༡༡༽ ས་ཡོམ་རྗེས་ཀྱི་བོད།

༈ ས་ཡོམ་རྗེས་ཀྱི་བོད།
ཁམས་པའི་ཡུལ་ལ་ས་ཡོམ་བརྒྱབ་ནས། །མགོ་ནག་མི་ཡི་ཚེ་སྲོག་ཕྲོགས་སོང་།།
ཁ་འཐོར་བོད་མིའི་སྙིང་གི་ན་ཟུག །ཧི་མ་ལ་ཡའི་རྩེ་ནས་འཕྱུར་སོང་།།
ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔

གཤིན་པོའི་རྣམ་ཤེས་ལྷ་ཡིས་སྐྱབས་རོགས། །གསོན་པོའི་མིག་ཆུ་ཁྱེད་ལ་ཕུལ་ཡོད།།
ས་ཆེན་ལེབ་མོ་མི་རོས་བཀང་ནས། །ངུ་འབོད་སྟོང་གིས་རི་ལུང་བསྒུལ་སོང་།།
དཀོན་མཆོག་མཁྱེན། སྐྱབ་ཏུ་གསོལ།

 


གཞིས་ལུས་བོད་མིའི་སྡུག་གི་ཁུར་པོ། །མི་ཡུལ་ཕྱོགས་ཀྱི་སེམས་ལ་ལྷུང་བྱུང་།།
སྐྱོ་གདུང་མིག་ཆུ་གཅིག་ཏུ་འཁྱིལ་དུས། །གཤིན་པོའི་རྣམ་ཤེས་ཡིད་ལ་དྲན་བྱུང་།།
ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔
གསོན་པོའི་སྡུག་བསྔལ་ལྷ་ཡིས་གཟིགས་ནས། །བྱིན་རླབས་གངས་ཅན་བོད་ལ་གནང་རོགས།།
ཡ་ཆུང་སེམས་ལ་ན་ཟུག་ལངས་ནས། །དམར་ཆུང་སྙིང་ལ་གས་ཆག་ཤོར་སོང་།།
དཀོན་མཆོག་མཁྱེན། སྐྱབ་ཏུ་གསོལ།


བཅུ་བཞིའི་ས་ཡོམ་གྱི་གོད་ཆག་ལ་གདུང་སེམས་མཉམ་བསྐྱེད་མཚོན་སླད་

འཆམ་ར་བས ༢༠༡༠་༤་༡༨ ཉིན། རྡ་སའི་ཁང་ནག་སྦུག་ཏུ་བྲིས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།