༢༽ ཞི་རྒོལ་ལ་རམ་འདེགས་ཀྱི་གྲལ་སྒྲིག་ཅི་ཡོད་དམ།

༈ ཞི་རྒོལ་ལ་རམ་འདེགས་ཀྱི་གྲལ་སྒྲིག་ཅི་ཞིག་ཡོད་དམ། དེ་རིང་ནི་ཕྱི་ལོ་༢༠༡༠་༣་༤་ཡིན་ལ་ཟླ་བ་འདིའི་ཚེས་བཅུར་སླེབས་པར་ཉིན་མ་དྲུག་ཙམ་ལས་མེད་པའི་དུས་ཤིག་ཡིན། ཚེས་བཅུའི་ཉིན་མོ་ནི་བོད་པར་མཚོན་ན་ཞི་བའི་ཡར་ལངས་བྱས་པའི་དུས་དྲན་གྱི་ཉིན་མོ་ཡིན་ཡང་།  རྒྱ་གཞུང་ལ་མཚོན་ན་དེ་ནི་ནམ་ཡང་དོགས་ཟོན་དང་དྲག་གནོན་བྱེད་རིན་པའི་དུས་ཚོད་ཅིག་ལ་བརྩི་བཞིན་ཡོད།

དེ་ལས་ཀྱང་བཙན་བྱོལ་སྤྱི་ཚོགས་ནང་བསམ་ན་མཛད་སྒོ་ཞིག་གིས་གྲུབ་པ་བྱེད་ཀྱིན་ཡོད་མོད། མཚམས་ལན་རེར་ངལ་བ་དང་ཉེན་ཁ་མེད་པའི་གོམ་བགྲོད་ཆུང་ཆུང་རེ་གནང་ནས་ཧངས་སོང་མདོག་བྱེད་ཀྱིན་ཡོད། དེ་ནི་ནམ་རྒྱུན་བོད་དང་བོད་དོན་ལ་དོ་སྣང་དང་ཤ་ཞེན་ཡོད་མཁན་ཁག་ཅིག་དང་། གཞུང་ཞབས་པ་འགའི་འཕག་སྟངས་ཤིག་ཡིན་སྲིད།

རེད་དེ་གཞིས་ལུས་བོད་མི་ཚོའི་ངོས་ནས་བསམ་ན་དུས་དེ་ནི་རང་སྲོག་གཏང་དགོས་ཀྱང་འཆི་ཐུབ་དགོས་པའི་དུས་ཚོད་ཅིག་ལ་ངོས་བཟུང་ནས་སེམས་ནང་གྲལ་སྒྲིག་ཨང་གསར་ཡོད།  རང་སྲོག་ཟེར་དུས་ཁྱེད་དང་ངའི་རང་སྲོག་ལས་རྩ་ཆུང་བ་དང་བརྩི་མཐོང་མེད་པ་ཞིག་གང་ནས་ཡིན། ང་ཚོའི་ལུས་ལ་ཚེར་མ་ཞིག་ཟུག་མི་འདོད་པའི་རང་གཅེས་ཀྱི་ཚོར་བ་ཡོད་པ་ནང་བཞིན་ཁོང་ཚོ་ལའང་ཅིའི་ཕྱིར་མེད།

ཡིན་ནའང་མི་རིགས་འདི་དང་མནར་གཅོད་འདི། ད་རུང་རྒྱལ་ཁབ་ཅིག་དང་རིག་གཞུང་འདིའི་དོན་ལ་ཁོང་ཚོས་དཀའ་བ་བརྒྱ་ཕྲག་གདོང་ལ་ཟེད་ནས་ངལ་བ་འབུམ་ཕྲག་སེམས་ལ་མྱོང་བཞིན་ཡོང་ཀྱིན་ཡོད།

ཁྱེད་ཀྱིས་སོམས་དང་ཚེས་གཅིག་ཉིན་ཁམས་རྫ་ཆུ་ཁར་མི་མང་སྟོང་ཕྲག་མང་པོས་ཡར་ལངས་བྱས་འདུག དེ་བཞིན་ཕྱི་ཚེས་བཅུའི་ཉིན་མོར་གཞིས་ལུས་པ་ཁོང་ཚོའི་ལུས་ལ་རྨས་སྐྱོན་ག་ཚོད་ཡོང་ན། ཁོང་ཚོའི་སྲོག་ལ་གོད་ཆག་ཅི་ཚོད་ཡོང་ན། དཀོན་མཆོག་མཁྱེན། ཁོག་འདར་རྒྱག་ཡོང་གི་འདུག ང་ཚོ་ལ་ཉམས་མྱོང་རག་ཡོད་ལ། བརྡ་ལན་གསལ་པོར་སྤྲད་ཡོད་པས། ད་ལོའི་ཚེས་བཅུ་ཉིན་ཡར་ལངས་དང་དྲག་གནོན་བྱུང་ན་བཙན་བྱོལ་གཞུང་སྒེར་གཉིས་ཀྱིས་སྔོན་དང་མི་འདྲ་བའི་གྲལ་སྒྲིག་ཚགས་ཚུད་ཅིག་ལོས་ཡོད། ད་ནི་ལོ་གསར་མི་གཏོང་བ་དང་གོམ་བགྲོད་རེ་གཉིས་འདིས་ཁོང་ཚོའི་ངར་ཤུགས་རྒྱུན་སྲིང་ཐུབ་རྒྱུ་ཁག་པོ་ཡིན་ད།

ཨོཾ་མ་ཎི་པདྨེ་ཧཱུྃ༔ བཙན་བྱོལ་བ་ཕྱི་གླིང་དུ་ཁྲིམས་འགལ་གྱིས་འཛུལ་བ་དང་༧རྒྱལ་བའི་བཀའ་ལས་འདས་པ། ནག་ཚོང་གཡོལ་ལས་བྱས་པ། ཤ་རིགས་ཟས་སུ་སྤྱོད་པ་སོགས་ཀྱི་སྡིག་ཉེས་དེ་ཚོ་དེ་སང་བོད་ནང་འཁོར་ཀྱིན་ཡོད་པ་འདྲ།།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།