གདན་ས་རྣམ་གྲོལ་གླིང་ནས་༢༠༡༣ ལོར་བཏོན་པའི་དཔེ་དེབ་ཁག་ཅིག

གདན་ས་ཆེན་པོ་ཐེག་མཆོག་རྣམ་གྲོལ་གླིང་ནས་ ༢༠༡༣ ལོར་གཞུང་འབྲེལ་དཔེ་དེབ་འགྲེམས་སྤེལ་ཞུས་པ་ཁག་ཅིག་གི་ངོ་སྤྲོད་སྙིང་བསྡུས།

 

༼གཅིག༽༼པདྨའི་རང་མདངས།༽ འདོན་ཐེངས་ ༢༢ པ།

༼གཉིས༽༼པདྨའི་རང་མདངས།༽ འདོན་ཐེངས་ ༢༣ པ།

དེབ་འདི་ནི་གདན་ས་རྣམ་གྲོལ་གླིང་གི་བཤད་གྲྭའི་རྩོམ་སྒྲིག་ཁང་། སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ཁང་ནས་འདོན་གྱིན་པའི་དུས་དེབ་ཅིག་ཡིན་ལ། འདོན་ཐེངས་དང་པོ་དེ་༢༠༠༢་༡༠་༢༥ ཉིན་བཏོན་ཡོད། དུས་དེབ་འདི་ལོ་རེར་འདོན་ཐེངས་གཉིས་རེར་འདོན་བཞིན་ཡོད་ལ། འདིའི་ནང་དུ་གཙོ་བོ་སྔ་འགྱུར་བའི་སྐྱེས་ཆེན་དམ་པ་ཁག་གི་ཞལ་གདམས་དང་། རིས་མེད་དགོན་སྡེ་དང་གནས་རི། སྐྱེས་ཆེན་ཁག་གི་ལོ་རྒྱུས། དེང་རབས་ཀྱི་རྩོམ་པ་པོ་ཁག་གི་སྙན་རྩོམ་སྒྲུང་རྩོམ། དཔྱད་རྩོམ་གྱིས་མཚོན་པའི་རྩོམ་རིགས། གནད་ཡོད་མི་སྣར་བཅར་འདྲི། བསྒྱུར་རྩོམ། གདན་ས་འདིའི་སྐོར་གྱི་གནས་ཚུལ་སྙིང་བསྡུས་སོགས་འགོད་བཞིན་ཡོད། ༢༠༡༣ ལོའི་དུས་དེབ་འདི་གཉིས་ཀྱང་པདྨའི་རང་མདངས་སྤྱིའི་སྒྲོམ་གཞི་ལྟར་གཅིག་པ་ཡིན། དུས་དེབ་འདི་ནི་བོད་པའི་སྤྱི་ཚོགས་ནང་དུས་དེབ་བརྟན་ཤོས་སམ། འདོན་ཐེངས་མང་གྲས་ཤིག་དང་། ཞུ་དག་སོགས་སྤུས་ཀ་ལེགས་ཤོས་ཤིག་ལ་བརྩི་བཀུར་ཐོབ་ཡོད། དེབ་རེར་ཤོག་གྲངས་ ༨༠ ཡན་མན་ཡོང་གིན་ཡོད་ལ། པར་ཐེངས་རེར་དེབ་གྲངས་ ༩༠༠ ཡན་མན་པར་བཞིན་ཡོད། རིན་གོང་ཧིན་སྒོར་ ༣༠།


