༤༠༽ 《ཕ་ཡུལ་སྡེ་དགེ་》 ཞེས་པའི་གཏམ་རྒྱུད་བརྙན་འཕྲིན།

《ཕ་ཡུལ་སྡེ་དགེ་》 ཞེས་པའི་གཏམ་རྒྱུད་བརྙན་འཕྲིན།
ཟླ་འདིའི་ཚེས་༧ ཉིན་བོད་ཀྱི་བརྙན་འཕྲིན་པར་རྒྱག་མཁན་སྐད་གྲགས་ཅན་དང་། འཁྲབ་ཁྲིད་པ་རྡོ་རྗེ་ཕུན་ཚོགས་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གཏམ་རྒྱུད་བརྙན་ འཕྲིན་《ཕ་ཡུལ་སྡེ་དགེ》 ཞེས་པ་ཁམས་སྡེ་དགེའི་ཡུལ་གྱི་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོའི་མདུན་དུ་པར་ལེན་བྱེད་འགོ་རྩོམ་པའི་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།

dorjee phuntsokམཛད་སྒོའི་ཐོག་སྡེ་དགེ་རྫོང་གི་འགོ་ཁྲིད་གཙོ་བོ་དང་། པར་ཁང་གི་འགན་འཛིན་ཚེ་དབང་འཇིགས་མེད་ལགས། གེ་སར་སྒྲུང་བ་སྐད་གྲགས་ཅན་ཨ་ཉི་ལགས་སོགས་ཞུགས་ཡོད་འདུག     བརྙན་འཕྲིན་གཏམ་བརྗོད་དེའི་ནང་དུ་སྡེ་དགེ་རྫོང་གི་བོད་ཀྱི་རིགས་གནས་དར་སྤེལ་དང་། ཡུལ་སྲོལ་གོམས་གཤིས། རང་བྱུང་མཛེས་ལྗོངས་བཅས་དྲིལ་བསྒྲགས་བྱེད་པ་དམིགས་ཡུལ་བཟུང་ཡོད་པ་རེད།

 


dorjee phuntsokmoreབརྙན་འཕྲིན་འདི་ཐོག་མར་ཇུས་འགོད་བྱེད་སྐབས། རྡོ་རྗེ་ཕུན་ཚོགས་ལགས་དངོས་སུ་འཁྲབ་གཞུང་གསར་རྩོམ་ལ་ཞུགས་ཏེ། 《ཕ་ཡུལ་སྡེ་དགེ》 ཞེས་པའི་ལེ་ཚན་རེ་རེའི་ནང་མི་རིགས་ཀྱི་རིག་གནས་མཚོན་པར་བྱས་ཡོད་པ་དང། འཁྲབ་སྟོན་པ་གཙོ་བོ་ཁམས་པ་ཡིན་པ་དང་། འཁྲབ་སྟོན་པ་ཕལ་བ་དང་མི་སེར་འཁྲབ་མཁན་རྣམས་སྡེ་དགེའི་མི་ཡིན་ལ། 《ཕ་ཡུལ་སྡེ་དགེ》 ཞེས་པའི་བརྙན་འཕྲིན་འདི་ནི་ཁམས་པ་རང་གིས་འཁྲབ་གཞུང་བྲིས་ཤིང་འཁྲབ་ཁྲིད་དང་ འཁྲབ་སྟོན་བྱས་པའི་ཁམས་པའི་གཏམ་རྒྱུད་བརྙན་འཕྲིན་ཐོག་མ་དེ་ཆགས་ཡོད་པ་རེད་ འདུག །
ཁྱེད་འདིའི་ཐོག་ཕེབས་དང་ཕ་ཡུལ་སྡེ་དགེ་ཞེས་པའི་གླུ་གཞས་མཉན་ཐུབ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།