༤༧༽ ང་དང་བོད་ཀྱི་བུ་མོ།

༄༅། །ང་དང་བོད་ཀྱི་བུ་མོར།
སྐྱེ་བ་སྔོན་མའི་ལས་ཡོད།།
སྒོར་མོ་ནོམ་པ་ཆེ་ཡང་།།
ང་ལ་སེམས་འཕྲལ་མི་འདུག།

སྒོར་མོ།
སྒོར་མོ།
བོད་པའི་བུ་མོ་ཁྱོད་ཀྱི་གཡོག་མོ་མིན།།
ང་དང་བོད་ཀྱི་བུ་མོར།།
མེས་པོས་ཞལ་ཆེམས་བཞག་ཡོད།།
མགོ་སེར་བྱང་ཆ་ཆེ་ཡང་།།
ང་ལ་སེམས་འཕྲལ་མི་འདུག།

 

མགོ་སེར།
མགོ་སེར།
བོད་པའི་བུ་མོ་ཁྱོད་ཀྱི་མནའ་མ་མིན།།
ང་དང་བོད་ཀྱི་བུ་མོར།།
སེམས་ཀྱི་ཁྱིམ་གཞིས་གཅིག་ཡིན།།
གནས་ཚང་ཀ་བ་སྦོམ་ཡང་།།
ང་ལ་སེམས་འཁྲལ་མི་འདུག

གནས་ཚང་།
གནས་ཚང་།
བོད་པའི་བུ་མོ་ཁྱོད་ཀྱི་གསང་ཡུམ་མིན།།
༢༠༠༩་༩་༡༥་དགོང་མོར་ལྡི་ལི་ནས་རྡ་སར་བསྐྱོད་པའི་མོ་ཀྲའི་ནང་བྲིས།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
སྙིང་པོ་མིན་འདུག་།



བརྗོད་གཞི་གཞན་ཁག་ལ་གཟིགས།