༡༠༽ ཁམས་པའི་རྣམ་བཤད།

༈ ཁམས་པའི་རྣམ་བཤད།
༼ཚན་པ་གཉིས་པ༽
༢༡༽ ཨ་རོགས་ཁམས་པ་ལ་རྒྱ་དགའ་ཟེར།།
ལ་རྒྱ་ལེ་ལོ་ནོར་གྲབས་བྱེད་ཀྱི།།
ལེ་ལོའི་མནའ་མ་ཁྱིམ་ལ་བསུས་ཏེ།།
ས་ཁུག་གཅིག་ལ་ནར་རེ་ལུས་སོང་།།

 

༢༢༽ ཨ་རོགས་ཁམས་པ་སྤྲོ་བོ་དགའ་ཟེར།།
སྤྲོ་བོ་སྐྲོག་སྐྲོག་ནོར་གྲབས་བྱེད་ཀྱི།།
སྐྲོག་སྐྲོག་རླུང་བུ་ཁོག་ལ་ཞུགས་ཏེ།།
རང་རྐུབ་ནག་པོ་མི་ལ་བསྟན་སོང་།།

 

༢༣༽ ཨ་རོགས་ཁམས་པ་ཁ་ཐུག་དགའ་ཟེར།།
ཁ་ཐུག་ལག་བཏུག་ནོར་གྲབས་བྱེད་ཀྱི།།
ལག་སྔ་ཆེ་བའི་གཏུམ་སྤྱོད་རེ་རེས།།
རང་ཡང་ཉེས་པའི་དོང་ལ་འཕངས་སོང་།།

 

༢༤༽ ཨ་རོགས་ཁམས་པ་བློ་གཏད་དགའ་ཟེར།།
བློ་གཏད་ཆུས་གཏད་ནོར་གྲབས་བྱེད་ཀྱི།།
རང་ཆུས་གཏད་པའི་འཇུག་འབྲས་རེ་རེས།།
སྒལ་བའི་སྟེང་ལ་སྡུག་གྱོང་ཕབ་སོང་།།

 

༢༥༽ ཨ་རོགས་ཁམས་པ་རིག་རྩལ་དགའ་ཟེར།།
རིག་རྩལ་རླིག་རྩ་ནོར་གྲབས་བྱེད་ཀྱི།།
རླིག་རྩ་རྒོད་པའི་རྗེས་ཤུལ་རེ་རེས།།
ཕ་དགུའི་བུ་དགུ་མ་ལ་གཏད་སོང་།།

 

༢༦༽ ཨ་རོགས་ཁམས་པ་སྐྱིད་པོ་དགའ་ཟེར།།
སྐྱིད་པོ་སྐྱོ་བོ་ནོར་གྲབས་བྱེད་ཀྱི།།
སྐྱོ་བའི་མི་ཚེ་རྗེས་ལ་བསྐྱུར་ནས།།
ཧ་སྒྲའི་གླུ་དབྱངས་སྔོན་ལ་བཏང་སོང་།།

 

༢༧༽ ཨ་རོགས་ཁམས་པ་རྩམ་བར་དགའ་ཟེར།།
རྩམ་པ་གཙོག་པ་ནོར་གྲབས་བྱེད་ཀྱི།།
གཙོག་པའི་ཤ་ལ་འདོད་ཅིང་རྔམས་ཏེ།།
གསོན་པོའི་ཟོག་ལ་ཚོ་མིན་བཤད་བྱུང་།།

 

༢༨ ཨ་རོགས་ཁམས་པ་བོད་ལ་དགའ་ཟེར།།
བོད་དང་བར་ཆད་ནོར་གྲབས་བྱེད་ཀྱི།།
བར་ཆད་ངན་པའི་རྙི་ལ་ཚུད་ནས།།
ཁ་གཏད་དགའ་བའི་སིལ་བུ་གྱེས་སོང་།།

 

༢༩ ཨ་རོགས་ཁམས་པ་བོད་ཆས་དགའ་ཟེར།།
བོད་ཆས་བག་མ་ནོར་གྲབས་བྱེད་ཀྱི།།
བག་མ་འགྲོ་རྒྱུར་རྩིས་ཆེན་བཟུང་སྟེ།།
བོང་བུ་བཞིན་དུ་སྒོ་རྩར་ལུས་སོང་།།

 

༣༠ ཨ་རོགས་ཁམས་པ་བརྩི་བཀུར་དགའ་ཟེར།།
བརྩི་བཀུར་རྩིང་བོ་ནོར་གྲབས་བྱེད་ཀྱི།།
རྩིང་བོའི་ཚིག་གི་གོམས་སྲོལ་འོག་ནས།།
ཐོབ་ཆེན་དཔོན་གྱི་ཁྲོ་གཉེར་ཉོས་སོང་།།

 

༣༡ ཨ་རོགས་ཁམས་པ་བསམ་ཤེས་དགའ་ཟེར།།
བསམ་ཤེས་བསམ་མེད་ནོར་གྲབས་བྱེད་ཀྱི།།
བསམ་མེད་བྱུས་ཀྱི་ཞགས་པའི་ནང་ནས།།
སུན་སྣང་མེ་ཚེ་སྔས་མགོར་རག་སོང་།།

 

༣༢ ཨ་རོགས་ཁམས་པ་ལྷག་བསམ་དགའ་ཟེར།།
ལག་བསམ་སྟོང་བསམ་ནོར་གྲབས་བྱེད་ཀྱི།།
སྟོང་བསམ་ཕྲག་དོག་རྒན་པོས་བྱས་ནས།།
ལྷད་མེད་སེམས་པ་གཏེར་ལ་སྦས་སོང་།།

 

༣༣ ཨ་རོགས་ཁམས་པ་འཇོན་པོ་དགའ་ཟེར།།
འཇོན་བོ་གཟན་བོ་ནོར་གྲབས་བྱེད་ཀྱི།།
གཟན་བོའི་ཀི་སྒྲ་གནམ་ལ་བཏབས་ཏེ།།
འཇོན་ཐང་ཞག་མ་གསུམ་ནང་རུལ་སོང་།།

 

༣༤ ཨ་རོགས་ཁམས་པ་གྲུང་བོ་དགའ་ཟེར།།
གྲུང་བོ་དྲོན་བོ་ནོར་གྲབས་བྱེད་ཀྱི།།
དྲོན་ཆུང་མེད་པའི་ངང་ཐུང་རེ་རེས།།
ད་རུང་འགྲུལ་བ་བཞིན་དུ་ལུས་འདུག།

 

༣༥ ཨ་རོགས་ཁམས་པ་སྤྱི་དོན་དགའ་ཟེར།།
སྤྱི་དོན་སྐྱོན་འདོན་ནོར་གྲབས་བྱེད་ཀྱི།།
སྐྱོན་བརྗོད་ངན་པའི་ལྕེ་ལེའི་བར་ནས།།
མང་པོའི་བྱ་བ་རུས་པས་བཞེངས་སོང་།།

