ཕ་ཡུལ་ནས་ང་ཚོ་ལ་འཕྲིན་ཡིག་ཞིག་འབྱོར་འདུག

ཕ་ཡུལ་ནས་ང་ཚོ་ལ་འཕྲིན་ཡིག་ཞིག་འབྱོར་འདུག དོ་སྣང་གནང་རྒྱུ་ཧ་ཅང་གལ་ཆེ། ཁྱིམ་ཚང་ཞིག་གི་ཐབ་ཚང་ནས། གཟིམས་མ་མྱོང་བའི་མར་མེ་ཚེ་འབར་ལགས། ད་ཕྲུག་ཁྱུ་ཡིས་རེ་སྒུག་གི་འདུན་མ། བཅངས་བའི་སེམས་ཀྱི་ཡབ་ཆེན་ལགས། ངས་ཁྱེད་ལ་ཞུ་འཕྲིན་སེམས་ཀྱི་མཆོད་པ་ཕུལ།

ཞོག་པའི་ལྷ་བསངས་གཏོང་དུས།
རློང་རྟ་དགོང་ལ་མཆོད་ཡོད། ཀི་བསོ་ཡིས་བསྟོད་པའི་དུད་སྤྲིན་དང་ལྷན་དུ་་གསོལ་འདེབས་ཀྱི་སྨོན་ཚིག་ཁྲི་འབུམ་བསྐུར་ཡོད།
ཡུན་རིང་བྲལ་བའི་རྒྱང་རིང་གི་སེམས་ཀྱི་ཡབ་ཆེན་ལགས།

ཁྱེད་རང་སྐུ་ཁམས་བདེ་ལགས་སམ། རང་ཁྱིམ་དྲོད་ཀྱིས་སྟོང་བའི་གཞི་བྱས་ཀྱི་ཕུ་ནུ་མིང་སྲིང་ཚོ། ཁྱེད་རྣམ་ཕུང་་ཁམས་བདེ་མོ་ཡིན་ལགས།
རྩྭ་་ཐང་འཁྱག་གིས་བསྡམས་ སྦྲ་གུར་རླུང་གིས་བསྐྱོད་པའི་ཕ་ཁྱིམ་ན་ བདག་མེད་ཤུལ་ལུས་ཀྱི་སྤུན་ཟླ་མིང་སྲིང་ཚོ་ སྡུག་བསྔལ་གྱི་མིག་ཆུ་ཁྲོམ་ཁྲོམ་ལས་ བདེ་སྐྱིད་ཀྱི་དགོད་སྒྲ་ཐོས་མ་མྱོང་ དྲན་གདོང་གི་ཤུགས་རིང་ནར་ནར་ལས།
ལྷན་འཛོམས་གྱི་སྐལ་བ་རྙེད་མ་མྱོང་་་་ཉིན་རེ་ནས་ཉིན་རེ་ཟླ་རེ་ནས་ཟླ་རེ་ལོ་རེ་ནས་ལོ་རེ་་་་ དབྱར་དགུན་གྱི་དུས་ཚིག་རེས་སུ་འཁོར་ཡང་ང་ཚོའི་རུམ་དུ་བུ་ཡུག་རྐྱང་རྐྱང་འཚུབ། མཁྱེན་མཁྱེན་བླ་མ་མཁྱེན།
འོན་ཀྱང་ཨ་ཕ་ལགས་་་་ཁྱེད་རང་ཐུགས་སེམས་སྐྱོ་མི་དགོས་ འུ་ཚང་གི་ཁྱིམ་དུ་བདེ་སྐྱིད་དེ་འདྲ་མེད་ཀྱང་་་

ཨ་ཕའི་གདམས་ངག་སྔར་བཞིན་དྲོད་ཁོལ་ལྡན་་་

ཕ་ཤུལ་བུ་ཡིས་འཛིན་་་ ཕ་ཆོས་སེམས་ཀྱིས་སྒྲུབ་་་

ཕ་ཡིག་སྦྱོང་ལ་བརྩོན་་ ཕ་སྐད་གཙང་མ་བཤད་་་ ཕ་སྲོལ་རྒྱུད་ཀྱིས་འཛིན་་་ ཕ་ཟས་རྒྱུན་དུ་རོལ་་ ཕ་ཁྱིམ་སྙིང་ནས་བརྩེ་བཞིན་ཡོད།
ཨ་ཕ་ལགས། ངས་བརྗེད་དཀའ་བ་ནི་ཁྱེད་ཡིན་ལ། དྲན་སླ་བ་ནི་ཁྱེད་ཡིན།

ཁྱེད་ནི་བརྩེ་བའི་ཕ་ཡིན་་ བྱམས་ལྡན་གྱི་མ་ཡིན་་

སྐྱོབས་པའི་ལྷ་ཡིན་་་ རེ་སའི་དཔོན་ཡིན། ཁྱེད་ནི་ཕ་གཞིས་ཀྱི་བདག་པོ་ཡིན་ལ། བུ་ཚང་གི་རེ་བ་ཉག་གཅིག་ཡིན་་་

ཨ་ཕ་ལགས་ཉིན་མོ་སེམས་སུ་འཁོར་ཡང་་

མཚན་མོ་རྨི་ལམ་ནང་ནས་མཇལ། ཨ་ཕ་ལགས་ཞོག་པའི་ཉི་གཞོན་གྱི་གཟི་བྱིན་དང་འགྲོག་ནས། རང་ཡུལ་ཕྱོགས་སུ་སླེབས་རོགས།

ང་ཚོའི་ལོ་ཟླ་སོར་རྩེར་བགྲང་ནས་ཁྱེད་ལ་རེ་ཞིང་སྒུག་བཞིན་ཡོད།

སླད་མར་ཁྱེད་ཉིད་སྐུ་ལུས་གསེར་གྱི་ཉི་མ་ལ་སྤྲིིན་ནག་པོ་གཡོར་བ་མེད་པ་རྟག་ཏུ་བརྟན་ཞིང་ ཕ་བུ་འདུ་ནས་གྱེས་ཀྱང་སླར་ཡང་འདི་རུ་འཛོམས་པའི་སྨོན་ལམ་ཡང་ཡང་ཞུ།

ཚིག་རྩོམ་པ་པོ།
ཤེས་རབས་སེང་གེ
གཞས་པ་དང་དབྱངས།
བདེ་སྐྱིད་ཚེ་རིང་།
གཞས་ཚིག་འདྲ་བཤུ་བྱེད་མཁན་ང་རང་ཡིན།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ཁྱེད་ཀྱི་འཕྲིན་ཡིག་འབྱོར་དུས།་་ཕ་བུ་འཛོམས་པ་ལུས་ཡོང།་་བླ་མའི་གདམས་ངག་དྲན་ན།་་ཕ་བུ་འཛོམས་པ་ལུས་ཡོང།་་བློ་སེང་ཁྲི་ལ་འཁོད་དུས་།་་ཕ་བུ་འཛོམས་པ་ལུས་ཡོང།་་ལ་རྒྱ་ཐུགས་ལ་བཅངས་དུས་།་་ཕ་བུ་འཛོམས་པ་ལུས་ཡོང།་་རིགས་གཞུང་གཅེས་ཉར་བྱེད་དུས་།་་ཕ་བུ་འཛོམས་པ་ལུས་ཡོང།།།



བརྗོད་གཞི་གཞན་ཁག་ལ་གཟིགས།