༢༠༢༠ ལོའི་ནཱོ་བྷེལ་རྩོམ་རིག་བྱ་དགའ་ཐོབ་མཁན་སྙན་ངག་མ་ལཱོ་ཡི་སི་གྷི་རི་ཁི།

images/stories/louise gluck.jpg
༢༠༢༠ ལོའི་ནཱོ་བྷེལ་རྩོམ་རིག་བྱ་དགའ་ཐོབ་མཁན་སྙན་ངག་མ་ལཱོ་ཡི་སི་གྷི་རི་ཁི།

2020  Nobel Prize-winning woman poetess Louise Glick

今年的諾貝爾文學獎得主女詩人露易丝·格丽克

 

ལཱོ་ཡི་སི་གྷི་རི་ཁི་ནི་ ༡༩༤༣ ལོའི་ཟླ་ ༤ ཚེས་ ༢༢ ཉིན་ཨ་རི་ཉུག་ཡོག་གྲོང་ཁྱེར་ NewYork City དུ་ཧཱང་གྷལ་རིའི་Hungarian རིགས་རྒྱུད་ཡིན་པའི་ཇུའུ་ཞིའི་Jewish ཁྱིམ་ཚང་ཞིག་ཏུ་ཕ་ཚོང་པ་ཊཱོན་གྷི་རི་ཁི་ DanielGlück དང་ཨོ་རུ་སུག་གི་ཅུའུ་ཞིའི་Russian Jewish ཁྲག་རྒྱུན་ཡོད་པའི་ཁྱིམ་བདག་མ་བྷོ་རི་སི་གྷི་རི་ཁི་གཉིས་ཀྱི་ནང་དུ་འཁྲུངས། མོ་ནི་ཁྱིམ་དུ་བུ་མོ་གཉིས་ཡོད་པའི་ནང་གི་ཆུང་བ་དེ་རེད་འདུག

 

མོའི་ཨ་མ་ཨོ་རུ་སུག་ཅུའུ་ཞིའི་ཁྲག་རྒྱུན་ཡོད་མཁན་ཡིན་པ་གང་ཞིག་ལ་ཨ་མའི་ཕ་མའམ་རྩོམ་པ་མོའི་སྤོ་རྨོ་གཉིས་ཧཱང་གྷ་རི་ཅུའུ་ཞི་མི་ཡིན་པ་དེ་དག་ཨ་རིར་ཡུལ་སྤོས་ཏེ་མཐར་ཉུག་ཡོག་གྲོང་ཁྱེར་དུ་སྣ་འཛོམས་ཚོང་ཁང་ཞིག་གཉེར། རྩོམ་པ་མོའི་ཨ་ཕ་ནི་ཁོ་པའི་ཁྱིམ་མི་ནང་གི་ཐོག་མ་ཨ་རིར་སྐྱེས་པའི་གྲལ་ཡིན། ཨ་ཕ་སེམས་ཤུགས་ཆེན་པོས་ཁོའི་གཅེན་མོའི་ཁྱོ་ག་མཉམ་དུ་ཚོང་ལས་བྱས། ཁོ་ཚོས་བཏུབ་གྲི་རྟགས་ཅན་ X-Acto འདི་གསར་གཏོད་ཀྱང་བྱས་པར་བརྟེན་རྒྱལ་ཁ་ཐོབ། ཨ་མ་ནི་ཝཱེ་ལི་སི་མཐོ་སློབ་ Wellesley College ནས་ཐོན།

 

 

 