ཁམས་པའི་རྣམ་བཤད་ཚན་པ་དང་པོ་དྲྭ་ཐག་འདིའི་ཐོག་ཡོད།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (14)
14 ༠༣༢༠༡༣༡༢༥༤
གངས་དཀར་སེམས།
རང་གི་ཡོན་ཏན་ཏིལ་ཙམ་དེ་ལ་ཚང་མས་འུར་བསྟོད་ལས་ལ་བྲེལ་ཞིང་།།
གཞན་གྱི་སྐྱོན་ཆ་ཏིལ་ཙམ་ཡིན་ཡང་དེ་ལ་དགག་རྒྱག་རླབས་བཞིན་མི་འཇོན།།

ཁ་བཤད་མཁས་པའི་ཨ་མ་ལྟ་བུའི་བུ་ཆུང་སྤྲུལ་སྐུ་བཟོ་ལ་བྱང་བ།
ནང་ཁུལ་དཀྲུག་ལ་ཁེངས་སྤོབས་ཆེ་བའི་བྱས་རྗེས་ཅན་ཚོའི་རྐང་འདྲེན་མ་རེད།

རང་གི་དོན་ཆུང་ཁོག་ཏུ་བཅུག་ནས་མང་པོའི་ལ་རྒྱར་སྣང་མེད་བསྐྱུར་ཏེ།།
ལྡར་མའི་དོན་ཆུང་ཧུར་བརྩོན་བྱས་ནས་མི་རིགས་ལ་རྒྱ་བརླག་མཁན་མ་རེད །།།།
13 ༡༣༢༠༡༢༡༥༠༥
དྲ་གྲོགས་བློ་བཟང་ཕུན་ཚོགས་ལགས་གིས་མང་ཚོགས་ནང་གི་ཤེས་ཡོན་པ་ཚོར་སྐྱོན་བརྗོད་བྱེད་པ་ཕར་བཞག་ཁ་བཙུམ་ནས་བསྡད་དགོས་པའི་སྡིག་ར་བསྐུལ་འདུག། སྤྱིར་གཏང་རྣམ་དཔྱོད་ཅན་གྱི་མི་ཞིག་ཡིན་ན་སྐྱོན་བརྗོད་བྱས་པ་དེས་བསླབ་བྱ་རག་གི་ཡོད་རེད། ཡིན་ན་ཡང་སྐྱོན་བརྗོད་བྱེད་མི་ཆོག་ཟེར་བ་དེ་འགྲིག་གི་ཨ་ཡོད་ན། མ་ཚད་ཁ་བཙུམ་ཟེར་བའི་ཚིག་དེ་གིས་སྨྲ་བརྗོད་རང་དབང་ལ་བཀག་འགོག་བྱས་ཀྱང་བཀག་འགོག་བྱེད་ཐུབ་གི་མ་རེད། དྲ་གྲོགས་ལགས། བདག་ཅག་གིས་སྟོན་པས་ཀྱང། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། ལེགས་པར་བརྟག་ལ་ང་ཡི་བཀའ། སོགས་གསུངས་ཡོད་རེད་འགྲིག་མི་འདུག་ན་སྟོན་པའི་གསུངས་ལ་ཡང་བརྟག་དཔྱད་དང་སྐྱོན་བརྗོད་བྱེད་ཆོག་གིས་ཡོད་རེད། བྱས་ཙམ་འཆམ་ར་དྲི་རྒྱལ་ལ་སྟོན་པ་ལས་ལྷག་པའི་རྣམ་དཔྱོད་དང་མཛད་པ་ཕྲིན་ལས་ཨེ་ཡོད་ན། འཆམ་ར་དྲི་རྒྱལ་ལགས་གིས་ཁམས་པ་སྤྱི་ལ་སྨད་ར་གཏོང་བ་དེ་དུས་ནམ་ཡང་ངས་ཁས་ལེན་མེད། ཁམས་པ་བྱེ་བྲག་པ་མི་ཁ་ཤས་འཆང་ར་ལགས་གིས་གསུངས་པ་ལྟར་ཡོད་ངེས། ཡིན་ན་ཡང་ཐ་ཤལ་གྱི་སྤྱོད་པས་ཟིན་པའི་ཁམས་པ་བྱེ་བྲག་པ་དེ་འདྲ་ཡོད་ན་བྱེ་བྲག་པ་དེ་ཡིས་སྐྱོན་བརྗོད་དགོས་པ་ལས་ཁམས་པ་སྤྱི་ཡི་མིང་ཆུ་ལ་གཡུག་པ་དེར་ང་མོས་མཐུན་མེད། ཁྱེད་རང་གིས་སྡིག་ར་ག་ཚད་བྱས་ཀྱང་མིན་པ་དེ་ཡིན་པ་བཟོ་བ་བཀག་འགོག་བྱེད་ཐག་ཆོད་ཡིན། ཡིན་པ་དེར་ཡིན་པ་བརྗོད་ན་སུས་ཀྱང་བཀག་འགོག་བྱེད་ཐུབ་གིས་མ་རེད། མིན་པ་དེ་ཡིན་པ་བརྗོད་ན་བཀག་འགོག་ཡོད་པ་སྨྲོས་མེད་རེད། ཁྱེད་རང་དགོངས་པ་འཚོམ་ན་འཚོམ་གང་ལྟར་ངས་བདེན་པ་ཡིན།
12 ༡༣༢༠༡༢༡༢༠༥
ཁམས་པའི་རྣམ་བཤད་དྲིས་པར་དགའ་བསུ་ཞུ། འདིའི་ནང་ལ་གནད་དོན་མང་པོ་འདུས་འདུག འོག་ནས་མར་ཆོལ་ཞེན་ཚ་བོའི་མི་ངན་འགས་ཁམས་པ་ཡིན་ན་སྐྱོན་མེད་ཡོན་ཏན་ཞིག་ཡིན་པ་དང་། ཁམས་པའི་སྐྱོན་རྣམས་བཤད་མི་ཆོག་པ་བསམ་འདུག་མཁན་འགའ་བྱུང་འདུག རྩོམ་པ་པོ་ལགས། མི་ངན་འདི་ཚོས་གསོད་ཀྱི་ཡིན་ལབ་ཀྱི་རེད་ལ། མི་འདི་ཚོས་ཟ་གི་ཡིན་ལབ་སྲིད་ཀྱི་རེད། འོན་ཀྱང་འདི་ཚོ་ལ་བལྟས་ནས་སེམས་ཤུགས་ཆག་མི་ཉན། གནས་ལུགས་ཡོད་པའི་སྐད་ཆ་རྣམས་ནི་ག་དུས་ཀྱང་གུས་བཀུར་ཐོབ་ཡོང་གི་རེད། སྤྱིར་ན། རྩོམ་འདིའི་ནང་ལྟ་སྟངས་གཅིག་བྱས་ནས་ཁམས་པ་ལ་སྨད་ཡོད་པ་དང་། ལྟ་སྟངས་གཞན་ཞིག་བྱས་ན་སྨད་ཡོད་པའི་ཟོལ་དུ་འདུག ཡིན་ནའང་གང་ནས་བལྟས་ཀྱང་དྲང་བདེན་ལས་འགལ་མི་འདུག དེ་འདྲ་བྱེད་དུས་མི་འགའ་རེས་ཁམས་པ་སྨད་འདུག་དྲན་ནི་ནི་ཁྱོད་རང་གི་ལྟ་སྟངས་ཡིན་འགྲོ རེད་དེ་ར། མང་ཚོགས་ནང་གི་ཤེས་ཡོན་པ་ཚོར་ལ་སྐྱོན་བརྗོད་རང་བྱས་མ་འདུག་པ། ནམ་རྒྱུན་ཁ་ལ་བདག་པོ་རྒྱབ་ཤེས་དགོས་ནི་རེད། ཞུ་ལུ་ཚོ།
11 ༢༣༢༠༡༢༠༢༠༤
ཨ་རོགས་ཁམས་པས་བདེན་པ་འཆོ༹ལ་ཞེས་
ཨུ་ཆུ༹གས་ཐོད་བརྒལ་ཡང་ཡང་བྱེད་
ཨ་རོགས་ཁམས་པས་སྲོལ་བཟང་འཇི༹ན་ཞེས་
རིགས་རུས་དབྱེ་བས་མི་སེམས་བསྐོང


