༥༽ བོད་རང་བཙན་མ་ཐོབ་ན་དགའ།

༈ བོད་རང་བཙན་མ་ཐོབ་ན་དགའ་ཆེ། ང་ཚོ་ད་ལྟ་གུང་ཁྲན་ཏང་གི་འོག་སྐྱིད་ཐག་ཆོད་ཡོད་ཟེར། ཕྱི་ལོ་༢༠༡༠་༣་༢༥་སྟེ། རང་ཉིད་ལྷོ་ཕྱོགས་ནས་འདིར་འབྱོར་བའི་སྔ་ཉིན་རེད། ང་རང་ལྷོ་ཕྱོགས་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཡོང་བའི་ལམ་བར་དུ་གྲྭ་བ་ཞིག་དང་བཙུན་མ་ཞིག་ད་རུང་ལོ་ན་དེ་ཙམ་མི་འཐོ་བའི་ཨ་མ་ཞིག་བཅས་ཁོང་གསུམ་ཐུག་སོང་།

ཨ་མ་དེ་ནི་ཁོང་གཉིས་ཀྱི་མ་རྒན་རེད་འདུག་ལ། ཕྲེང་བ་ཞིག་ལག་ནང་ཁྱེར་ནས་ཁ་མུག་མུག་བྱེད་བཞིན་འདུག  གྲྭ་བ་ཁོང་ནི་རྒྱ་གར་འབྱོར་ནས་ལོ་བཅོ་བརྒྱད་ཡན་མན་ཡིན་ཟེར། ཕར་བལྟས་ཚོད་ལ་ཆོས་སྲིད་ཀྱི་ཕྱོགས་གང་ཐད་ནས་སློབ་དང་གོ་རྟོགས་ཤིག་ཡོད་སྣང་མ་བྱུང་། ད་རུང་ཇོ་མོ་དང་མ་རྒན་གཉིས་ནི་གྲྭ་བ་དེ་ཐུག་འཕྲད་དང་ལྷན་རྒྱ་གར་ལ་གནས་སྐོར་ཆེད་བོད་ནས་སླེབས་ཏེ་ཟླ་བ་གསུམ་ལྷག་ཙམ་རེད་འདུག།

ང་ཚོས་བོད་དང་རྒྱ་གར་གྱི་གནས་སྟངས་སྐོར་ཕན་ཚུན་བཤད་ཀྱིན་ཀྱིན་ཡོང་ཡིན། ཁོང་ཚོ་གང་འགྱོགས་བོད་ལ་ཕྱིར་ལོག་ངེས་རེད་འདུག ངས་ནམ་རྒྱུན་གོ་སྐབས་འདི་འདྲ་བཟུང་ནས་རྒྱ་བོད་བར་གྱི་གོ་རྟོགས་སྤེལ་ཐུབ་དགོས་རྒྱུ་ནི་ང་ཚོ་རྒྱ་གར་སླེབས་པ་དང་སློབ་སྦྱོང་བྱས་པའི་དོན་སྒོ་རེད་དྲན་གྱི་ཡོད་པ་ལྟར། བར་མཚམས་ཤིག་ནས་ངས་ཁོང་ཚོའི་ཞེ་འདོད་དང་ལྟ་བ་འདྲི་འགོ་བཙུགས་པ་ཡིན།

རྒྱ་གར་བ་དང་རྒྱ་མི་གཉིས་སུ་མི་ཡག་ག་འདུག་དྲིས་པས་རྒྱ་མི་ཡག་ག་འདུག་ཟེར། རྒྱ་མིས་ང་ཚོ་བོད་པ་མང་པོ་བསད་པ་རེད་ལ། རྒྱ་གར་བས་ང་ཚོ་ལ་འདི་ལྟར་དཀའ་ངལ་འཕྲད་དུས་གནས་ཚང་གཡར་བ་རེད། དེ་འདྲ་བྱེད་དུས་རྒྱ་གར་བ་ཡག་ལོས་ཆེ་བྱས་ཡིན། ཨ་ནེའི་རམ་འདེགས་ཨ་མས་ཀྱང་བྱས་ཏེ། རྒྱ་མིས་བོད་པ་བསད་པ་ནི་གྲྭ་བ་དང་ཨ་ནེ་ཁ་ཤས་ཀྱིས་བཟོས་པ་རེད།