ཕ་མ་གཉིས་ཀྱིས་མོ་ལ་གྷི་རི་སིའི་གནའ་བོའི་ལྷ་སྒྲུང་དང་གྲགས་ཅན་གྱི་སྒྲུང་བསླབས་མྱོང་བ་དཔེར་ན་འཕགས་མོ་ཀྱཱོན་ཨེ་ Joan of Arc ལྟ་བུ་ཡིན། མོ་བྱིས་དུས་སུ་སེམས་ནད་རྐྱེན་གྱིས་ཟས་ལ་ཡི་ག་འགག་པའི་ anorexia nervosa ན་ཚ་ཞིག་ཕོག དེ་ནི་མོའི་བྱིས་པ་དང་གཞོན་ནུ་མའི་དུས་རིམ་ནང་གི་དཀའ་ངལ་ཆེ་ཤོས་ཤིག་གྱུར། མོའི་ན་ཚ་དེའི་སྐོར་རྩོམ་ནང་བྲིས་མྱོང་ཞིང་། དེ་ནི་མོ་རང་ཨ་མའི་ཕྱོགས་ནས་སྒེར་ལང་ཐུབ་པ་བྱུང་བ་ཡིན་ཚུལ་དང་། གཞན་ཡང་མོའི་སོ་སོའི་ན་ཚ་དེ་གཅེན་མོ་གྲོངས་པའི་གནད་དོན་དང་འབྲེལ་ནས་བཤད་ཡོད། ན་ཚའི་རྐྱེན་བྱས་ཏེ་མོ་རང་ཆུང་དུས་རྒྱུན་གཏན་གྱི་སློབ་མ་ལྟར་སློབ་བཞུགས་བྱེད་ཐུབ་མེད་ཅིང་། དེ་རྗེས་ཉུག་ཡོག་ཧཱེ་ཝེ་སློབ་འབྲིང་ Hewlett High School འཛིན་རིམ་གསུམ་པའི་སྟོན་ཁར་མོས་སོ་སོའི་སེམས་ཁམས་ལ་དབྱེ་ཞིབ་དང་བཅོས་ཐབས་འགོ་བརྩམས། ཟླ་ཁ་ཤས་རྗེས་ཀྱི་ ༡༩༦༡ ལོར་མོ་མཐོ་འབྲིང་དེ་ནས་ཐོན་ཡང་སློབ་མཇུག་མ་སྐྱོང་བར་ཆེད་དུ་གཟུགས་པོ་བདེ་ཐང་སྐོར་ལ་དོ་སྣང་བྱེད་རྒྱུ་ཐག་བཅད།

 

 

དེའི་སྐོར་མོས། ངས་དུས་ཤིག་ལ་ང་ཤི་འགྲོ་བ་ཤེས་ཀྱི་ཡོད། འོན་ཀྱང་ངས་དེ་བའི་སེམས་འགུལ་ཐེབས་ཐུབ་ཅིང་གཏིང་རིམ་ཞིག་ནས་ང་ཤི་འདོད་མེད་པ་དེའང་ཤེས་ཀྱི་ཡོད། ངའི་སེམས་ཁམས་ཀྱི་གནས་སྟངས། བྱ་སྤྱོད་འཐད་དྲག་པ་དང་གོ་རིམ་བརྒྱུད་རྒྱུར་སྨྱོ་ཧམ་ལྟ་བུས་གཞན་རྟེན་དགོས་འདུག་བསམ་པ་དེས་ཤེས་ཡོན་སློབ་གསོ་མུ་མཐུད་རྒྱུར་འགག་སྒོ་བྱུང་སོགས་བྲིས་ཡོད་པ་རེད།  མོས་ལོ་བདུན་ལ་ནད་བཅོས་ཐབས་བྱས་པ་དེ་ནི་སོ་སོར་རམ་འདེད་ཀྱིས་ན་ཚ་བཅོས་ཐུབ་པ་བྱུང་ཞིང་། མོས་གནས་ཚུལ་དེ་ནས་སོ་སོས་བསམ་བློ་གང་འདྲ་གཏོང་དགོས་མིན་ཡང་ཤེས་ཐབས་ལ་ཕན་ཐོག་བྱུང་ཡོད།

 

 

མཐོ་འབྲིང་སློབ་གྲྭ་འགྲེམས་རྗེས་སཱ་ར་ལོ་ལུན་ཟི་མཐོ་སློབ་Sarah Lawrence College དང་། གྷི་ལུན་བི་ཡ་སློབ་ཆེན་Columbia University བཅས་ལ་འགྲེམས་མྱོང་། འོན་ཀྱང་མཐོ་སློབ་དེ་ནས་སློབ་མཐར་ཕྱིན་མེད།

