མཁན་པོ་བསོ་དར་རྒྱས་མཆོག

མཁན་པོ་བསོ་དར་རྒྱས་མཆོག 索达吉堪布 Khenpo Sodargye.མཁན་པོ་བསོད་དར་རྒྱས་མཆོག་ནི། ད་ལྟའི་བྲག་མགོ་རྫོང་གི་ཆར་གཏོགས་ལི་ཁོག་སྨད་མ་ཞེས་པའི་འབྲོག་སྡེ་ཞིག་ནས་སྐུ་འཁྲུངས་ཤིང་། དེ་ནས་རིམ་གྱིས་ཡུལ་དེར་སློབ་ཆུང་དང་སློབ་འབྲིང་མཐར་སོན་པ་དང་། རྗེས་སུ་༧་ཆོས་རྗེ་དམ་པ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གི་ཆོས་སྒར་གསེར་རྟ་བླ་རུང་ཆོས་ཀྱི་གྲོང་ཁྱེར་ནས།

བོད་རྒྱུད་ནང་བསྟན་རིག་པ་གཙོས་དེང་རབས་ཤེས་ཡོན་མ་ལུས་པ་ཁུངས་སུ་ཆུད་པར་མཛད་པ་དང་། དེ་ལྟར་ཀུན་གྱིས་བཀུར་འོས་དུས་རབས་ཤིག་གི་རླབས་ཆེན་གྱི་མཁས་དབང་དམ་པའི་མཚན་སྙན་ཐོབ་མཁན་ཞིག་ཡིན་ནོ།

ཞིབ་གཟིགས་གནང་འདོད་ཡོད་རིགས་རྣམས་གཤམ་དུ་ཕེབས་རོགས།_-->>

><><>

<མཁན་པོ་བསོ་དར་རྒྱས་དུས་རྒྱུན་གྱི་མཛད་པ།>

༡མཁན་པོ་བསོད་ནམས་དར་རྒྱས་མཆོག་གིས་རྒྱ་རིགས་སློབ་གྲྭ་བ་ལ་གསུངས་བཤད་གནང་བཞིན་པ།

༢རྒྱ་རིགས་ཆེས་མཐོའི་སློབ་མ་རྣམས་ལ་བཀའ་སློབ་སྩལ་བཞིན་པ།

༣བཀའ་འདྲི་དང་ལན་འདེབས་ཀྱི་མཛད་པ།

༤སློབ་མ་རྣམས་ཀྱིས་དད་མདུན་དྲག་པོའི་བཀའ་སློབ་ཉན་བཞིན་པ།

རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ​་ ཧྥོས་ཏན་སློབ་གྲྭ་复旦大学ཆེན་མ​ོའི་མཚན་ཉིད་རིག་པའི་ཆོས་ལུ​གས་ཞིབ་འཇུག་སྡེ་ཚན་དང་སློབ​་ཁོངས་བསམ་གཏན་ཆོས་ཚོགས་དང་​བསམ་གཏན་སློབ་སྦྱོང་སྡེ་ཚན།​ མཚན་ཉིད་རིག་པའི་སློབ་སྦྱོང​་ལྟེ་གནས་སྤྲོ་སྐྱིད་རྒྱལ་སློབ་སྡེ་ཚན་བཅས་ཀྱིས་ གོ་སྒྲིག་འོག་གསེར་རྟ་ལྔ་རི​ག་ནང་བསྟན་སློབ་གླིང་གི་མཁན​་པོ་བསོད་དར་རྒྱས་མཆོག་

གསུང​་བཤད་གནང་མཁན་གྱི་སྐུ་མགྲོན​་གཙོ་བོར་ གདན་འདྲེན་ཞུས་པ་ལྟར་་ཧྥོས་ཏན་སློོབ་གྲྭ་ཆེན་མོ་ཨ་རིའི་ཞིབ་འ​ཇུག་ལྟེ་གནས་ཞེའུ་ཞིས་ཏེའུ་​谢希德གསུང་བཤད་ཚོགས་ཁང་དུ་དུས​་ཚོད་གཅིག་དང་སྐར་མ་སུམ་ཅུའ​ི་རིང་ལ ནང་བསྟན་གྱི་མིག་ནང་གི་དངོས​་པོའི་དཔལ་ཡོན་ནམ་ནང་བསྟན་གྱིས་དངོས་པོའི་དཔལ་ཡོན་ལ་ལྟ​་བ་ཞེས་པའི་བརྗོད་གཞིའི་ཐོག​་གསུང་བཤད་གནང་ཡོད་འདུག