ཨ་རོགས་ཁམས་པས་ཕ་ཟས་བཟའ་ཅེས་
ཤ་དང་ཆི༹ལ་ལ་ཡང་ཡང་ཆགས་
ཨ་རོགས་ཁམས་པར་སྤོབས་པ་ཆེ་ཞེས
ཆང་དང་རག་ལ་ཡང་ཡང་བཅོལ་་
10 ༢༡༢༠༡༢༢༡༣༨
ང་ཚོས་དུས་དང་རྣམ་པར་ཀུན་ཏུ་འཚེ་མེད་ཞི་བའི་ལྟ་གྲུབ་ཡིན་ཟེར་ནས་རྒྱ་གཞུང་གིས་དྲག་སྤྱོད་དང་མི་སྤྱོད་ལས་འདས་པའི་བྱ་ངན་སྤྱོད་ལུགས་ག་ཚད་བྱས་ཀྱང། ཡིད་གུས་པས་སྙིང་རྗེ་བསྒོམ་རྒྱུ་དང་ངག་གུས་པས་མ་ཎི་འདོན་རྒྱུ་དང་ལུས་གུས་པས་ཐལ་མོ་སྦྱར་ནས་ལུས་ངག་ཡིད་གསུམ་གྱིས་འཚེ་མེད་ཞི་བའི་ལྟ་གྲུབ་ཁོ་ནར་བཟུང་ནས་བསྡད་ཀྱང། རྒྱ་མི་དམར་པོ་དུད་འགྲོ་དེ་ཚོས་ང་ཚོའི་བཟང་སྤྱོད་གྱི་བྱ་བ་དེ་ཚོར་མཐོང་ཐོས་ཡོད་ཀྱང་དེ་ལ་དཔག་པའི་བཟང་ལེན་སྤྲད་རྒྱུ་ཕར་ཞོག། མུ་མཐུད་དྲག་སྤྱོད་དང་མནར་གཅོད་ཁོ་ནའི་དུས་འདའ་ཞིང་གནས་ཡོད། ང་ཚོས་ད་དུང་མུ་འཐུད་ནས་འཚེ་མེད་ཞི་བ་དེར་ལག་ལེན་བསྟར་ནས་བསྡད་ན་བོད་མི་རྩ་མེད་འགྲོ་ཚར་དུས་འཚེ་མེད་ཞི་བའི་ལམ་དེས་ད་གཟོད་གྲུབ་འབྲས་དོན་པ་འདོད། ད་ང་ཚོའི་ཐབས་ལམ་གསར་པ་ཞིག་བཙལ་དགོས་གི་འདུག། ཞི་བ་དགོས་སར་ཞི་རྒོལ་དང་དྲག་པོ་དགོས་སར་དྲག་རྒོལ་བྱེད་ཐབས་གྱི་ཐབས་ལམ་ཞིག་ཡོད་ན་ད་གཟོད་བོད་པ་ཟེར་མཁན་དེ་ལ་བྱམས་པོ་བྱས་ན་བཟང་ལན་སྤྲད་མཁན་ཞིག་དང་རྩུབ་པོ་བྱས་ན་ཁས་མི་ལེན་མཁན་ཞིག་ཡིན་པ་ཧ་གོ་བ་བྱེད་དགོས་འདུག། སྤྱིར་གཏང་ཐབས་ལམ་གསར་པ་ཞིག་བཙལ་ན་ཡང་རྒྱལ་བའི་དགོངས་གཞི་དང་འགལ་གི་མ་རེད་བས་ཟེར་ན་འགལ་གི་ཡོད་མ་རེད། གང་ཡིན་ཟེར་ན་ང་ཚོས་གཞུང་འདིར་དམངས་གཙོ་ཡིན་པ་དང་དམངས་གཙོ་ལ་དགོས་པའི་གཞུང་དེ་ནི་དམངས་གཙོ་གཙོ་བོ་འཛིན་མཁན་གྱིས་ཆབ་སྲིད་ལྟ་གྲུབ་འོག་གིས་བཀོད་འདོམ་ནུས་པ་ཞིག་དགོས་པ་གོར་མ་ཆག། དེ་ཡིན་དུས་སྐྱབས་མགོན་རིན་པོ་ཆེས་དུས་དང་རྣམ་པར་ཀུན་དུ་མི་མང་ལ་དབང་ཆ་ཡོད་རེད་ཅེས་གསུངས་རྒྱུ་དེ་ལ་དཔྱད་ན་དགོས་པ་དང་རྒྱུ་མཚན་དུ་མ་ཞིག་ཡོད་པ་སྣང་བ་མ་ཚད་བོད་ཀྱི་རྩ་དོན་ལ་ཕན་པའི་ལས་འགུལ་ག་འདྲ་ཞིག་སྤེལ་ཡང་རྒྱལ་བའི་བཀའ་དགོངས་དང་འགལ་གི་མེད་པར་མངོན། རྒྱུ་མཚན་ནི་མི་མང་ལ་དབང་ཆ་ཡོད་གསུངས་པ་དེ་ཡིན། གཞོན་ནུས་རྒྱ་ནག་གི་རྒྱལ་དར་མེ་ལ་བསྲེག་པ་དང་རང་བཙན་བརྩོད་ལེན་བྱེད་རྒྱུ་དེ་ཡང་བཀའ་དགོངས་དང་འགལ་གི་རེད་ཟེར་ན་མི་འགྲིགས། རྒྱུ་མཚན་ནི་གཞོན་ནུ་ཡང་མི་མང་ལ་དབང་ཆ་ཡོད་གསུངས་པའི་མི་མང་དེའི་གྲལ་དུ་གཏོག་པ་ཡིན་པའི་ཕྱིར། ཡང་མི་ཁ་ཤས་གཞོན་ནུས་རྒྱ་ནག་གིས་རྒྱལ་དར་མེ་ལ་བསྲེག་སྐབས་སྙིང་ལ་ཚ་ཤར་རྒྱུག་མཁན་འདུག་བ། དེ་ཚོར་དངོས་གནས་བོད་ལ་ཤ་ཞེན་ཡོད་མཁན་དང་བོད་ཀྱི་རྩ་དོན་ལ་སེམས་འཁུར་ཡོད་མཁན་དང་བོད་མི་ག་ཚད་འདས་གྲོངས་སུ་ཕྱིན་ཀྱང་དེར་གདུང་སེམས་མཉམ་བསྐྱེད་བྱེད་མཁན་ཞིག་མིན་པ་གསལ་པོ་མངོན་གི་འདུག། དངོས་གནས་ཡ་མཚན་རེད་རྒྱ་ནག་གིས་རྒྱལ་དར་མེ་ལ་བསྲེག་ན་མི་འགྲིག་ཚུལ་དང་མ་ཚད་ཁོང་ཁྲོ་ཟ་བའི་རྣམ་པས་དྲ་ཚིགས་སུ་དངོས་སུ་གཞོན་ནུ་ལ་སྐྱོན་འདོན་དང་སྨད་ར་བྱེད་མཁན་གྱི་བོད་པ་དེ་འདྲ་འདུག་བ། དངོས་གནས་དྲང་གནས་ཁྱེད་ཚོས་སེམས་ལ་དངངས་སྐྲག་དང་གདོང་ལ་ལྤགས་པ་ཡོད་པའི་ཚོར་སྣང་སླེབས་གི་མི་འདུག་བས། མ་ཚད་སོར་སོའི་གདོང་པ་དེ་བོད་པ་ཞིག་ཡིན་པ་དྲན་པ་བརྗེད་ཚར་འདུག་བས། རྒྱ་ནག་གིས་རྒྱལ་དར་ལ་དེ་ཙམ་དགའ་ཞེན་ཡོད་ན་བོད་གཞུང་གིས་སྤྲད་པའི་མཐུན་རྐྱེན་ལ་འཚོ་བ་རོལ་དགོས་པའི་རྒྱུ་མཚན་ག་རེ་ཡིན། ཁ་ནས་ཡག་པོ་ཡིན་འདོག་རྒྱལ་དར་མེ་ལ་བསྲེགས་ན་རྒྱ་མི་སེར་ལ་ཕོག་ཐོག་འགྲོ་དོག་བཤད་གིས་འདུག། དངོས་གནས་རྒྱ་རིགས་བོད་པ་ལ་དགའ་མཁན་ཞིག་ཡོད་ན་རྒྱ་བོད་བར་ལ་འགལ་ཟླ་ཡོད་པ་དང་སྐྱབས་མགོན་རིན་པོ་ཆེ་བཞུགས་མ་བཅུག་ནས་རང་དབང་དང་ལྡན་པའི་རྒྱལ་ཁབ་ནང་ནས་ཁྲིམས་མཐུན་གིས་བོད་མིའི་རང་དབང་སླར་གསོ་ལ་འབད་བརྩོན་བྱེད་པ་ཡང་མཐོང་ཐུབ་ངེས། བྱས་ཙམ་རྒྱལ་དར་མེ་ལ་བསྲེག་ཆུ་ལ་བསྐུར་ག་རེ་བྱས་ཀྱང་རྒྱལ་སྤྱིའི་དོ་སྣང་གསར་པ་ཡོང་ཆེད་དང་ང་རང་ཚོས་རྒྱལ་དར་ནི་བསྲེག་བཞིན་པའི་རྒྱལ་དར་དམར་པོ་དེ་མིན་པ་དང་རྒྱལ་དར་དམར་པོ་དེའི་འོག་ཏུ་བསྡད་འདོད་མེད་པའི་རྣམ་འགྱུར་གལ་ཆེན་ཞིག་ཏུ་གྱུར་ཡོད། སྤྱིར་གཏང་བྱས་ན་སྐར་མ་ལྔ་ཅན་རྒྱལ་དར་དེ་ལ་གོ་རྒྱུ་ཡོད་རེད། སྐར་མ་དྲུག་མ་བཞག་ནས་སྐར་མ་ལྔ་བཞག་དགོས་པའི་རྒྱུ་མཚན་ཡང་ཡོད་རེད། སྐར་མ་རེར་གོ་དོན་ཆ་ཚང་རེ་ཡོད་པ་ཧ་གོ་དགོས་རེད། རྒྱུ་མཚན་དེར་བརྟེན་ནས་ད་གཟོད་གཞོན་ནུས་རྒྱ་ནག་གི་རྒྱལ་དར་མེ་ལ་བསྲེག་པ་ཞིག་རེད། 
རང་དབང་དུ་གང་དགར་འཚོ་གནས་བྱེད་པའི་བཙན་བྱོལ་བའི་སྨྱུག་ཐོགས་པ་ཡོངས་ལ་ཞུ་རྒྱུར། སྤྱིར་གཏང་རང་བརྩོམ་པ་པོ་དང་སྨྱུག་ཐོགས་པའི་གྲལ་སྣེ་འཚོ་གནས་བྱེད་མཁན་ཞིག་འདོད་ན་སྨྱུག་ཐོགས་པའི་ལས་འགན་གང་ཡིན་ངོས་འཛིན་གསལ་པོ་ཧ་གོ་བ་བྱེད་རོགས། སྨྱུག་ཐོགས་པའི་ལས་འགན་གང་རེད་ཟེར་ན་མ་གསལ་བ་དེ་ཚོར་གསལ་པོ་བཟོ་མཁན་དང་མ་ཤེས་པ་དེ་ཚོར་ཧ་གོ་བ་བྱེད་རྒྱུ་དང་ཡོད་པ་དེ་ཚོར་གོང་འཕེལ་གཏོང་རྒྱུ་དང་མེད་པ་དེ་ཚོར་བཙལ་སྒྲུབ་བྱེད་པ་སོགས་དགོས་ངེས་ལས་གཞན་ཕོ་མོས་བརྩེ་གདུང་ལ་འགྲེལ་བཤད་ཉུང་ཙམ་བྱེད་ཐུབ་པ་དང་མི་སྒེར་ལ་སྐྱོན་འཚོལ་ནས་སྐྱོན་བརྗོད་བྱེད་པ་ཙམ་སྨྱུག་ཐོགས་པའི་ལས་འགན་ཨ་ཡིན་ན་དྲན་གི་འདུག། སྟོད་པ་འོས་པའི་རང་རེས་ལྷག་བསམ་ཅན་གྱིས་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་དེ་ཚོས་བསྐོར་ལ་ཡང་དག་པའི་འགྲེལ་བཤད་བྱེད་པ་གཅིག་ཀྱང་མཐོང་རྒྱུ་མི་འདུག། ངས་བྱས་ན་དེ་ཚོར་སྨྱུག་ཐོགས་པ་ཡོངས་གྱིས་ཞབས་འདྲེན་ཡིན་པ་འདོད། མེ་ལ་སྲེག་པའི་བསྐོར་དེ་ཏིག་ཙམ་མཐོང་རྒྱུ་འདུག་ཡིན་ན་ཡང་རྒྱལ་གཅེས་དཔའ་བོ་རྭ་རྒྱའི་བཀྲ་ཤིས་བཟང་པོ་མཆོག་གིས་བོད་གངས་པའི་ཆེད་དུ་འཚེ་མེད་ཞི་བའི་ལྟ་གྲུབ་ཐོག་ཚེ་སྲོག་ལ་འཕང་པ་མེད་པ་ཆུ་ལ་མཆོང་ནས་སྐུ་ཞིང་ལ་གཤེགས་པའི་ལོ་རྒྱུས་དེ་སྨྱུག་ཐོགས་པ་ཡོངས་ཀྱིས་དྲ་ཚིགས་སུ་འགོད་པ་མཐོང་མ་བྱུང་བས་སྨྱུག་ཐོགས་པ་ཡོངས་ཀྱིས་ཆད་ལྷག་མེད་པ་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་དེ་ཚོས་ལོ་རྒྱུས་གསལ་པོ་ཞིག་འགོད་རྒྱུ་གལ་ཆེན་པོ་མཐོང་གི་འདུག། མེ་ལ་སྲེག་པ་དེ་སྐད་གྲགས་ཆེན་པོ་ཡིན་ན་ཆུ་ལ་མཆོང་པ་དེ་སྐད་གྲགས་ཆེན་པོ་མིན་པའི་རྒྱུ་མཚན་མི་འདུག། མ་ཚད་ཉི་མ་རེར་སྲོག་ལ་ཐུག་པའི་མནར་གཅོད་མྱོང་དང་མྱོང་བཞིན་པའི་རང་རེས་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཚོས་མཛད་རྗེས་དང་ལྷག་བསམ་དེ་ཚོར་སྨྱུག་ཐོགས་པས་ཡང་དག་པའི་འགྲེལ་བཤད་བྱེད་པ་མཐོང་མ་བྱུང་བས་སྨྱུག་ཐོགས་པ་ཡོངས་ཀྱིས་རང་ནུས་གང་ལྕོག་གིས་ཡང་དག་པའི་འགྲེལ་བཤད་འོག་ཁྱབ་སྤེལ་བྱེད་དགོས་པ་དེ་སྨྱུག་ཐོགས་པ་ཡོངས་ཀྱིས་ཕྲག་ཏུ་བབས་པའི་འགན་འཁྲི་ཞིག་ཡིན་པ་ཧ་གོ་དགོས་འདུག།