ད་རུང་དྲང་པོ་བཤད་ན། དེ་ཚོས་དངུལ་ཟོས་ནས་དེ་འདྲ་འཁྲབ་ཀྱིན་ཡོད་པ་རེད། བོད་ནང་ནས་དེ་ཚོ་ལ་ཡག་པོ་གཏན་ནས་བརྩི་ཡི་མ་རེད། ང་ཚོའི་ཕྱོགས་ནས་ཡིན་ན་༧རྒྱལ་བ་རིན་པོ་ལ་དད་པ་ཧ་ཅང་ཆེན་པོ་ཡོད་རེད་་་་་ཟེར། ངས་ཁོང་ཚོར། ་་་ཁྱོད་ཚོར་༧ རྒྱལ་བ་རིན་པོ་ལ་དད་པ་ཡོད་ན། ཁྱོད་ཚོའི་ཕྱོགས་ལ། ༧རྒྱལ་བ་རིན་པོའི་སྐུ་པར་གཤམ་ཆོག་གི་རེད་དམ། བོད་ནང་ཆོས་དད་རང་དབང་ཡོད་རེད་དམ། མི་རིགས་ཁྱད་པ་ཡོད་མ་རེད་དམ་བྱས་ཡིན། ཁོང་ཚོས། བོད་ནང་ཆོས་དད་རང་དབང་ཡོད་རེད་ལ། སྔོན་མ་ཡིན་ན་ལྷ་ས་དང་ཕྱོགས་གང་སར་༧རྒྱལ་བའི་སྐུ་པར་བླུ་རྒྱུའང་ཡོད་རེད། དེང་སང་བོད་པ་ཚོ་སྐྱིད་པོ་བྱས་ནས་བསྡད་མ་ཤེས་པ་༧རྒྱལ་བའི་སྐུ་པར་གཤམ་མ་ཆོག་པ་རང་གིས་བཟོས་མ་རེད། དེ་ནི་དངུལ་ཟ་བཞིན་པའི་བོད་པ་ཁག་ཅིག་གི་བྱས་ཉེས་ལས་བྱུང་བ་ལས་ཆོས་དད་རང་དབང་གཞུང་ཕྱོགས་ནས་བཀག་པ་ཞིག་མ་རེད་་་་་ཟེར།

ད་རུང་གྲྭ་བ་དེས་ཀྱང་་་་་་ཁོང་གཉིས་ལ་རྒྱབ་སྐྱོར་གྱི་ཚུལ་དུ། བོད་ལ་རང་བཙན་ཐོབ་ན་ཁ་ཤས་ཀྱིས་དབང་ཆ་བདག་བཟུང་བྱས་ནས་སྔོན་མ་བཞིན་ཞི་བདེ་དང་འདྲ་མཉམ་ཡོང་གི་མ་རེད་་་་ཟེར། དེ་དང་ལྷན་དུ། ཨ་ནེས། དེ་སང་བོད་ནང་ལ། བོད་རང་བཙན་འཐོབ་ན། ང་ཚོ་ལ་ཞིང་ཁ་དང་ས་ཞིང་ལེན་རྒྱུ་ཡོད་ཟེར་མཁན་མང་པོ་ཡོད་རེད། ད་རུང་དགྲ་ཤ་རྩོད་རྒྱུ་ཡོད་ཟེར་མཁན་ཡང་ཡོད་རེད་་་་ཟེར།

