༢༨༽ དེང་སང་རྡ་སར་ཡེ་ཤུའི་ཆོས་སྤེལ་མཁན་མང་པོ་འདུག

༈ ཡེ་ཤུའི་ཆོས་ལུགས་སྤེལ་མཁན། དེང་སང་རྡ་ས་ལ་ཡེ་ཤུའི་ཆོས་སྤེལ་མཁན་མང་པོ་འདུག་ད། དེང་སང་རྡ་ས་ལ་ཡི་ཤུའི་ཆོས་སྤེལ་མཁན་མང་པོ་འདུག དེའང་མི་རིགས་ལ་དབྱེ་བ་མེད་པ། རྒྱ་གར་དང་། ཉི་ཧོང་། དབྱིན་ཇི། ཇ་མན། ཨ་རི་བ། ཀོ་རི་ཡན། སོགས་ཀྱི་མི་རིགས་འདུག

ནམ་རྒྱུན་ཁོང་ཚོས་ཇ་ཁང་ཆུང་ཚག་དང་། དབྱིན་ཇི་སྐད་ཆ་བཤད་སའི་འཛིན་གྲྭ་སོགས་གཉེར་ནས་མི་འགུགས་བཞིན་འདུག དེ་ལྟར་མི་རིགས་འདྲ་མིན་དང་། དེའི་ནང་ནས་བོད་མི་དག་ཡོང་སྐབས་སྣེ་ལེན་གང་གཟབ་གནང་གིན་འདུག་ལ། དབྱིན་ཇི་སློབ་རོགས་བྱེད་ཀྱིན་འདུག སྐད་ཆ་ཤོད་ཀྱིན་ཤོད་ཀྱིན། ཁོང་ཚོས་ཡེ་ཤུའི་སྐོར་མང་པོ་གླེང་གིན་འདུག

དེ་ནས་རིམ་པ་ཡེ་ཤུའི་སྐོར་གྱི་པར་རིས་དང་བསྒྲགས་པའི་བོད་བསྒྱུར་མའི་དེབ་རེ་སྟོན་ཀྱིན་འདུག དེའི་ནང་ཡེ་ཤུའི་སྟོན་པ་མ་ཤི་ཀ་ལ་སྐྱབས་སུ་སོང་ན་ཁོང་གིས་ཇི་ལྟར་སྐྱོབ་ཀྱིན་པ་དང་། རྗེས་མ་དེའི་ཞིང་ཁམས་སུ་ཇི་ལྟར་སྐྱེ་ཚུལ་སོགས་བཀོད་འདུག ཡང་ཁག་ཅིག་གིས་བོད་ཡིག་ནང་བསྒྱུར་ཟིན་བའི་ཡེ་ཤུའི་ཆོས་སྐོར་གྱི་དེབ་ཆུང་རེ་ལམ་ཁ་དང་། སྐད་ཆ་ཤོད་ཞོལ་རིན་མེད་ཐོག་སྤྲོད་ཀྱིན་འདུག དེབ་དེའི་མིང་ལ། ༼ཐོག་མཐའ་མ་མཆིས་པའི་བླ་མ་དང་མཇལ་བ། དྲང་སྲོང་གཞོན་ནུ་ཞིག་གི་ལོ་རྒྱུས༽ ཟེར་བ་དང་། ༼མཐར་ཐུག་གི་བདེན་པའི་མྱོང་བ། རྣལ་འབྱོར་བ་ཞིག་གི་རང་རྣམ༽ ཟེར་བ་སོགས་འདུག

དེ་དག་བོད་བསྒྱུར་ཞུ་མཁན། ཌོཀ་ཊར་མཆོག་བསྟན་འཛིན་སྨོན་ལམ་ཟེར་མཁན་ཞིག་རེད་འདུག དེའང་ཐོག་དང་པོ་ཁོང་ཚོས་བོད་ཡིག་གི་ཆུ་ཚད་ཡག་པོ་ཡོད་མེད་ཐོག་སྐད་ཆ་འདྲི་བཞིན་འདུག། གལ་སྲིད་ཡག་པོ་ཡོད་ལབ་ན་དེབ་ཆུང་དེ་རེ་རེ་སྤྲོད་ཀྱིན་འདུག་གོ དེབ་དེའི་ནང་ལ་ཡེ་ཤུའི་ལྷ་ལ་དད་པ་རྣམ་དག་བྱས་ན། ལྷ་དེས་ཁྱོད་ལ་སྐྱབས་དང་སྐྱོབ་པ་མགོན་དང་དཔུར་གཉེན། ལུང་བསྟན་དང་རྟགས་མཚན་རིམ་པ་བསྟན་ཚུལ་སོགས་བཤད་འདུག

སྤྱིར་བཏང་ཡེ་ཤུའི་ཆོས་ལུགས་འདིས་འཛམ་གླིང་ཡུག་འགེངས་བྱེད་ཀྱིན་པའི་ཐབས་ལམ་ནི། ཁོང་ཚོས་རིན་མེད་དམ། རིན་གོང་ཁེ་བའི་སྨན་ཁང་དང། སློབ་གྲྭའི་གོ་སྐབས་བརྒྱུད་ནས་སྤེལ་བཞིན་ཡོད་ལ། ཉམ་ཐག་ལ་རོགས་སྐྱོར་གྱི་རྣམ་པའི་ཐོག་ནས་ཀྱང་སྤེལ་གིན་ཡོད། དེར་བརྟེན་དེང་སང་བོད་པའི་སློབ་ཕྲུག་ཡེ་ཤུའི་ཆོས་ལུགས་གྱུར་སོང་བ་དང་།
བོད་པ་ཡེ་ཤུའི་ཆོས་པ་ཡིན་མཁན་མང་པོ་ཡོང་བཞིན་ཡོད། རྡ་ས་ནས་རང་དབང་གསར་འགོད་པ་འཆམ་ར་བས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།