དྲ་གྲོགས་ཞིག་གི་ཁམས་པའི་ལེགས་ཆ་དེ་ཚོར་སྦས་ནས་སྐྱོན་བརྗོད་ཁོ་ན་བྱས་འདུག། ངས་བྱས་ན་བོད་ཆོལ་ཁ་གསུམ་ནང་ལེགས་ཆ་སྦས་ནས་སྐྱོན་ཁོ་ན་བརྗོད་ན་སྐྱོན་ཆ་མེད་པའི་མི་ཞིག་ཨ་ཡོད་ན། ལྷག་པར་དུ་ཁྱོད་རང་ལྟར་བུ་ཆ་མཚོན་ན་མི་བྱབ་ཆུང་ཞིག་ཡིན་པ་ཐག་གི་ཆོད་འདུག། བྱེ་བྲག་གིས་མིང་སྤྱིར་ལ་བཏགས་ནས་ཁམས་པ་ཟེར་ལབ་འདུག་བ། མདོར་ན་ཁམས་པ་ཡིན་ནས་བཟུང་སྟེ་མི་སྡུག་པོ་ཡིན་པ་སྟོན་འདུག་བ། བཀའ་ཟུར་ཟམ་གདོང་དང་བཀའ་ཁྲི་བློ་སེང་དང་མ་ཚད་ཁམས་ཡུལ་སྡེ་དགེ་དང་དཀར་མཛེས་དང་ཡུལ་ཧྲུལ་དང་འཇོ་མདའ་དང་ཆབ་མདོ་དང་མི་ཉག་དང་སེར་ཤུལ་དང་ནང་ཆེན་དང་ཡུལ་ནན་སོགས་ཁམས་ཁུལ་ས་ཆ་ཆེ་ཁག་དེ་ཚོ་ནས་རྒྱ་གཞུང་ལ་ངོ་རྒོལ་དང་བོད་མི་རིགས་གི་ཆེད་འཐབ་བརྩོད་བྱས་པ་མཐོང་མ་སོང་བ་ཁྱེད་རང་མིག་ལོང་བ་ཞིག་དང་འོན་པ་ཞིག་ཡིན་ས་རེད་ཡང་ལྐུག་པ་རེད་མི་འདུག་མཚད་ཁྲོན་པའི་སྦལ་བ་ཞིག་ཀྱང་ཡིན་ངེས། ཁྱོད་རང་ལ་དཔེར་གཅིག་བཀོད་སེམས་ཅན་ཕག་ཟེར་མཁན་དེས་ཁོ་རང་ཤི་ཁ་གནམ་ཐེང་མ་གཅིག་མཐོང་རབས་ཡོད་དེ་དང་ཁྱོད་གཉིས་གཅིག་པ་གཅིག་རྐྱང་རེད་ཁྱོད་རང་འཆི་ཁ་ཁམས་པ་ཟེར་མཁན་དེ་ཡག་པོ་ཡིན་པ་ད་བཟོད་ཧ་གོ་ངེས། ཁྱོད་རང་ནི་མི་བྱབ་ཆུང་དང་མི་ངན་དང་མི་ཐབ་ཆག་གཅིག་ཡིན་པ་ཐག་གིས་ཆོད་འདུག། གཞན་པ་ཁྱོད་རང་དལ་འབྱོར་བཅོ་བརྒྱད་ཚང་བའི་བོད་མི་ཞིག་ཡིན་ན་རྡོག་རྩ་གཅིག་སྒྲིལ་བྱེད་པའི་དུས་ལས་ཆོལ་ཁ་དང་ཆོས་ལུགས་གི་མཐེན་འཁྱེར་བྱེད་པའི་དུས་མིན་པ་ཧ་གོ་གི་མི་འདུག་བ་ཁག་མེད་གཟའ་རོ་ཡིན་པ། མ་ཚད་ཁམས་པའི་རྣམ་བཤད་བྱས་ན་སློབ་སྦྱོང་དང་རྣམ་དཔྱོད་ཁྱོད་ལས་ལྷག་གཅིག་དགོས་རེད། ཁྱོད་རང་གིས་ཁྱོད་རང་ནང་མིས་རྣམ་བཤད་གཅིག་གྱིས་དེ་ཡང་ཡག་པོ་གཅིག་ཧ་མི་གོ་ངེས། བོད་སྤྱི་བའི་ཞབས་འདྲེན་སྒེར་སོར་སོ་ཕ་མའི་ཞབས་འདྲེན་ཕ་མྱེས་མི་རབས་གིས་རྐང་འདྲེན་མ་བྱེད་ཟེར་རྒྱུ་ཡིན།
7 ༡༨༢༠༡༢༡༡༠༥
མི་ཕམ་ཚངས་ཐིག་ལགས་ལ་རྒྱབ་བསྐྱོར་ཡོད་རྒྱབ་བསྐྱོར་ལོས་ཡོད་དྲང་བདེན་དང་ཆེས་རྨད་དུ་བྱུང་བའི་རྣམ་དཔྱོད་གྱི་རྩལ་ལས་གྲུབ་པའི་སློབ་སྟོན་ལེགས་པོ་དེ་ལྟར་གནང་བ་སྙིང་ཐག་པ་ནས་དགའ་བསུ་ཞུ་གི་ཡོད། ང་རང་གིས་ཀྱང་སྐུ་ལུས་མེ་སྲེག་གཏོང་མཁན་དེ་ཚོར་བྱང་ཆུབ་སེམས་དཔའ་དང་སེམས་མ་ཡིན་པའི་སྒྲུབ་བྱེད་ཐུང་ངུ་ཞིག་ཡོད་དཔེར་ན་སྟག་མོ་མ་བུ་ལྔ་ཡི་ཆེད་བདག་ཅག་སྟོན་པས་ལུས་སྦྱིན་པ་གཏོང་བ་དེ་བྱང་ཆུབ་སེམས་དཀའི་སྤྱོད་པ་ཡིན་པར་འདོད་ན་སེམས་ཅན་དུང་ཕྱུར་མང་པོས་ཆེད་དུ་རང་ལུས་མེར་སྲེག་གཏོང་བ་དེ་བྱང་ཆུབ་སེམས་དཔའི་སྤྱོད་ཚུལ་བླ་མེད་ཞིག་ཡིན་པ་སྨྲོས་མེད་རེད། མ་ཚད་དཔེར་ན་དེད་དཔོན་སྙིང་རྗེ་ཅན་གྱི་གྲུ་ནང་གི་མི་ལྔ་བརྒྱ་སྐྱབས་པའི་ཆེད་མི་ནག་མདུང་ཐུང་ཅན་སྒྲལ་བ་དེ་ཡང་བྱང་ཆུབ་སེམས་དཔའི་མཛད་པ་ཡིན་ན་སེམས་ཅན་དུང་ཕྱུར་མང་པོའི་ཚེ་སྲོག་དང་འཚོ་གནས་བྱེད་ཐུབ་པའི་ཆེད་སྐུ་ལུས་མཆོད་མེར་འབུལ་བ་དེ་བྱང་སེམས་རྣལ་མའི་མཛད་ཚུལ་ཡིན་པ་སྨྲོས་མེད་དུ་མ་ཚད་གཏན་ཚིགས་གི་གྲུབ་འདུག། དེང་སོང་ལྟར་བུ་ཆ་མཚོན་ན་འཛམ་གླིང་ཡུལ་གྲུ་གང་སར་ནང་ཆོས་དར་ཁྱབ་འགྲོ་ནས་འགྲོ་བཞིན་པ་རེད་དེ་ཡིན་ཙམ་ནང་ཆོས་འཆད་ཉན་བྱེད་དུས་བྱང་ཆུབ་སེམས་དཔའ་ཟེར་ན་གང་ཡིན་འགྲེལ་བཤད་བྱེད་དགོས་པ་ཡིན་ཙམ་བྱང་ཆུབ་སེམས་དཔའ་ཟེར་ན་སྒྲུང་གཏམ་ལྟར་བུ་ཞིག་ལ་དཔེ་མཚོན་བྱེད་མི་དགོས་པ་ང་ཚོས་སྐུ་ལུས་མཆོད་འབུལ་བྱེད་མཁན་འདི་ཚོར་དཔེར་བཀོད་ནས་འཆད་ཉན་བྱེད་ཆོག་གི་འདུག། འོ་བྱས་ཙམ་འཛམ་གླིང་ལྡིང་ཆའི་གོང་ལ་ཁྱབ་སྤེལ་བྱེད་པའི་ནུས་པ་ཡོད་མཁན་ཚོས་བྱང་ཆུབ་སེམས་དཔའི་མཛད་པ་བླ་མེད་འདི་ཚོ་འཛམ་གླིང་གང་སར་ཁྱབ་སྤེལ་བྱེད་རོགས་ཞུ་གི་ཡོད། དེས་གཅིག་ན་ནང་ཆོས་དར་ཁྱབ་ལ་ཕན་པ་དང་གཉིས་ན་བོད་པའི་ཆབ་སྲིད་ལ་ཕན་པ་དང་གསུམ་ན་བོད་མི་རིགས་ལ་ཕན་པའི་ཕྱིར་གང་སར་ཁྱབ་སྒྲག་བྱེད་ཐུབ་ན་ཡག་པོ་འདུག། ད་དུང་འདིར་སྐུ་ལུས་མཆོད་འབུལ་བྱེད་མི་རིགས་ཟེར་མཁན་ཚོར་དང་སྐུ་ལུས་མེ་ལ་འབུལ་ན་ཆོས་དང་འགལ་ཡོད་ཚུལ་དང་མ་ཚད་མི་རིགས་རྩ་མེད་འགྲོ་ཚུལ་སོགས་གསུངས་པ་དེ་ཚོར་བྱང་ཆུབ་སེམས་དཔའི་མཛད་པ་ལ་བར་ཆད་སོགས་མདོར་ན་བཀག་འགོག་བྱེད་མི་འོས་པ་དང་བཀག་འགོག་བྱེད་མི་རིགས་པ་ཞིག་ཡིན་པ་ཁོ་མོས་འདོད། མ་བསྐུལ་དང་བླང་གིས་འདི་རིགས་བསམ་ཚུལ་ཡོད་ན་གང་མང་མང་དྲ་རྒྱ་རྣམས་སུ་འགྲེམ་སྤེལ་ཡོང་བའི་འབོད་བསྐུལ་ཞུ་གི་ཡོད། བོད་རྒྱལ་ལོ
ཐུགས་རྗེ་ཆེ་མི་ཕམ་ཚངས་ཐིག་ལགས་ཀྱི་བཙན་བྱོལ་བོད་མི་ཡོངས་ལ་འདོན་གནང་པའི་བསམ་འཆར་དེ་ལ་སྙིང་ཐག་པ་ནས་དགའ་བསུ་ཡོད། འདི་རིགས་སློབ་སྟོན་དེ་གལ་ཆེན་པོ་མཐོང་གི་འདུག། རང་ལུས་མེ་སྲེག་གི་ཐད་ལ་ཁྱེད་ཀྱི་གསུངས་པ་ནང་བཞིན་སྤྱི་ཚོགས་ཐོག་ཁ་གཅིག་གྲག་གིས་ག་རེ་ཟེར་གི་འདུག་ཟེར་ན་རང་ལུས་མེ་སྲེག་གཏོང་དགོས་པའི་རྒྱུ་མཚན་གཙོ་བོ་ནི་རྒྱ་མིའི་ཚད་ལས་འདས་པའི་མནར་གཅོད་བྱས་པ་སོགས་ཟེར་ནས་མདོར་ན་སྒེར་གྱི་་མནར་གཅོད་ཁུར་མ་ཐུབ་ནས་མེ་སྲེག་བྱས་པ་རེད་ཟེར་གི་འདུག། དངོས་གནས་དྲང་གནས་སོར་སོ་སྒེར་གྱི་དཀའ་ངལ་མ་ལྕོག་ནས་རང་མེད་བྱས་པ་མ་ཡིན་པ་ཆོལ་གསུམ་བོད་ཀྱི་ས་ཁུལ་ཡོངས་ལ་གཏེར་ཁ་རྔོག་འདོན་དང་ཤིང་ནགས་བཅོད་འབྲིག་དང་བཙན་ཤེད་གྱི་ཆུ་ཁའི་གསེར་ཡན་ཆད་རྐོ་རྒྱུ་དང་མ་ཚད་ཆོལ་གསུམ་བོད་མི་ཡོངས་ལ་དྲང་བདེན་མ་བྱས་པ་དང་ཆོས་དད་རང་དབང་མེད་པ་དང་སྨྲ་བརྗོད་རང་དབང་མེད་པ་དང་རྒྱལ་གཅེས་ཆོས་གཅེས་གྱི་ལས་འགུལ་ཟེར་བ་སོགས་མདོར་ན་བོད་རྒྱལ་ཁབ་ཆེན་པོ་རྩ་མེད་བཟོ་བའི་ཐབས་ལམ་དེ་ཚོ་ལ་མིང་སྙན་པོ་རེ་བཏགས་ནས་བོད་མིས་སྒྲུབ་འདོད་མེད་པ་དང་བྱེད་འདོད་མེད་བཞིན་དུ་བཙན་ཤེད་གྱིས་བྱེད་དུ་གཅུག་པ་སོགས་རྒྱ་མིས་མ་རབས་ངན་དགུའི་སྲིད་བྱུས་ཆོལ་གསུམ་བོད་ས་ཡོངས་དང་བོད་མི་ཡོངས་ལ་སྤེལ་བ་དེ་ཚོ་འགོག་པའི་ཆེད་དུ་དང་བོད་མི་མང་དང་ཐ་ན་བོད་དུ་འཚོ་གནས་བྱེད་པའི་འབུ་སྲིན་ཡན་ཆད་ལ་རང་དབང་དང་བདེ་སྐྱིད་ཐོབ་ཆེད་དང་ནང་པ་སངས་རྒྱས་པའི་བསྟན་པའི་མེ་རོ་གསོ་བའི་ཆེད་དུ་རང་གི་གཅེས་པའི་ཚེ་སྲོག་གཞན་དོན་དུ་གཏོང་ཡོད་པ་ཚང་མས་ཧ་གོ་དགོས་གི་འདུག། སྐུ་ལུས་མེ་སྲེག་གཏོང་བའི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཚོར་སླར་ཡང་བོད་གངས་ཅན་གྱི་ལྗོངས་སུ་སྐྱེ་བ་ལེན་པ་སྨོན།
5 ༡༧༢༠༡༢༡༧༥༤
འཆམ་ར་དྲི་མེད་རྒྱལ་མཚན།
གཤམ་དུ་ཕུ་ནུ་མང་པོ་ཞིག་འབྱོར་ནས་རང་རང་གི་དྲན་ཚུལ་ལམ་སྐད་ཆ་འགའ་བཤད་འདུག་པ་རིག་སོང་ལགས།

