༡༣༽ ངལ་གསོའི་སྙན་ཚིག་རེ་བྲིས་དང་།

༈ ས་གཡོས་ཀྱང་སེམས་མི་སྐྱོ།།
རང་བྱུང་རིག་པའི་ཀློང་གི་སྣང་བ་ཞིག།
སྐར་ཚོགས་དགུན་ལ་བཀྲ་བའི་མཛེས་སྡུག་དེ།།
སྒྱུ་མའི་འཇིག་རྟེན་རྟོགས་པའི་ཆོ་འཕྲུལ་ལ།།
སྡུག་གིས་རང་སེམས་མ་མནན་གངས་ཅན་པ།།
སྡིག་ཉེས་དྲི་མ་བགོ་སའི་ཀུན་གཞིའི་སྟེང།།
རྣག་ཁྲག་འབག་བཙོག་འདག་པའི་བརྡ་ཐབས་ཏེ།།
རང་ས་གཡང་གི་ཕྱུག་མོའི་སྡོང་གྲོགས་ལ།།
སུན་སྣང་ཁྲོ་གཉེར་མ་སྟོན་གངས་ཅན་པ།།

རྟག་འཛིན་ཨ་འཐས་རྒན་པོའི་ཕོ་བྲང་ལ།།
འདོད་སྲེད་སྣང་བ་དཀར་པོའི་འཁྱུད་པ་ན།།
ངེས་འབྱུང་གོ་འཕང་མཆོག་ལ་བསྐུལ་མ་སྟེ།།
གཡོས་པའི་ས་ལ་མ་སྡང་གངས་ཅན་པ།།
ཡ་ཡ།
འདུ་ར་སྟག་ཐང་ཁྲ་མོའི་གཡས་ཟུར་ནས་གྲལ་མཆོད་རྟེན་འདྲ་བའི་མགོ་མ་སྟེ།
བུ་སེང་ཆེན་འདྲ་བའི་གེ་སར་འབྱོན་ཤོག།
སྨན་རྨ་བྱ་འདྲ་བའི་འབྲུག་མོ་ཕེབས་ཤོག
ད་ལོ་སྐྱིད་པའི་ཕ་ས་ཕྱུག་མོ་ལ་ས་ནག་པོ་ཁྲོས་པའི་སྡུག་བསྔལ་ལྕི་བའི་སྐབས།
ང་ཚོས་ངལ་གསོའི་སྙན་ཚིག་རེ་འབྲི་བཞིན། ང་ཚོས་སེམས་གསོའི་སྨྱུག་གུ་རེ་འགུལ་དང་ཡ།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།