༼གསུམ༽༼དཔལ་ཡུལ་དུས་བབ། Payul Times.༽ འདོན་ཐེངས་ ༦ པ།

དེབ་འདི་ནི་ཕྱི་ལོ་ ༢༠༠༨ ལོ་ནས་འདོན་མགོ་ཚུགས་པའི་རྣམ་གྲོལ་གླིང་གི་དབྱིན་ཡིག་དུས་དེབ་ཅིག་ཡིན་པ་དང་། ལོ་རེར་དུས་དེབ་གཅིག་རེར་འདོན་བཞིན་ཡོད། འདིའང་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ཁང་ནས་རྩོམ་སྒྲིག་དང་འགྲེམས་སྤེལ་གནང་བཞིན་ཡོད། འདིའི་ནང་དུའང་གོང་གསལ་པདྨའི་རང་མདངས་ལྟར། དམ་པའི་སྐྱེས་བུ་ཁག་གི་ཞལ་གདམས། བཀའ་སློབ། ནང་ཆོས་ཀྱིས་མཚོན་པའི་དགོན་སྡེ། གནས་རི། སྐྱེས་ཆེན་ཁག་གི་ངོ་སྤྲོད། བཅར་འདྲི། དེ་བཞིན་སྙན་རྩོམ་གྱིས་མཚོན་པའི་རྩོམ་རིགས་གསར་པ་མང་པོ་ཞིག་འདོན་བཞིན་ཡོད། དེབ་རེར་ཤོག་གྲངས་ ༧༠ ཡན་མན་ཡོང་གིན་ཡོད་ལ། པར་ཐེངས་རེར་དེབ་གྲངས་ ༨༠༠ ཡན་མན་པར་བཞིན་ཡོད། རིན་གོང་ཧིན་སྒོར། ༡༠༠།

༼བཞི༽ ༼མཚམས་སྤྲིན་གཞོན་ནུ།༽ འདོན་ཐེངས་དང་པོ།

དེབ་འདི་ནི་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་བཤད་གྲྭའི་རྩོམ་སྒྲིག་ཁང་མཚོ་རྒྱལ་རྩོམ་སྒྲིག་ཁང་ནས་འདོན་བཞིན་པའི་བཙུན་དགོན་གྱི་དུས་དེབ་ཅིག་ཡིན་ལ། འདོན་ཐེངས་དང་པོ་དེ་༢༠༡༣་༡༠་༡༥ ཙམ་ནས་བཏོན་ཡོད། དུས་དེབ་འདི་ནི་ལོ་རེར་ཚར་རེར་འདོན་རྒྱུ་ཡིན་ལ། འདིའི་ནང་དུ་ཞལ་གདམས་མུན་སེལ་སྒྲོན་མེ་སོགས་ཞལ་གདམས། ལོ་རྒྱུས། སྙན་རྩོམ་ཁག འབོད་སྐུལ། དཔྱད་རྩོམ། སྒྲུང་རྩོམ། བསྒྱུར་རྩོམ། གབ་ཚིག རྒྱུན་ཤེས་སོགས་འགོད་བཞིན་ཡོད། དེབ་ཅིག་ལ་ཤོག་གྲངས་ ༩༠ ཙམ་ཡོད་ལ། པར་ཐེངས་རེར་དེབ་གྲངས་ ༡༠༠༠ ཙམ་པར་སྐྲུན་གནང་བཞིན་ཡོད། རིན་གོང་ཧིན་སྒོར། ༥༠།

༼ལྔ༽༼སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་།༽

དེབ་འདི་ནི་ ༢༠༡༣ ལོར་རྣམ་གླིང་བཙུན་དགོན་གྱི་ངོས་ནས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དབུ་བརྙེས་ནས་མི་ལོ་ ༥༠ འཁོར་བའི་རྗེས་དྲན་གྱི་དོད་དུ་སྤེལ་བའི་ཆེད་དེབ་ཅིག་ཡིན་པ་དང་། མཚོ་རྒྱལ་རྩོམ་སྒྲིག་ཁང་ནས་རྩོམ་སྒྲིག་གནང་ཡོད། ཆེད་དེབ་འདིའི་ནང་གཙོ་བོར་རྙིང་མའི་ཆོས་འབྱུང་སྤྱི་དང་། བྱེ་བྲག་ཏུ་བཀའ་གཏེར་དག་སྣང་གསུམ་གྱི་སྒོ་ནས་ཤར་རྒྱལ་བ་དཔལ་ཡུལ་བའི་ཆོས་བརྒྱུད་ཀྱི་བྱུང་རབས་དང་། རྣམ་གྲོལ་གླིང་དགོན་པའི་ལོ་རྒྱུས། དེ་བཞིན་༸སྐྱབས་རྗེ་༸གྲུབ་དབང་པད་ནོར་རིན་པོ་ཆེའི་དབུས་གཞིས་ཀྱི་དཔལ་ཡུལ་མ་དགོན་དང་། བྱེས་ཀྱི་རྣམ་གྲོལ་གླིང་དགོན་པའི་མཁན་སྤྲུལ་ཆེ་ཁག་གི་མཛད་རྣམ་དང་། གནད་ཡོད་སྣའི་ལོ་རྒྱུས། བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་དང་། བཙུན་དགོན་བཤད་གྲྭ་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ། བཙུན་དགོན་སྒྲུབ་སྡེ། སློབ་གྲྭ་དང་བཅས་པ་ངོ་སྤྲད་ཡོད་པས་མ་ཚད། དེ་དག་གི་འཛིན་སྐྱོང་གི་རིམ་པ་དང་། སློབ་ཚན། ཕྱོགས་མཐའ་ཁག་ལ་དགེ་རྒན་གཏོང་ཕྱོགས་སོགས་ཞིབ་གསལ་བཀོད་ཡོད། རིན་གོང་ཧིན་སྒོར་ ༡༥༠།

