་བྲིས་ཀྱང་བྲིས་ཚར་རྒྱུ་མེད་པ་ཞིག་སྣང་།

རྒྱུ་མཚན་ཞིབ་ཕྲ་ཞིག་ཤེས་འདོད་ན། ༼ མཐོ་སྒང་གི་ཉི་ཟེར་ ༽ དེབ་ཕྲེང་དང་པོའི་ནང་དུ་ཨ་ཀ་སྤེན་པ་ལགས་ཀྱི་སྒྲུང་ཐུང་ནག་ཚོང་ཞེས་པ་དང་། ད་དུང་བོད་ཀྱི་བང་ཆེན་ཚགས་ཤོག་གི་ཐོག་ཏུ་སེར་སྨད་བློ་དགའ་ལགས་ཀྱིས་ཀྱང་ཨ་ཞང་ཞེས་སོགས་ཀྱི་ཡང་རྒྱས་ཤིག་རྒྱས་པ་ཞིག་ཡོད་པས་འདི་དག་ལ་ཞིབ་ཕྲ་ཞིག་གཟིག་ནས་ཁྱེད་གཉིས་ཀྱི་དྭོགས་ནག་འདི་སེལ་བར་ཤོག་ཞེས་སྨོན་འདུན་ཤུགས་དྲག་རྒྱོབ་ཡོད་དོ།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)

དེ་ངོ་མ་ཨེ་ཡིན་ནམ། གསལ་ཁ་ཞིག་བཟོ་རོགས།

ཁྱོད་རང་གི་དགེ་བའི་བཤེས་གཉེན་རྣམས་ལ་སྐུར་པ་མ་འདེབས། ཁྱོད་རང་བོད་རིག་ཡིན་ན་སྐྱབས་འགྲོའི་སླབ་བྱ་ལ འགར་བ་མ་ཡིན་ནམ། ལི་སྨྱོན་ཁྱོད་རང་གི་ཕྲག་དོག་རྩོད་དགོ་ན་དམིགས་གསར་མིང་བུས་ན་ཡག་པོ་རེད། ཕྱི་རྒྱལ་ལ་ཡོད་ཚད་ཚང་མ་སློབ་སྒྲ་བུ་མོའི་བདག་པོ་ཨི་ཡིན་ནམ། ཁྱོད་རང་བསམ་ནོ་ཐུང་ཤིག།
བགད་མོ་སྔོན་ལ་སོང་ནས་༼སློབ་གྲ་བུ་མོའི་བདག་པོ་ཕྱི་རྒྱལ་གྲ་ལོག་རྟ་ལོག་ཚོ་རེད་༽ཟེར་བ་ལན་ཞིག་རྒྱབ་དགོས་དྲན་སོང་། སེར་སྨད་བློ་དགའ་སོགས་འགའ་ཤས་ཀྱིས་རྒྱང་རིང་མ་མཐོང་བའི་མི་འདི་ཚོ་ལ་ཕར་བལྟ་བའི་མིག་ཡོད་ཚུར་བལྟ་ཡར་མེ་ལོང་མེད་། ཁོ་རོང་ཚོ་ལ་ཆག་བཞག་ན་། དེ་རིང་འདིའི་མཚམས་བཤད་ཡར་མིན་། གང་ཡིན་ཟེར་ན་སྤྱི་ལ་མ་བདེ་བ་ཆེ་། འདིའི་ནས་མཚམས་མ་བཞག་ན་ཁོང་ཚོའི་མི་རེ་ངོ་རེ་ངོས་ཟིན་ནས་བཤད་ཆོག། སྤྱི་གྲ་བ་བྱེད་ནས་གཞུང་ལུགས་ལ་ཐོས་བསམ་དང་གདམས་ངག་ལ་ཉམས་ལེན་མ་བྱེད་པ་སྟོན་པས་མཚན་མེད་པ་བྱེད་པ་ལས་གྲ་བའི་ར་བ་ནས་ཐོན་ནས་བོད་མི་རིགས་ཀྱི་རུས་རྒྱུད་ལ་ཞལ་འདེབས་ཞུ་ན་ཕན་ཐོག་ཆེ་སྙམ་། བྱས་ཙང་། གྲ་བ་དང་སློབ་གྲ་དམག་མི་རྨག་པ་མནའ་མ་གཡོག་པོ་དཔོན་པོ་ཇ་མ་ཆུ་ལེན་དགེ་རྒན་སོགས་གང་མཐར་ཕྱིན་པ་ནི་ཤིན་ཏུ་ཉུང་། མཐར་མ་ཕྱིན་པ་ཚང་མ་ལ་ཐ་སྙད་མ་བདེ་བ་མང་པོ་བརྟགས་ན་ཕན་ཐོག་མེད་། ང་ཚོ་བོད་མི་རིགས་ལ། འཇིག་རྟེན་དཔེར་ལ་་ཨ་མའི་འཇོན་ན་ཡང་འཇོན་། བུ་མོའི་འཇོན་ན་ཡང་འཇོན་། གང་ལྟར་སུའི་འཇོན་ན་འཇོན་པ་རེད་། དེ་ལ་གུས་ཞབས་དང་དགའ་བསུ་མ་བྱེད་པ་དགག་པ་བྱེད་དོན་ཅུ། དེ་ཚོ་རྒྱ་མིའི་ལག་པ་ཡིན་མིན་ལ་ང་ཚོའི་བོད་རིགས་ཚོའི་དོག་གཟབ་དགོས་། ཡར་མར་ཕར་ཚུར་སྟོད་སྨད་ཁམས་དབུས་མདོ་སེར་སྐྱ་ཕོ་མོ་སོགས་དབྱེ་བ་ཕྱེ་བ་དང་མཚན་སྨད་བྱེད་དགོས་དོན་མེད་། ང་ཆོའི་དོན་དག་གང་རེད་། བོད་མི་ས་ཡར་དྲུག་ལ་རང་དབང་འཐབ་རྩོད་དང་གོང་ས་མཆོག་གི་གང་གསུངས་བཀའ་སྒྲུབ་ཡར་དེ་རེད་། མི་འདི་ཚོའི་སོ་སོར་ལ་ཁེ་སང་ཡོད་ན་འདྲ་མཉམ་དང་བདེ་སྡུག་ལ་རྒྱ་སེམས་ཤུགས་སོགས་མང་པོ་བཤད་ཡར་ཡོད་རེད་། དེ་ལས་ལྡོག་ན་ཚང་མ་གོ་ལོག་པ་བྱེད་ངེས་རེད་། ཨ་རིའི་ནིའི་ཡོག་ས་མཐའི་སྤྲང་འཆམ་པ་བློ་བཟང་བསྟན་འཛིན་ནས་བྲིས་།།



བརྗོད་གཞི་གཞན་ཁག་ལ་གཟིགས།