 

 

 

དེ་ལས་ལྡོག་སྟེ་མོ་རང་སཱ་ར་ལོ་ལུན་ཟི་མཐོ་སློབ་ Sarah Lawrence College ཏུ་སྙན་ངག་སློབ་ཚན་སྦྱོང་འགོ་བརྩམས། དེར་ ༡༩༦༣ ནས་ ༡༩༦༥ བར་ལོ་གཉིས་སོང་བའི་ནང་ཀཱོ་ལུན་པི་ཡ་སློབ་ཆེན་Columbia Universityརྒྱུན་ཤེས་མཐོ་སློབ་ཀྱི་སྙན་ངག་ཞིབ་འཇུག་འཛིན་གྲྭར་བཞུགས་ཏེ་རྒྱུན་གཏན་གྱི་སློབ་མ་བཞིན་མིན་པའི་སྒོ་ནས་སློབ་ཚན་སྦྱོང་། སློབ་གྲྭ་དེར་མོ་རང་ལཱེ་ཉི་ཨ་ཊམ་སི་ LéonieAdams དང་སཱི་ཊམ་ལི་ཁུན་ཙི་ Stanley Kunitz མཉམ་དུ་སློབ་སྦྱོང་བྱས་མྱོང་ལ། དགེ་རྒན་དེ་དག་ནི་མོ་རང་སྙན་ངག་པ་ཞིག་ཆག་པའི་འཕེལ་རིམ་དུ་གལ་ཆེན་གྱི་སློབ་དཔོན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།

 

 

༡༩༦༨ ལོར་ཁོང་མོས་སྒེར་གྱི་སྙན་ངག་ཕྱོགས་བསྒྲིགས་ཐོག་མ། སྐྱེ་བ་ཐོག་མ།Firstborn ཞེས་པ་དེ་པར་སྐྲུན་བྱས་པ་ནས་བཟུང་ཁོང་མོ་ནི་ཨ་རིའི་དེང་རབས་རྩོམ་རིག་ཁོར་ཡུག་ནང་གི་གྲགས་ཅན་སྙན་ངག་པའི་གྲལ་ཞིག་ཏུ་ཚུད་ཚར། ད་བར་ལཱོ་ཡི་སི་གྷི་རི་ཁི་ཡིས་སྙན་ངག་ཕྱོགས་དེབ་བཅུ་གཉིས་དང་སྙན་ངག་ཟིན་ཐོ་ཕྱོགས་བསྒྲིགས་དཔང་རྟགས་དང་རྒྱུ་མཚན།Evidence and theory ཅེས་པ་གཅིག གཞན་ཡང་སྙན་ངག་སྐོར་གྱི་དཔྱད་རྩོམ་བཅས་བརྩམས་པའམ་སྤེལ་མྱོང་ཡོད་པ་རེད། ཁོང་མོ་ནི་སྙན་ངག་པ་དང་ལྷུག་རྩོམ་རྩོམ་པ་པོ་ཞིག་ཡིན། མོ་སྔ་ཕྱི་ལྟར་ཆང་ས་ཐེངས་གཉིས་རྒྱག་མྱོང་ཞིང་། བཟའ་ཟླ་ཨང་གཉིས་པ་དང་བུ་ཞིག་བྱུང་ཡོད་འདུག

 

 

 ༡༩༩༤ ལོར། ཁོང་མོར་སྙན་ངག་སྐོར་གྱི་གཟེངས་རྟགས་སྣ་ཚོགས་ཐོབ་མྱོང་བའི་ནང་། ཕཱོ་རི་སི་གཟེངས་རྟགས་Pulitzer Prize དང་། རྒྱལ་ཁབ་རིམ་པའི་དཔེ་དེབ་གཟེངས་རྟགས།National Book Award རྒྱལ་ཡོངས་དེབ་དཔྱད་གཟེངས་རྟགས།National Book Critics Awards ཨ་རིའི་སྙན་ངག་པའི་སློབ་ཆེན་ཝཱ་ལེ་ཟི་སི་ཏི་ཝུན་གཟེངས་རྟགས།American Academy of Poets Wallace Stevens Award པཱོ་ལིང་གྷིན་གཟེངས་རྟགས་Bollingen Award བཅས་ཐོབ་མྱོང་།

