༣༩༽ཁྱོད་ལ་ཚེ་གྲོགས་གང་འདྲ་དགོས

༈ གུས་པས་རྡ་སའི་སྲང་ལམ་ན་རྒྱུ་བཞིན་པའི་ཕོ་གསར་འགའ་ལ་སོ་སོའི་མི་ཚེའི་ནང་ཆུང་མ་གང་འདྲ་ཞིག་དགོས་མིན་ཐད་རེ་རེ་ནས་གཅར་འདྲི་བྱས་ཡིན། དེ་ཡང་རབ་བྱུང་ན་ཆུང་མ་གང་འདྲ་ཞིག་དགོས། དེ་ལྟར་མ་བྱུང་ན་འབྲིང་པོ་ཞིག་ལ་གང་འདྲ་ཡོད།
དེ་ལྟར་ཡང་མ་བྱུང་ན་མཐའ་མ་ཞིག་ལ་གང་འདྲ་ཞིག་དགོས་ཞེས་དྲིས་པ་ཡིན། དེ་ནས་ཁོང་ཚོས་རེ་རེ་བཞིན་ལན་འདི་ལྟར་གནོངས་སོང་།

 

༈ དང་པོ་ཕོ་གསར་རྡོ་རྗེ་རབ་རྒྱས་ལགས་ལ་དྲིས་པ།
ཁོང་གིས་བོད་རིགས་བུ་མོ་ཡིན་མཁན་ནི་ངེས་གཏན་དགོས་ཟེར།
༈ དྲི་བ། རབ་བྱུང་ན་ཁྱེད་རང་ལ་ཚེ་རོགས་ཀྱི་བུ་མོར་ཁྱད་ཆོས་གང་འདྲ་ཚང་མཁན་ཞིག་དགོས་སམ།

༡༽ མཛེས་མ་ཞིག་ཡིན་པ།
༢༽ སེམས་བཟང་ཅན།
༣༽  བསམ་ཤེས་ཅན།
༤༽ མནའ་དེང་གི་ཤེས་ཡོན་ལྡན་པ།
༥༽ ཀུན་སྤྱོད་གཙང་མ་ཞིག
༦༽ དཀོན་མཆོག་དང་རྒན་རབས་ལ་དད་གུས་ལྡན་པ།

༈ ཚེ་རོགས་འབྲིང་པོ་ཞིག་ལ་གང་འདྲ་དགོས་སམ།
༡༽ ཤེས་ཡོན་ཅུང་ཙམ་ལྡན་པ།
༢༽ ཀུན་སྤྱོད་གཙང་མ།
༣༽ བསམ་ཤེས་ཅན།

༈ ཚེ་རོགས་ཐ་མའི་ཆ་རྐྱེན་གང་འདྲ་དགོས་སམ།
༡༽ ཀུན་སྤྱོད་གཙང་མ།
༢༽ བསམ་ཤེས་ཐུབ་མཁན་ཞིག
༈ གྲོགས་པོ་རྒྱ་མཚོ་ཐར་ལགས་ལ་དྲིས་པ།

ཁྱེད་རང་ལ་ཚེ་རོགས་རབ་ཞིག་བྱུང་ན་གང་འདྲ་ཞིག་དགོས་སམ།

༡༽ བློ་རྒྱ་ཆེ་བ།
༢༽ བསམ་ཤེས་ཅན།
༣༽ གཉོམ་ཆུང་ཡ་རབས
༤༽ བབ་ཆགས་པོ།
༥༽ དེང་རབས་ཀྱི་ཤེས་ཡོན་ལྡན་པ།
༦༽ གཟུགས་བྱད་འགྲིག་ཙམ་ཡོད་པ།
༧༽ རྒན་རབས་ལ་གུས་བཀུར་དང་། ཉམས་ཆུང་ལ་བྱམས་སྐྱོང་ཐུབ་མཁན།

༈ ཚེ་རོགས་འབྲིང་ཞིག་ལ་ཆ་རྐྱེན་གང་འདྲ་དགོས།
༡༽ སོ་སོའི་ནང་མི་ལ་བསམ་ཤེས་ཐུབ་མཁན།
༢༽ སོ་སོའི་རྐང་བ་གོང་ལ་ལང་ཐུབ་མཁན།
༣༽ ཕྲག་དོག་དང་འགྲན་སེམས་མེད་མཁན།
༤༽ གུ་ཡངས་བློ་བདེ།

༈ ཚེ་རོགས་ཐ་མ་ཞིག་ལ་གང་འདྲའི་ཆ་རྐྱེན་ཚང་དགོས་སམ།
༡༽ མི་ཚེ་མཉམ་དུབཅད་ཐུབ་མཁན་ཞིག
༢༽ སྐྱིད་སྡུག་གང་བྱུང་ཡང་བཟོད་སྒོམ་ཐུབ་མཁན།
༣༽ སེམས་བཟང་ཅན་ཞིག
༈ གྲོགས་པོ་རྒྱལ་མཚན་ཐར་པ་ལ་དྲིས་པ།

ཁོང་གིས་བོད་རིགས་བུ་མོ་ཡིན་པ་ནི་ངེས་གཏན་དགོས་ཟེར།

༈ ཁྱེད་རང་ལ་ཚེ་རོགས་རབ་ཞིག་བྱུང་ན་དེ་ལ་ཆ་རྐྱེན་གང་འདྲ་ཚང་དགོས་སམ།
༡༽ གཤིས་རྒྱུད་ཧ་ཅང་བཟང་པོ་ཞིག
༢༽ མནའ་དེང་གི་ཤེས་ཡོན་ཡག་པོ་ཤེས་མཁན་ཞིག
༣༽ ཧ་ཅང་མཛེས་མ་ཞིག
༤༽ དཔའ་འབྱོར་ཡག་པོ་ཅན་ཞིག
༥༽ ལས་ལ་བརྩོན་ཞིང་གང་ལའང་བཟོད་ཐུབ་མཁན་ཞིག
༦༽ རང་དབང་ལྡན་པའི་རྒྱལ་ཁབ་ཞིག་ཏུ་ཡོད་མཁན་ཞིག

༈ ཚེ་རོགས་འབྲིང་ཞིག་ལ་གང་འདྲ་དགོས་སམ།
༡༽ གཤིས་རྒྱུད་བཟང་པོ་ཞིག
༢༽ ཤེས་ཡོན་ཏོག་ཙམ་ཡོད་མཁན་ཞིག
༣༽ རྣམ་པ་མཐོང་བདེ་བོ་ཞིག

༈ ཚེ་རོགས་ཐ་མ་ཞིག་ལ།
༡༽ གཤིས་རྒྱུད་བཟང་པོ་ཞིག
ངས་ཡང་སྐྱར་བཤད་རྒྱུར། གྲོགས་པོ་ལགས། ཁྱེད་ཀྱིས་བསམ་ཚུལ་གང་འདྲ་བཟུང་ཡོད་དམ་ཡ།
ཁོང་གསུམ་གྱིས་ཆ་རྐྱེན་སྟོན་པ་དག་ལ་མ་ཚང་བ་དང་། ཁྱེད་ཀྱི་བློ་ཁར་མ་བབ་པ་གང་འདྲ་འདུག་གམ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།