༼དྲུག༽ ༼པདྨ་མ་ཎིའི་གཟི་འོད།༽  (བགྲང་བྱ་ང་གཅིག་འཁོར་བའི་དྲན་དེབ།)

དེབ་འདི་ནི་ ༢༠༡༣ ཕྱི་ཟླ་ ༡༢ པའི་ནང་རྣམ་གྲོལ་གླིང་གི་སློབ་གྲྭ། ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་ངོས་ནས་བཏོན་པའི་ཆེད་དེབ་ཅིག་ཡིན། དེབ་འདི་རྩོམ་སྒྲིག་གནང་མཁན་ནི་སློབ་གྲྭའི་རྒྱུན་ལས་ཡིན་ལ། ཆེད་དེབ་འདི་བོད་དབྱིན་ཡིག་རིགས་གཉིས་ཀའི་ཐོག་ཡོད་པ་ཞིག་ཡིན། འདིའི་ནང་དུ་གཙོ་བོ་སློབ་གྲྭའི་བྱུང་རབས་ལོ་རྒྱུས། སྒྲིག་གཞི། སློབ་ཚན། ཉིན་རེའི་མཛད་རིམ། དེ་དག་དང་འབྲེལ་བའི་འདྲ་པར་གསར་རྙིང་། དེ་བཞིན་སློབ་ཕྲུག་ཚོས་བཅའ་རྡུང་འབོད་དཀྲོལ་གནང་བཞིན་པའི་པར་རིས། རི་མོ་འབྲི་བ་དང་། འཕྲོད་བསྟེན་གནང་ཕྱོགས་སོགས་གསལ་བའི་པར་རིས་བཅས་བཀོད་པ་རེད། དེབ་འདི་པར་གྲངས་ ༢༠༠༠། རིན་གོང་། ཧིན་ས

༼བདུན༽ ཐར་པའི་འཇུག་སྒོ ༼The Gateway to liberation (Introduction to Buddhism)༽

དེབ་འདི་ནི་ ༢༠༡༣ ལོར་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ཁང་ནས་བཏོན་པའི་ནང་ཆོས་ངོ་སྤྲོད་ཀྱི་དབྱིན་དེབ་ཆུང་ངུ་ཞིག་ཡིན། གདན་ས་འདིར་ཉིན་ལྟར་མི་རིགས་འདྲ་མིན་གྱི་ཡུལ་སྐོར་སྤྲོ་འཁྱམ་པ་གཅིག་སྟོང་ནས་གཅིག་ཁྲིའི་བར་ཡོང་གིན་ཡོད་པ་ལྟར། དེ་དག་ལ་གཙོ་བོ་ཆོས་ཀྱི་སྡོམ་བཞི་དང་། སྐྱབས་འགྲོ། སེམས་བསྐྱེད་བཅས་མདོར་ན་ནང་ཆོས་ངོ་སྤྲོད་སྟབས་བདེ་ཞིག་ཡོང་ཆེད་དུ་སྤེལ་བའི་ངོ་སྤྲོད་ལག་དེབ་ཅིག་ཡིན། ཤོག་གྲངས་ ༢༥། རིན་གོང་། ཧིན་སྒོར་ ༢༠།

༼བརྒྱད་༽གསེར་གྱི་ལྷ་ཁང་། ༼Golden Temple༽

དེབ་འདི་ནི་ ༢༠༡༣  སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ཁང་ནས་སྤེལ་བའི་གདན་ས་རྣམ་གྲོལ་གླིང་གི་ངོ་སྤྲོད་དབྱིན་དེབ་ཅན་ཞིག་ཡིན། འདིའི་ནང་དུ་རྣམ་གྲོལ་གླིང་དགོན་པའི་ཐོག་མའི་ཆགས་ཚུལ་དང་། བར་དུ་རྒྱ་བསྐྱེས་སོང་ཚུལ། ཆོས་སྡེ་འདིའི་སྡེ་ཚན་ཆེ་ཁག་ལྔའི་ངོ་སྤྲོད་དང་། དེ་དག་གི་འཛིན་སྐྱོང་འོག་ད་ལྟའི་ཐོས་བསམ་སློབ་གཉེར་སྐོར། སྒོམ་སྒྲུབ་ཆོས་སྤྱོད་སྐོར་སོགས་བཀོད་པའི་ངོ་སྤྲོད་ལག་དེབ་ཅིག་ཡིན། དེ་བཞིན་དེབ་འདིའི་ནང་དུ་ཧིན་བོད་བར་གྱི་མཛའ་མཐུན་སྐོར་དང་། རྒྱ་ཆེན་སྡེ་བཞི། སྐུ་གསུམ། འཁོར་ལོ། ཟངས་མདོག་དཔལ་རི། དཔེར་མཛོད། རྒན་གསོ་ཁང་སོགས་ངོ་སྤྲོད་ཞུས་ཡོད་པ་རེད། དེབ་འདིར་ཤོག་གྲངས་༤༤། རིན་གོང་། ཧིན་སྒོར་ ༣༠།

༼ཐེག་མཆོག་རྣམ་གྲོལ་གླིང་བཤད་སྒྲུབ་དར་རྒྱས་གླིང་ཞེས་པའི་མཚོན་འོག་ན་སྡེ་ཚན་གཙོ་བོ་ལྔ་ཡོད་པ་ནི། ༡) རྣམ་གླིང་གྲྭ་ཚང་། ༢) བཤད་གྲྭ་(སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་།) ༣) སློབ་གྲྭ་(ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་།) ༤) སྒྲུབ་གྲྭ་(སྒྲུབ་སྡེ་བསམ་གཏན་འོད་གླིང་།) ༥) བཙུན་དགོན་(མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་དར་གླིང་།)བཅས་ཡིན།༽ ཞེས་འཆམ་ར་དྲི་མེད་རྒྱལ་མཚན་གྱིས་༢༠༡༣་༡༢་༢༢ ཉིན། འདྲ་པར་དག་ལས་རོགས་ཚེ་དབང་རིག་འཛིན་མཆོག་ནས་མཁོ་འདོན་གནང་བྱུང་པར་བཀའ་དྲིན་ཆེ་ཞུ།

(གཞུང་འབྲེལ་གཞུང་ཆེན་ཁག་གི་དཔེ་དེབ་སོགས་འདིར་ཚུད་མེད།)

༼གོང་གསལ་ཁག་ལ་འབྲེལ་མཐུད་ཁ་བྱང་ནི།༽

  • སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ཁང་།

Rigzod Editorial Committee

Ngagyur Nyingma Institute,

P.O Bylakuppe 571 104, Mysore District,

Karnataka State, South India

E-mail: This e-mail address is being protected from spambots, you need JavaScript enabled to view it

Ph: 09-7259607022

  • སློབ་གྲྭའི་ཁང་བྱང་།

Yeshe Wodsal Sherab Raldriling Jr. High Shool

P.O Bylakuppe 571 104, Mysore District,

Karnataka State, South India

E-mail: This e-mail address is being protected from spambots, you need JavaScript enabled to view it

Mobile # 09-9731423772

  • མཚོ་རྒྱལ་རྩོམ་སྒྲིག་ཁང་།

Tsogyal Editorial Committee

Ngagyur Nyingma Nunnry Institute

P.O Bylakuppe 571 104, Mysore District,

Karnataka State, South India

E-mail: This e-mail address is being protected from spambots, you need JavaScript enabled to view it

ངོ་དེབ། facebook: Tsogyal Editorial Commttee

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༨༢༠༡༩༡༩༠༩
Tashi Dhondup Nubri
གཞུང་ཆེན་བཀའ་པོད་ལྔ་



བརྗོད་གཞི་གཞན་ཁག་ལ་གཟིགས།