 

 

ལཱོ་ཡི་སི་གྷི་རི་ཁིའི་སྙན་ངག་གིས་སེམས་ཁམས་ཀྱི་གསང་བའི་ཕྱོགས་ལ་བློ་དཔྱོད་བྱེད་སྟངས་ལེགས་པའི་ཆ་ལྡན་ཞིང་། ཐོག་མའི་སྐབས་སུ་མོའི་བརྩམས་ཆོས་ནི་རང་རྣམ་ལུགས་ཀྱི་རང་བཞིན་ལྡན་པའི་རིགས་ཤུགས་ཆེ་ཞིང་། དེ་རྗེས་བརྩམས་ཆོས་སུ་མི་དང་ལྷའི་དབར་གྱི་ཁ་གཏད་བརྒྱུད། དེ་བཞིན་ལྷ་སྒྲུང་མི་སྣའི་སེམས་ཁམས་ལ་དབྱེ་ཞིབ་བམ་དཔྱད་ཞིབ་བརྒྱུད་ནས་མི་ཞེས་པ་དེ་གནས་པའི་རྩ་བའི་གནད་དོན་ལ་སྣེ་ཤེན་བྱས། སྐྱོ་ཉམས་རིགས་མང་ཙམ་འདྲེས་པའི་བརྗོད་བྱ་བརྩེ་བ་དང་ཤི་བ། ཚེ་སྲོག་དང་རྩ་མེད་སོང་ཚུལ་བཅས་གཙོ་བཟུང་བྱས་ཏེ་བརྩམས་པ་མང་བ་ཡིན་ལུགས་བཤད་ཀྱི་ཡོད་པ་རེད། མོའི་སྙན་ངག་གིས་སྐྱོ་སྣང་དང་ཁེར་རྐྱང་གི་སྒོ་ནས་གསལ་བརྗོད་གུ་ཡངས་རང་བཞིན་ལྡན་པར་གྲགས་ཆེ། མཁས་པ་ཚོས་མོའི་སྙན་ངག་པའི་རང་གཤིས་འགྲུབ་ཐབས་དང་དེ་བཞིན་མོའི་སྙན་ངག་ཏུ་རང་རྣམ་དང་སྲོལ་རྒྱུན་ལྷ་སྒྲུང་དབར་གྱི་འབྲེལ་བའི་སྐོར་གཙོ་བོ་ངོས་འཛིན་བྱས་ཡོད་པ་རེད།

 

 

ཨཱ་རི་རི་བོ་Ararat ཞེས་པའི་བརྩམས་ཆོས་དེ་ནས་བཟུང་། མོའི་སྙན་ངག་ཕྱོགས་དེབ་རེ་རེ་ནས་བྱས་ཧ་ཅང་ཞིབ་ཚགས་ལྡན་པའི་སྙན་ངག་གི་ཐོན་རྫས་ཤ་སྟག་ཡིན་ཞིང་། དེ་དག་སྙན་ངག་རིང་མའི་ངོ་བོ་དང་ཡང་ན་སྙན་ངག་སྡེབས་ཚོགས་བཅས་གང་ཡང་གྲུབ་ཆ་ཡོང་ཐུབ་པ་རེད། ཨཱ་རི་རི་བོ་དང་། རྒོད་པོའི་འཇའ་སྐྱི། The Wild Iris ནས་བཟུང་མོའི་སྙན་ངག་ནི་ཚང་མས་ངེས་པར་དུ་ཀློག་དགོས་པ་ཞིག་ཆག་ཡོད་པ་རེད།

 

 

