༡༨༽ ནོར་གླིང་དུ་སྐབས་གཉིས་པའི་སྙན་ངག་གྱེར་འདོན་འཚོགས་པ།

རྩོམ་པ་པོ་དང་སྙན་ངག་པ་སུམ་ཅུ་ཡན་མན་འཛོམས་ནས་ནོར་གླིང་དུ་ཤེས་རབ་ཀྱི་ནམ་མཁར་ཕྱོགས་པ་སྐབས་གཉིས་པའི་སྙན་ངག་པ་དང་རྩོམ་པ་པོའི་འདུ་འཛོམས་དེ་ཁ་སང་ཕྱི་ཚེས་༩ དགུའི་ཉིན་འཚོགས་སོང་།

ཕྱི་ལོ་༢༠༡༠་༥་༩ ཉིན། ནོར་གླིང་དུ་༼ཤེས་རབ་ཀྱི་ནམ་མཁར་ཕྱོགས་པ་༽ཞེས་པའི་སྙན་ངག་གྱེར་འདོན་སྐབས་གཉིས་པ་འཚོགས་ཏེ་རྒྱལ་ཁའི་ངང་གྲོལ་ཡོད་པ་རེད། སྐབས་དང་པོ་ནི་ན་ནིང་༧གོང་ས་མཆོག་ལ་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཕུལ་བའི་དུས་དྲན་ཉིན་འཚོགས་ཡོད་པ་དང་། དེའི་སྐབས་སུ་༧གོང་ས་མཆོག་གི་གསང་གསུམ་གྱི་ཡོན་ཏན་དང་མཛད་འཕྲིན་བཅས་ལ་ཕྱོགས་པའི་སྙན་ངག་གྱེར་ནས་སྙན་ངག་སྐོར་ལ་བགྲོ་གླེང་གནང་ཡོད་པ་རེད

། ད་རེས་སྐབས་གཉིས་པའི་སྙན་ངག་གྱེར་འདོན་སྐབས། ༡༽ ཁམས་སྐྱེ་མདོའི་ས་ཡོམ་གྱི་གོད་ཆག་ལ་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་ལ་ཆེད་དུ་དམིགས་ནས་སྙན་ངག་གྱེར་འདོན་དང་ས་རྟགས་བསྡུ་རུམ།

༢༽ཞོགས་དུང་གཙོས་པའི་བོད་ནང་གི་གྲགས་ཅན་རྩོམ་པ་པོ་དགྲ་མིའི་བཙོན་འོག་ན་ཡོད་པ་དག་གི་ཆེད་སོགས་ལ་དམིགས་ནས་བསྒྲགས་གཏམ་སྤེལ་བ།

༣༽ གཞན་ཡང་ཞོགས་དུང་གི་གནམ་ས་གོ་འབྱེད་དང་། སྒྲོལ་མ་སྐྱབས་ཀྱི་ལྷན་འཇགས་མེད་པའི་ཧི་མ་ལ་ཡ། ཐེའུ་རང་བཅས་ཀྱི་རྩོམ་ཆོས་དང་རྩོམ་པ་པོའི་སྐོར་ལ་བགྲོ་གླེང་གནང་བ་སོགས། བརྗོད་གཞི་གསུམ་གྱིས་གྲུབ་ཡོད་པ་ཞིག་རེད།

ད་རེས་ཀྱི་འདུ་ཚོགས་འདིའི་སྐབས་སུ། དགེ་ལུགས་སྤྱི་མཐུས་བེ་རི་འཇིགས་མེད་ལགས། ནོར་གླིང་ཉམས་ཞིབ་འགན་འཛིན་རྡོ་རྗེ་དབང་ཕྱུག་ལགས། ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་དྲོ་ལགས། ནོར་གླིང་རྒན་ལྷ་ལུང་རྒྱལ་ལགས། ནོར་གླིང་ཉམས་ཞིབ་པ་ཨ་འཇམ་ལགས། བཅས་གཙོས་པའི་རྩོམ་པ་པོ་དང་། སྙན་ངག་པ་སུམ་ཅུ་ཡན་མན་འཛོམས་ཡོད་འདུག། གནས་ཚུལ་རྒྱས་པ་མཁྱེན་འདོད་ན་ཟུར་དུ་གླེང་མོལ་གྱི་ལམ་ནས་བཤད་ན་མཐུས་པའི་གསར་བསྒྲགས་སུ། རང་དབང་གསར་འགོད་པ་འཆམ་ར་བ་ཕྱི་༢༠༡༠་༥་༡༠་ཉིན།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།