དམིགས་བསལ་དུ། ལྕང་ར་ངག་དབང་ཕུན་ཚོགས་ལགས། ཁྱེད་ཀྱིས་བསམ་ཚུལ་ཐད་ཀར་གསུང་གནང་པར་ཁ་དྲོ། དེ་བཞིན་འདི་ནས་དུས་ཐོག་ལན་ཕུལ་ཐུབ་མེད་པར་དགོངས་དག་ཞུ། ཁྱེད་ཀྱིས་གསུང་པ་ལྟར་རེད། ངས་འདིར་བསམ་ཚུལ་ཁག་ཅིག་ཆུང་ས་ནས་ཆེ་འགེབ་ཀྱིས་གླེང་ཐལ་སོང་ཡོད་ངེས། འོན་ཀྱང་འདི་དང་ད་དུང་འདིའི་ཚན་པ་གཞན་དེའི་ནང་དུ་ཁམས་པ་སྤྱིའི་མི་གཤིས་དང་འབྲེལ་བའི་འདས་པའི་ལོ་རྒྱུས་རང་བཞིན་བརྗོད་པའི་ཐོག་ནས་བྱས་པ་དྲན་དུ་བཟོ་རིགས་སའི་སྦྱངས་བཤད་ཀྱང་མེད་པ་མིན། སྤྱིར་ཁམས་པའི་རྣམ་བཤད་སྔ་ཕྱི་གཉིས་པོ་འབྲི་བར་བསྐུལ་མཁན་གྱི་དགོངས་དོན་གཞི་བཟུང་རེ་བ་བཟང་ས་ནས་རྒྱག་པའི་བཤད་ཤུགས་ཆེ་རིགས་ལ་རྒྱུ་མཚན་མེད་པའང་མིན་པས་རེ་ཞིག་དེ་ཙམ་ཞུ།
ཁམས་པའི་རྣམ་བཤད་ཅེས་པའི་སྡེབ་སྦྱོར་རྩོམ་ཡིག་དེ་ཐེངས་གཅིག་རགས་ཙམ་ཞིག་བཀླགས་པ་ཡིན། རྩོམ་ཡིག་དེའི་མཇུག་ཏུ་བསམ་ཚུལ་དགོད་སའི་ནང་དུ་བསྔགས་བརྗོད་གནང་མཁན་ཡང་རེ་གཉིས་ཡོད་འདུག །སྤྱི་བཏང་རྩོམ་པ་པོ་གྲགས་ཅན་འཆམ་ར་དྲིན་མེད་རྒྱལ་མཚན་མཆོག་གིས་ལྗགས་རྩོམ་མཛད་པའི་ཁམས་པའི་རྣམ་བཤད་ལྟ་བུའི་སྡེབ་སྦྱོར་རྩོམ་ཡིག་དེ་འདྲ་ལ་བདག་ལྟ་བུའི་བྱིས་བློས་གཞལ་བྱ་ག་ལ་ཡིན། ཡིན་མི་སྲིད། ཡིན་ནའང་རང་ཉིད་ཀྱིས་ཐེངས་གཅིག་རགས་ཙམ་ཞིག་བཀླགས་ཟིན་པའི་ཚོར་སྣང་ཐན་ཐུན་ཙམ་ཞིག་བརྗོད་ན་འགལ་བ་དེ་ཙམ་མེད་སྙམས། རྣམ་བཤད་རྩོམ་ཡིག་དེ་ལ་ནོར་འཁྲུལ་གཅིག་འདུག་སྙམས། དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་རེད། གང་ཡིན་ཟེར་ན་དེང་རབས་མང་གཙོ་ལམ་ལུགས་ཀྱི་ཞིབ་འཇུག་རིག་པའི་ཐབས་ལམ་གྱི་རྩ་གནད་དེ་དང་འགལ་འདུག རྩ་གནད་དེ་གང་ཡིན་ནམ་ཞེས་ན། བརྗོད་པར་བྱ་སྟེ། གང་མང་བ་ཕྱོགས་བསྡོམས་བྱས་ཏེ་གནས་ཚུལ་བྱེ་བྲག་གཅིག་གཏན་ལ་ཕབ་ན་འགྲིགས་པ་དང་། གང་ཉུང་བ་རྣམས་ཕྱོགས་བསྡུས་བྱས་ཏེ་སྤྱི་གཏན་ལ་ཕབ་ན་ནོར་འཁྲུལ་རེད་ཅེས་གསལ། བྱས་ཙང་རྣམ་བཤད་དེའང་ཁམས་པའི་མི་བྱེ་བྲག་གིས་བྱེད་སྟངས་ནོར་བ་རྣམས་ཕྱོགས་བསྡུས་བྱས་ཏེ་ཁམས་པ་སྤྱི་གཏན་འབེབས་བྱས་འདུག །དེ་ལྟར་བྱས་འདུག་སྟེ་ཁམས་པའི་རྣམ་བཤད་ཅེས་མིང་དུ་བཏགས་འདུག་པའི་ཕྱིར། ཁམས་པ་ཞེས་པའི་ཐ་སྙད་ནི་འགྲེལ་དགོས་བགྱི་མ་རེད།
བཀྲིས་བདེ་ལེགས།
3 ༠༢༢༠༡༠༡༠༥༡
འདི་འབྲི་མཁན་སུ་རེད། འདི་འདྲ་བཤད་ན་ཁམས་ཚོ་སྐྱེ་དམན་འཛག་མཁན་ཡག་པོ་ཡོད་པ་གོ་གི་འདུག་ག
ཁམས་པ་ལ་རྣམ་བཤད་བྱ་རྒྱུ་ཅི་མེད་རེད། རྟག་པ་ཆང་འཐུང་ནས་སྡད་ཡོད་རེད
2 ༠༣༢༠༡༠༢༡༥༧
ཁམས་པའི་རྣམ་བཤད་རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན་ལགས་ལ་བཀའ་དྲིན་ཆེ་ཞུ། སྙན་པོ་དང་གོ་རྒྱུ་ཅན་ཧ་ཅང་ཡག་པོ་ཞིག་སྤེལ་འདུག དངོས་འབྲས་རྩོམ་པ་པོ་ནི་རྩོམ་པ་པོ་རང་རེད་འདུག ཕོག་དགོས་ས་དང་བཤད་དགོས་ས་ཆ་ཚང་བཤད་ཕོད་འདུག
1 ༡༨༢༠༡༠༡༧༣༤
བྲག་འགོ་དཀོན་མཆོག་དར་རྒྱས།
ཁ་བའི་བུ་མོ་འཚོལ་བ།