ངས་ཁོང་ཚོར། བོད་ལ་རང་བཙན་འཐོབ་ན་དེ་ལྟར་ཡོང་གི་མ་རེད། གང་ཡིན་ཟེར་ན། ད་ལྟའི་བཙན་བྱོལ་བོད་གཞུང་གིས་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་གཏན་འབེབ་ཟིན་པ་རེད། དེའི་ནང་མང་གཙོའི་ལམ་ནས་བོད་ཀྱི་གཞུང་འཛུགས་རྒྱུ་ལས་སྐུ་དྲག་གི་ལམ་ལུགས་ཡོང་བའི་སྐོར་གཏན་ནས་མེད་པ་རེད། དེ་བཞིན་བོད་པའང་དེང་སང་འཛམ་གླིང་གི་འཁོར་ཕྱོགས་བཞིན་མང་གཙོ་དང་འདྲ་མཉམ་གྱི་ལམ་ནས་འགྲོ་བ་ལས་བདེ་བ་གཞུང་གི་བྱེད་སྟངས་དེ་བསྐྱར་ལོག་རྒྱབ་པའི་གོ་སྐབས་ཤིག་གཏན་ནས་སྲིད་ཀྱི་མ་རེད། ་་་བྱས་ཡིན། ཨ་ནེ་དེས། ་་་་གང་ལྟར་ང་ནི་བོད་རང་བཙན་མ་འཐོབ་ན་དགའ། ད་ལྟའི་བོད་ནང་ཧ་ལས་པའི་སྐྱིད་པོ་ཡོད། གང་ལ་སོང་ནའང་རང་དབང་རེད། ད་རུང་ཕྲུ་གུ་ཚོར་སློབ་སྦྱོང་སྤྲོད་ཀྱིན་ཡོད་ལ། ཕ་མ་ཚོ་ལས་བྱེད་ཡིན་པས་དངུལ་ཕོག་སྤྲོད་བཞིན་ཡོད། འཚོ་བ་སྐྱིད་ཐག་ཆོད་ཡོད། རྒྱ་གར་ལ་ལྟོས་དང་བོད་མ་གསར་འབྱོར་བས་གཙོས་པའི་བོད་པ་ཁག་ཅིག་གིས་འཚོ་བ་སྐྱོ་བོ་ག་ཚོད་བཅད་ཀྱིན་མི་འདུག རོགས་རམ་བྱེད་མཁན་མི་འདུག་ག་་་། ཟེར།

མ་ཟད་ང་ལ་ཁྱོད་རྗེས་མ་སྡེ་དགེ་སླེབས་དུས་ང་སྡེ་དགེ་ཡོང་ནས་རྒྱ་མི་ལ་ཁོ་རང་བཙན་དགོས་ཟེར་མཁན་དེ་རེད་ཟེར་ནས་རྩིས་སྤྲད་ཀྱི་ཡིན། ལྟོས་ཨ་ཟེར། དེ་ནས་ཁོང་ཚོའི་ཨ་མ་དེའང་རླུང་ལངས་པའི་ཟོལ་འདྲ་ཞིག་འདུག་པས་ངས་མང་པོ་ལབ་མ་ཕོད་པ་རང་གནས་སུ་ལོག་ཡིན།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
2 ༠༥༢༠༡༤༠༦༥༤
དབོན་སྤྲུལ།
།རྒྱ་གར་བོད་མི་འུར་གཏམ་ཆེ།

།གཞིས་སྡོད་བོད་མི་ཐབས་ཟད་མྱོང་།

།ང་བཟང་ཁྱོད་ངན་མ་བསམ་པར།

།རང་རིཊ་ངེས་ན་མི་ལེཊ་སམ།
1 ༠༥༢༠༡༤༠༦༥༢
དབོན་སྤྲུལ།
།རྒྱ་གར་བོད་མི་འུར་གཏམ་ཆེ།
།གཞིས་སྡོད་བོད་མི་ཐབས་ཟད་མྱོང་།
།ང་བཟང་ཁྱོད་ངན་མ་བསམ་པར།
།རང་རིཊ་ངེས་ན་མི་ལེཊ་སམ།



བརྗོད་གཞི་གཞན་ཁག་ལ་གཟིགས།