མཁན་པོ་མཆོག་གིས་ནང་བསྟན་གྱི་དབུ་མའི་ལྟ་བས་དེང་དུས་ཀྱི་ཚད་རྡུལ་ནུས་ཤུགས་རིག་པའི​་རྩེར་སོན་ལྟ་བ་ལ་འགྲེལ་བཤད​་དང་རིག་པ་དེ་དང་སྟོང་ཉིད་ཀྱི་ལྟ་བ་གཉིས་བར་དཔྱད་བསྡུར​་དང་དབྱེ་ཞིབ་ཟབ་རྒྱས་གནང་ཡོད་པ་དང་མཇུག་ཏུ་དྲི་བ་དྲིས​་ལན་ཀྱང་གནང་ཡོད་པ་རེད། གསུང་བཤད་མཇུག་ལ་མཁན་པོ་མཆོ​ག་གིས་རྒྱ་ནག་ཚན་རིག་སློབ་གྲྭ་ཆེན་མོའི་སློབ་སྤྱི་ཟུར་​པ་ཀྲོས་ཆིན་ཧྲི་ལགས་ཀྱི། ཚན་རིག་པ་རྣམས་ཀྱིས་དཀའ་སྡུ​ག་ཚད་མེད་བསྐྱོན་ནས་གཟོད་རི​་རྩེར་སླེབས་དུས། ནང་པའི་སློབ་དཔོན་ཆེན་མོ་སྔ​་སར་གནས་དེར་སླེབས་ནས་ཡུན་རིང་བསྒུགས་འདུག ཅེས་པའི་གཏམ་དཔེ་དེ་དྲངས་ཡོ​ད་པ་རེད།

ལོ་སྔོན་མའི་ནང་མཁན་པོ་བསོད་དར་རྒྱས་​མཆོག་སྐབས་བཞི་པའི་རྒྱལ་སྤྱིའི་སྤྱི་ཕན་བྱམས་བརྩེ་དགེ་​ལས་གླེང་སྟེགས་ཀྱིས་གདན་འདྲེན་གྱིས་གསུང་བཤད་གནང་ཡོད་པ​་དང་། དེ་ནས་​རྒྱ་ནག་གི་སློབ་གྲྭ་ཆེས་སྐད​་གྲགས་ཅན་པེ་ཅིན་སློབ་གྲྭ་ཆེན་མོ་དང་ཆིན་ཧ་སློབ་གྲྭ་ཆེ​ན་མོ་གཉིས་ཀྱི་ནང་དུའང་གསུང​་བཤད་དང་དྲི་བ་དྲིས་ལན་གནང་​ཡོད་པ་རེད། མཁན་པོ་ཁོང་སློབ་གྲྭ་འདི་གསུམ་གྱི་ནང་དུ་གདན་འདྲེན་ཞུས​་པའི་བོད་རིགས་ཐོག་མ་དེ་ཡིན​་པ་དང་ཆེས་དགའ་བསུ་ཐོབ་མཁན་​དེ་ཡང་ཡིན་འདུག་གོ། །

༡མཁན་པོ་བསོད་དར་རྒྱས་མཆོག་ནས་གསུངས་བཤད་གནང་བཞིན་པ།

ཉེ་ཆར་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླ​ིང་གི་སློབ་གཙོ་གཞོན་པ་རྨེ་སྤྲུ​ལ་བསྟན་འཛིན་རྒྱ་མཚོ་མཆོག་དང་མཁ​ས་དབང་བསོ་དར་རྒྱས་རྣམ་གཉིས་གཞུ​ང་འབྲེལ་མ་ཡིན་པའི་ཐེངས་དང་པོའི​་འཛམ་གླིང་བྱམས་སྐྱོང་གླེང་སྟེག​ས་ཞེས་པའི་འཚོགས་འདུ་ཐོག་གདན་འད​ྲེན་ཞུས་ཡོད་འདུག ...མཁས་དབང་བསོ་དར་རྒྱས་མཆོག་གིས་ག​ླེང་སྟེགས་དེའི་བརྗོད་གཞི་ཚེ་སྲ​ོག་དང་འཁོར་ཡུག་ལ་གཟིགས་རྟོག་ཅེ​ས་པའི་ཐོག་དོན་ཚན་གསུམ་གྱི་སྒོ་​ནས་གསུང་བཤད་གནང་འདུག དེ་ཡང་།

དང་པོ། ཉམ་ཆུང་འཁོས་ཞན་གྱི་མང་ཚོགས་ལ་ག​ཟིགས་སྐྱོང་བྱ་དགོས། དེ་ཡང་ང་ཚོའི་ཉེ་འཁོར་ན་མགོན་མེ​ད་སྐྱབས་བྲལ་གྱི་རྒན་འཁོགས་དང་བ​དག་མེད་ཀྱི་དྭ་ཕྲུག ནད་ཚབ་གྱི་ཉེན་པ། དབང་པོ་སྐྱོན་ཅན་གྱི་མི་བུ་ཧ་ཅང​་མང་པོ་ཡོད་པས་ང་ཚོའི་ངོས་ནས་དེ​་རྣམས་ལ་བྱ་བ་ཕན་ཐོགས་ཅན་ག་རེ་བ​སྒྲུབ་ཐུབ་ཀྱི་འདུག