༈ གངས་རིའི་བུ་མོས་ལྡེམ་འགྱུར་རེ་རེ།།
འཛམ་གླིང་མཛེས་མའི་དོ་ཟླ་བྲལ་ཡང་།།
དུས་ངན་གཡོ་ཡི་བག་ཆགས་འགོས་ཚེ།།
བོད་མོ་ཡིན་ཡང་བལྟ་འདོད་མི་འདུག།

གངས་ཅན་དཔའ་མོའི་རིགས་བརྒྱུད་ཡིན་ན།།
ངང་རྒྱུད་གཤེས་བཟང་བལ་ལས་འཇམ་ཡང་།།
མགོ་བདེ་དྲན་འཁྲུལ་གཞན་གྱིས་སླད་ན།།
ཚང་སྲས་ཡིན་ཡང་མཁོ་ས་མ་རེད།།

ཁ་བའི་བུ་མོའི་འཛུམ་མདངས་ལན་གཅིག།
ས་ཆེན་འབྱོར་བའི་ཉོ་ཐབས་བྲལ་ཡང་།།
དེང་རབས་བུ་མོའི་བསླུ་བྲིད་ལྡན་ན།།
ལྷ་མོ་ཡིན་ཡང་དགོས་དོག་མི་འདུག།

མཐོ་སྒང་བུ་མོ་ཤིན་ཏུ་མཛེས་པའི།།
ལྷ་ཆེན་ཚངས་པའི་བརྙེད་ཐབས་བྲལ་ཡང་།།
སྒོར་མོའི་བསླུས་པས་ར་མ་ལུག་ཏེ།།
ཀླུ་མོ་ཡིན་ཡང་དགའ་ས་མ་རེད།།

བྲག་དཀོན་ནས་བོད་ཀྱི་གཞས་ཚིག་ཕྱོགས་སྒྲིག་པ་འཆམ་ར་བ་དྲི་མེད་རྒྱལ་མཚན་ལ་ཕུལ།



བརྗོད་གཞི་གཞན་ཁག་ལ་གཟིགས།