༢༦༽ མཚན་མོ་ཞིག་གི་སྙན་ངག

༈ ༼མཚན་མོ་ཞིག་གི་སྙན་ངག༽
མཚན་མོའི་མཛེས་ལྗོངས་ལ་རྣམ་རིག་ཞིག་ཡོད་ན་་
ངའི་ཡིད་སེམས་ལ་མནར་གཅོད་འདི་ཕོག་མི་སྲིད

 

༄༅། །མཚན་མོ་ཞིག་གི་སྙན་ངག

མཚན་ངོགས་ཀྱི་མུན་པ་དང་ལྡེབས་ནས་མི་ཡུལ་གྱི་སེམས་ཁམས་འདྲེས་ཤིང་
ཁ་ཁུ་སིམ་པའི་ནམ་གུང་ཞིག་
ཁྱི་ལྡོམ་ཚོས་ངུ་ཟུག་བྱེད་པ་དང་སྐྱོ་གདུང་གི་ཚོར་བ་སྙིང་ཁར་དྲངས་

བྲང་འོག་གི་ན་ཟུག་གང་ཞིག་ལ་བྱོ་འདོད་ཀྱིས་

ཁང་བའི་ཡང་སྟེང་དུ་ཐོན་ཡང་
ཁེར་རྐྱང་གི་ཟླ་བ་དཀར་མོ་སྤྲིན་གསེབ་ནས་ངུ་བཞིན་པ་དང་ཁེལ་


དབུགས་རིང་ཞིག་དང་ལྷན་
མིག་འབྲས་གཉིས་པོ་བཙན་གྱིས་བཀབ་སྟེ་
སུ་ཞིག་གི་ཆེད་དུ་ཟླ་བའི་མིག་ཆུ་གདོང་ལ་ཟེད་
གདུང་འབོད་ཀྱི་སྒྲ་དབྱངས་
སྐད་སྒྲ་ཧྲུལ་པོ་ཞིག་གིས་བར་སྣང་དུ་ཁྱེར་བ་དང་
ཅི་ཞིག་གི་གནས་ལུགས་རྟོགས་པ་ལྟར་
བལྟ་མི་ཚུགས་པའི་གློག་འོད་ཆིལ་ཆིལ་འཐོར་བྱུང་
སྤྲིན་ནག་འཁྲིགས་རྒྱུག་བར་ནས་
ཟླ་བ་དཀར་མོས་ངུ་བཞིན་ངུ་བཞིན་ནུབ་རི་བརྒལ་བ་དང་
སུ་ཞིག་ཀྱང་ནག་ཐོམ་མེར་རིལ་སོང་
༢༠༡༠་༥་༢༤ འཆམ་ར་བས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།