༡༽ འཆམ་ར་བས་མཚམས་འདྲི་ཞུ།

དེ་རིང་ཤམ་བྷ་ལའི་ཕོ་ཉའི་དྲྭ་ཚིགས་ཀྱི་ལྡིང་ཆ་འདི་བརྒྱུད་ནས་གཙོ་གཉེར་བ་དང་མྱུག་ཐོགས་པ་ཡོངས་ལ་དགའ་བའི་མཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་སྐྱིད་པའི་སྨོན་འདུན་ཚེ་རིང་ལོ་བརྒྱ་ཞུ་ཞུ།།

ཤོག་ཤོག་གཡང་གི་ར་བ་འདིར།
འབྲི་བརྒྱ་གདང་ལ་སྒྲིག་འདུག
མར་གྱི་རི་བོ་བརྩེགས།
འོ་མའི་རྒྱ་མཚོར་བསྐྱིལ།
ཁ་བ་བོད་ཀྱི་ལུས་ཁམས་གསོ།

ཤོག་ཤོག་ལྡིང་ཆ་བཟང་པོ་འདིར།
ཤོག་གུའི་གདན་གཏིང་འདུག
སྣག་ཚའི་ཟས་གཤོམ་འདུག
རིག་པའི་བློ་གྲོས་བསྡུར།
ཕ་སའི་གོད་ཆག་གླེང་།
བར་སྣང་གི་ཞིང་ཁམས་སླར་གསོར་འབད།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།: