༡༤༽ ཤབ་བྷ་ལར་བསམ་ཚུལ།

༈ རྩེ་སྐར་ལ་བཏབ་པའི་མཆན་ཞིག། དྲྭ་རྒྱ་འདི་ཡར་རྒྱས་གཏོང་དགོས་པའི་ཟུར་འགའ་གླེང་རྒྱུ་ཡིན། ཁ་སྔོན་ནས་འདིའི་ཕྱོགས་ཀྱི་བསམ་ཚུལ་ཟིན་བྲིས་ཤིག་འབྲི་འདོད་བྱུང་མོད། ཡང་ཁ་མ་ཐུག་གོང་ནས་སྣ་ཐུག་པའི་དཔེར་ལྟར་རྟོག་པ་འཆར་དེ། དེ་མུར་ལུས། ཡིན་ནའང་དྲྭ་སྒོར་འཛུལ་ཞུགས་བྱ་རྒྱུའི་ཐད་ཀྱི་དཀའ་ངལ་དང་།

ཟིན་བྲིས་གཏོང་སའི་མགོ་རྙོག་མང་པོ། ད་རུང་ཟིན་བྲིས་པ་སྤྱི་ཡོངས་ནས་མཐོང་ཐབས་མེད་པ། པར་རིས་འགྲིམ་བཀོད་ཀྱི་དཀའ་ངལ། སོགས་ཤམ་བྷ་ལའི་ལས་མི་དག་ངོ་ཐུག་བྱས་ནས་ཞུས་རྒྱུ་བྱུང་།

དེའི་ནང་ནས་དཔེར་མཚོན་ཤིག་ཞུ་ན། ད་ལྟའི་ཤམ་བྷ་ལའི་ཟིན་བྲིས་ནང་པར་རིས་བཀོད་པའི་ཟིན་བྲིས་མཐོང་དཀོན་པ་འདི་གང་གི་ཉེས་སྐྱོན་རེད་དམ། པར་རིས་བཀོད་པའི་གསར་འགྱུར་ལ་མཚོན་ན། འགྲེལ་བཤད་སྟོང་གིས་དོ་ཟླ་མེད་པའི་ནུས་ཤུགས་ཤིག་ཡོད་པ་རེད།

ཡིན་ནའང་དེ་འདྲའི་ཤུགས་ནུས་དེ་ང་ཚོས་དྲྭ་བ་འདིའི་ངོས་ནས་ལོངས་སྤྱོད་རྒྱུ་མེད་པ་ནི། ཟིན་བྲིས་པ་ཚང་མ་ལ་དཀའ་ངལ་ཞིག་འཕྲད་ཀྱིན་པ་ལས་པར་རིས་བཀོད་རྒྱུ་མེད་པས་གཏན་ནས་མིན་པ་དེ་ངེས་དགོས། ཁོང་ཚོའི་ལུང་བསྟན་ལྟར་གུས་པས། པར་རིས་བརྒྱུད་འགོད་ཀྱི་ལམ་ཁ་ཉུལ་ཏེ། པར་རིས་འགོད་འཆར་ལ་ཕྱོགས་ཀྱང་། གཏན་ནས་ལམ་ལོངས་མ་བྱུང་བ་ནི། ངའི་ཀླད་རྩ་འདི་གཅིག་པུའི་ཉེས་སྐྱོན་མིན་པ་འདུག།

དེ་དག་ནི། ཕྱོགས་འདིར་ཡར་རྒྱས་གཏོང་འོས་པའི་མཐོང་སྣང་བརྗོད་པ་ཙམ་ལས། མཛེས་སྡུག་དང་ལེགས་ཆའི་ཕྱོགས་མེད་སོང་བས་ཡིན་པར་ངོས་འཛིན་མི་རུང་། དཔེར་ན། སུ་ཞིག་གི་མཆན་བུ་དེའི་སྟེང་ནས་མཆན་འགོད་པའི་ཟིན་བྲིས་ནང་ཁ་བཏུག་རྒྱུག་ཐུབ་པ། མཆན་བུ་གསར་བ་ཁག་མིག་སྔར་མཐོང་ཐུབ་པ།  ད་རུང་རྩོམ་ཡིག་དག་ཇི་ཙམ་ཀློག་ཀྱིན་པའི་གྲངས་ཚད་སོགས་གཞན་ལ་མེད་པའི་ཁྱད་ཆོས་ཀྱང་མང་པོ་ཡོད།

དེ་ལས་ཀྱང་དྲྭ་བདག་གི་ངོས་ནས་རྩོམ་མཁན་དག་གི་ངོ་བརྒྱུད་ཀྱི་གདོན་གྲིབ་མེད་པ་ཧ་ཅང་གུ་ཡངས་དང་བག་ཕེབས་ཀྱི་ལྡུམ་ར་ཞིག་ཡིན། གང་ལྟར་ཡང་རེ་བ་དང་ཡིད་ཆེས་ཀྱི་མདུན་ན་བཞེངས་པའི་ཤམ་བྷ་ལའི་ཟིན་བྲིས་པ་དང་། མཆན་འགོད་པ། མ་ཟད་རྒྱ་ཆེའི་ཀློག་པ་པོ། ཁྱེད་ཅག་གིས་ཀྱང་དྲྭ་རྒྱ་འདི་དང་། དེའི་ནང་ནས་ཟིན་བྲིས་ཐད་ནས་མཐུན་རྐྱེན་དང་། བསྐྱར་བཅོས་གང་དགོས་པ་འདུག རེ་རེར་ནས་དགོངས་ཕྱོགས་རྣམས་ཟིན་བྲིས་འདིའི་གཤམ་དུ་སྤུངས་རོགས་གནང་། བྱེད་ཐབས་འདི་ནི། ཤམ་བྷ་ལར་དུང་བའི་བརྡ་རྟགས་སམ། གངས་ཅན་པའི་སྒ་ཚིགས་ལ་ཕྱོགས་པའི་འགུལ་ཤུགས་རེའང་ཡིན་ངེས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།