༢༥༽ བོད་ནང་གི་གཞས་ཤིག་མཉན་རྗེས།

མི་ཡུལ་ནས་རང་ཡུལ་ལ་མཉན་ཤིང་སྐྱོ་གདུང་གི་སྙན་ངག་རེ་འབྲི་
༈ གཞས་ཤིག་མཉན་རྗེས།
གདངས་དབྱངས་སྙན་པའི་གླུ་གཞས་ཤིག་དང་ལྡེབས་ནས་
ངའི་ཕྱིར་དྲན་གྱི་སེམས་པ་
རི་འགོ་འཐོ་ས་ནས་དར་ལྕེ་བཞིན་སྤུར་སོང་
རོང་ཁུང་དོགས་ས་ནས་རྦ་རླབས་བཞིན་བརྡབས་སོང་

 

འགྱུར་ཁུག་དང་སྐད་ངག་གསེང་གི་བརྗོད་དོན་རེ་རེས་
ངའི་མིག་གི་ཡང་གཏིང་ནས་ཆུ་ཐིགས་རེར་དྲངས་ཤིང་
སེམས་པ་འདི་བྱེ་ཐང་ཞིག་ལ་ཁྲིད་
བྱ་ཚོགས་འཕུར་ཤུལ་དུ་
རྡུལ་འཚུབ་ཙམ་ལས་མི་འདུག་མོད་
ལག་གཉོམ་པོས་མིག་ཟུང་འཕྱི་ཞོར་ད་དུང་གང་ཞིག་ལ་འཐམས་

ཕྱི་ལོ་༢༠༡༠་༥་༡༩།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།