༢༤༽ བོད་མི་ཞིག་གི་རྐང་བ་བཅད་འདུག

༑ སྦེལ་ཀོབ་ས་གནས་ནས་གནས་ཚུལ་འབྱོར་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢༤ཉིན་བོད་པ་སྦག་སྦག་ཞོན་མཁན་ཞིག་བརྡབ་སྐྱོན་བྱུང་ནས་རྐང་བ་བཅད་ཡོད་འདུག དེ་ཡང་སྦེལ་ཀོབ་ས་གནས་ཀྱི་བོད་པའི་ཕོ་གསར་ཚོ་སྦག་སྦག་ལ་ཧ་ཅང་དགའ་མཁན་ཞིག་ཡིན་ལ། དེ་དག་ཀྱང་ཚད་ལས་བརྒལ་བའི་འགྱོགས་པོ་གཏོང་རྒྱུ་ལ་དགའ་མཁན་ཞིག་རེད།

དེར་བརྟེན་ནམ་རྒྱུན་ས་གནས་ཡུལ་མིའི་མིག་ངོར་གཟན་སྟབས་ཕོ་གསར་རེ་གཉིས་ལ་ཉེས་རྡུང་རག་གིན་ཡོད་མོད། ད་རུང་སྐད་སྒྲ་ཡོད་ཚད་ཕྱུང་ནས་འགྱོགས་པོར་གཏོང་རྒྱུའི་དབྱིངས་དེ་རླག་མེད། དེ་ཙམ་དུ་མ་ཟད་གྲྭ་བ་དང་ཕོ་གསར་མང་པོ་ཞིག་སྦག་སྦག་གིས་བརྡབས་ནས་རྨས་པ་དང་། བསད་པ་སོགས་ཀྱི་གནས་ཚུལ་ངན་པ་རྒྱུན་དུ་ཡོང་བཞིན་ཡོད། ཟླ་འདིའི་ཚེས་༢༤ དགོང་དྲོ་ཆུ་ཚོད་བཞི་བ་ཙམ་ལ། ལུགས་བསམ་གྲོང་སྡེ་གཉིས་པ་དང་གསུམ་བའི་བར་ན། སྦག་སྦག་བཞོན་ནས་ཡོང་བཞིན་པའི་བོད་པའི་ཕོ་གསར་ཞིག་རྨོས་འཁོར་འཕྲུལ་ཆས་ལ་བརྡབས་ཏེ་རྐང་པ་ཡ་གཅིག་དེ་ག་རང་ལ་བཅད་འདུག་ཟེར། ཁོང་གི་མིང་ལ་བཀྲ་ཤིས་དཔལ་ལྡན་ཟེར་ཞིང། བོད་ནས་གསར་དུ་

འབྱོར་མཁན་ཞིག་རེད། ཁོང་ལ་སྐྱེས་དམན་མོན་པའི་བུ་མོ་ཞིག་དང་། ཕྲུག་གུ་གཅིག་ཡོད། བརྡབས་སྐྱོན་བྱུང་མ་ཐག་གྲོང་སྡེ་གཉིས་པའི་འཕྲོད་བསྟེན་སྨན་ཁང་ལ་བསྐྱལ་ནས་མྱུར་སྐྱོབ་སྨན་བཅོས་བྱས་ཤིང་། དེ་རྗེས་མེ་སོར་ས་གནས་རྒྱལ་ས་ལ་ཁྱེར་ཡོད་འདུག ཁོང་གིས་ཛ་དྲག་གི་གནས་ཚུལ་ལྷག་རྗེས་སྐྱེས་དམན་དང་ཕྲུག་གུ་མཐོང་འདོད་ཀྱི་རེ་བ་བྱེད་བཞིན་འདུག་ཟེར། ད་ཆར་ཁོང་ཤི་གསོན་གྱི་ཐག་ཆོད་མེད་པ་སྨན་ཁང་ལ་ལུས་ཡོད་འདུག རྨོས་འཁོར་འཕྲུལ་ཆས་དེའི་སྦྱིན་བདག་བོད་པ་དང་། རླངས་འཁོར་དེ་གཏོང་མཁན་རྒྱ་གར་ཡུལ་མི་ཞིག་ཡིན་རབས་འདུག ངས་ཤེས་ཚོད་ལ་ཁོང་ཡང་ནམ་རྒྱུན་ནས་མིག་སྔར་གཟན་པའི་སྦག་སྦག་གཏོང་མཁན་ཞིག་རེད།
རང་དབང་གསར་འགོད་པ་འཆམ་ར་བས་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༢༧༢༠༡༠༡༨༥༦
ཨ་ཅོ་ངོ་སྦོ་སྦོ་ཞན་མི་ཤེས་མཁན་་་་་ ་འོས་སུ་་་་་་་་་་་་་་་་དགུ་དུ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་good



བརྗོད་གཞི་གཞན་ཁག་ལ་གཟིགས།