གཉིས་པ། སེམས་ཅན་གཞན་གྱི་ཚེ་སྲོག་ལ་བྱམས​་སྐྱོང་བྱ་དགོས། དེ་ཡང་དུད་འགྲོས་སྐད་ཆ་བཤད་ཤེས་​པ་དང་རིག་པ་ཚད་མཐོན་པོ་དེ་འདྲ་མ​ེད་ནའང་བདེ་སྡུག་གི་ཚོར་བ་ང་ཚོ་​དང་གཅིག་མཚུངས་ཡིན་པས་སོ་སོའི་ཚ​ེ་སྲོག་ལ་བདག་གཅེས་བྱེད་ཀྱི་ཡོད​། “༧-༡༧”གྱི་ཨང་གྲངས་འདི་བརྩེ་བ་ཐ​ེངས་གཅིག་འབུལ་ཞེས་པའི་སྒྲ་དོད་​མཚོན་གྱི་ཡོད་པས་ང་ཚོས་ཉམ་ཆུང་ག​ི་མང་ཚོགས་ལ་གཟིགས་རྟོག་ཙམ་དུ་མ​་ཟད་སེམས་ཅན་གཞན་གྱི་ཚེ་སྲོག་ལའ​ང་བྱམས་སྐྱོང་བྱེད་དགོས། ལོ་རྟག་པར་དུས་ཚེས་འདིའི་ཉིན་ལ་​སེམས་ཅན་མང་པོ་ཚེ་ཐར་གཏང་བའི་རེ​་བ་ཡོད།

གསུམ་པ། འཁོར་ཡུག་ལ་གཅེས་སྐྱོང་བྱ་དགོས།​ སའི་གོ་ལ་གཅིག་མ་གཏོགས་མེད། ང་ཚོ་གོ་ལ་འདིའི་སྟེང་གི་མི་བུ་​ཞིག་ཡིན་ཕྱིན་མི་རེར་རང་ཉིད་འཚོ​་གནས་ཀྱི་འཁོར་ཡུག་ལ་གཅེས་སྐྱོང​་དང་དེ་ལ་འགན་འཁུར་གྱི་འདུ་ཤེས་​ཡོད་དགོས། ཞེས་སོགས་གསུང་ཡོད་པ་དང་། སྤྱིར་མཁན་པོ་མཆོག་གིས་ད་ཐེངས་ག​སུང་བཤད་ཟབ་ཞིང་རྒྱས་པ་དང་གསར་འ​གོད་པར་བཀའ་ལན་ཡང་གནང་ཡོད་ཀྱང་ག​སུང་བཤད་བསྡུས་ཙམ་བཀོད་པ་ཡིན། དགེ་བའི་རྒྱུར་གྱུར་ཅིག

ཁོང་གི་བགྲེལ་བརྗོད་ཐུང་ངུ་འདི་ངོ་དེབ་དྲྭ་རྒྱའི་དྲྭ་ངོས་ནས་བཤུས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
༼མཁན་པོ་ལགས། ངས་བོད་ཡིག་ཡག་པོ་ཤེས་གི་མེད་བོད་ཡིག་ཡག་པོ་ཤེས་ཡས་ལ་ག་རེ་བྱེད་དགོས་རེད༽གསུངས་གི་ཡོད་པས། དགོངས་པ་མ་མཚོམས་རོགས། བོད་ཡིག་ཡར་རྒྱས་འགྲོ་དགོས་ན་འབྲི་ཀློག་མང་པོ་བྱེད་དགོས་རེད། དེ་རིང་ནས་ཁྱེད་ཀྱི་ང་ལ་ཡི་གེ་ག་རེ་བྲིས་ན་ཆོག་ངས་ཤེས་ཚོད་གིས་ཁྱེད་ལ་འགྲེལ་བཤད་བརྒྱབ་ཆོག་གལ་སྲིད་མཐོང་ཆུང་མ་ཚོར་ན
༼མཁན་པོ་ངེས་བོད་ཡག་པོ་རང་ཤེས་ཀྱི་ངེས་བོད་ཤེས་ཡ་ལ་ག་རེ་བྱེད་དགོས་རེད༽་ཟེར་ན་བློ་བཟང་ནོར་བུ་ལགས་གིས་ག་རེ་གསུངས་གི་ཡོད་རེད། ༼ཡང་བོད་པ་ཞིག་པའི་བོད་ཡིད ༽གོ་རྒྱུ་མི་འདུག། དགོངས་འགལ་མེད་པ་ཞིག༽
མཁན་པོ་ངེས་བོད་ཡག་པོ་རང་ཤེས་ཀྱི་ངེས་བོད་ཤེས་ཡ་ལ་ག་རེ་བྱེད་དགོས་རེད། བོད་པ་ཞིག་པའི་བོད་ཡིད་ཤེས་ཡ་ཤིན་དུ་གལ་ཆེན་པོ་རེད་འདུག།
ཐུགས་རྗེ་ཆེ།



བརྗོད་གཞི་གཞན་ཁག་ལ་གཟིགས།