༢༡༽ ཁ་བ་ཆར་དུ་གྱུར་སོང་།

drime༄༅། །ཁ་བ་ཆར་དུ་གྱུར་སོང་།།
༼སྨན་བླ་སྐྱབས་ཀྱི་ཚིག་གཡར༽


རླུང་
བུ་ཤུགས་ཀྱིས་ལྡང་ཤུལ་ནས་
འདབ་
ལོ་རྣམས་ལྷོད་ཀྱིས་ས་ཁར་བབས་སོང་
ཁྱི་
ལྡོམ་ཚོ་ཅི་ཞིག་གིས་སྡང་སེམས་སྐྱེས་ནས་ཟུག་བཞིན་འདུག་ཀྱང་
རྡུལ་
འཚུབ་ཀྱི་གསེབ་ནས་ལམ་འགྲོ་བའི་མིག་ལོག་ཙམ་ལས་ཅི་ཡང་ཐོབ་མ་སོང་


གང་
ཞིག་གི་མྱ་ངན་ཡིན་ནམ་
སུ་
ཡང་མེད་པའི་མཚན་མོ་ཞིག་
གྲང་
རླུང་གི་ངུ་འབོད་ཁྲོད་ནས་གནམ་རྒན་མས་མིག་ཆུ་གཏོང་བྱུང་
འོན་
ཀྱང་ཟོག་ནག་གི་མཁུན་སྒྲ་ཙམ་ལས་ཅིའང་ཐོས་རྒྱུ་མི་འདུག


ང་
རྒྱལ་ཞིག་གིས་
སྤྲིན་
དཀར་གྱི་མེ་ཏོག་བར་སྣང་ནས་བཏོར་སོང་ཡང་
རྒྱང་
རིང་གི་མི་ཡུལ་ནས་ཁ་བ་ཆར་དུ་གྱུར་ཏེ་
གཙང་
བོའི་བཞུར་རྒྱུན་དང་འགྲོགས་ནས་རྒྱ་མཚོར་འདྲེས་ཀྱིན་འདུག


རང་
ངོ་མ་ཟིན་པའི་རྨི་ལམ་གྱི་འཁྲུལ་སྣང་ཀློང་ནས་
སྐྱེལ་
མའི་ཁ་བཏགས་ཤིག་འདི་ལྟར་གཡོག་བཞིན་འདུག
"རེ་
བ་འདུག བློ་བདེ་བོ་གྱིས''
འདི་
ལ་འདར་ཧྲིལ་ལེ་བའི་སེམས་པ་མང་པོ་ཞིག་བསྟེན་པའང་སྙི་མོ་རེད།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།