སཱའེ་ཊན་སློབ་ཆེན་ Swedish Academy ནས་ ༢༠༡༨ ཟླ་ ༥ པར་གཟེངས་རྟགས་སྤྲད་པའི་མཛད་སྒོ་དེ་ལོ་གཅིག་ཕྱི་འགྱངས་བྱས་ཤིང་། གཙོ་བོ་ནང་ཁུལ་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་དང་སླར་ཡང་ནཱོ་བྷེལ་གཟེངས་རྟགས་ཚན་པའི་མཚན་སྙན་སླར་གསོ་ཡིས་ན་ནིང་ལོ་སྟེ་ ༢༠༡༨ ལོ་དང་ ༢༠༡༩ ལོའི་རྩོམ་རིག་གཟེངས་རྟགས་ཐོབ་མཁན་ལ་རྟགས་མ་སོགས་ཕུལ་ཡོད་པ་རེད། དེའང་ ༢༠༡༨ ལོའི་ནཱོ་བྷེལ་རྩོམ་རིག་བྱ་དགའ་ཐོབ་མཁན་ནི་པཱོ་ལན་ཊི་Poland རྩོམ་པ་པོ་ཨཱོ་གྷ་ཐཱོ་ག་ཛིག་ Olga Tokarczuk ཡིན་ཞིང་། ༢༠༡༩ ལོར་ཨཱོ་སི་ཊི་རི་ཡའི་Austria རྩོམ་པ་པོ་ཕཱི་ཁྲིལ་ཧཱན་ཐི་ཁོ་ Peter Handke རེད།

 

 

༡༩༩༩ ལོར། མོ་རང་སྙན་ངག་པ་རཱིས་ཐོ་Rita Doveདང་མཱེལ་ཝིན་Merwinགཉིས་དང་མཉམ་རྒྱལ་ཚོགས་དཔེ་མཛོད་ཁང་བཙུགས་ནས་ལོ་ ༢༠༠ འཁོར་བའི་དུས་ཀྱི་དམིགས་བསལ་བློ་སྟོན་པར་གདན་ཞུ་བྱས། མོས་ངོ་བོ་དེའི་ཐོག་ནས་མཛད་སྒོ་ཁག་གི་ལས་རིམ་རྣམས་གཏན་འབེབས་བཟོས། ལོ་དེར་ཁོང་མོ་ཨ་རིའི་སྙན་ངག་པའི་སློབ་ཆེན་གྱི་སློབ་སྤྱིར་གདམ་ཐོན་བྱུང་རྗེས་ ༢༠༠༥ བར་ལས་གནས་དེར་ཡོད། ༢༠༠༣ ལོར་ཁོང་མོ་ཡཱེལ་སློབ་ཆེན་གཞོན་ནུའི་སྙན་ངག་མི་སྣའི་Yale Series of Younger Poets ལེའུ་ཡི་མཐའ་མའི་ཁྲིམས་དཔོན་དུ་བསྐོ་བཞག་བྱས། ལས་གནས་དེ་ ༢༠༡༠ བར་བརྒྱུད་མཐུད་གནང་། ཡཱེལ་སློབ་ཆེན་ལེའུ་ཞེས་པ་དེ་ནི་ཨ་རིའི་ལོ་རྒྱུས་རིང་ཤོས་ཀྱི་ལོ་འཁོར་རྩོམ་རིག་འགྲན་ཚོགས་ཅིག་ཡིན།

 

ཁོང་མོ་དེར་ཁྲིམས་དཔོན་གནང་རིང་མོས་སྙན་ངག་པ་ཕཱི་ཐི་སིག་ཧྥོ་ Peter Streckfus དང་ཧྥེ་ཊི་ཅོ་ཏན་ Fady Joudah བཅས་ཀྱི་བརྩམས་ཤིང་པར་སྐྲུན་བྱས་པའི་སྙན་ངག་དེ་དག་གདམ་ཐོབ་གནང་ཡོད་པ་རེད།

 

 

ཁོང་མོའི་སྙན་ངག་དེབ་གཤམ་གསལ་ཁག་སྤེལ་འདུག་ལ་འདིར་བོད་འགྱུར་ཐད་ནོར་འཛོལ་འདྲ་འབྱུང་ཚེ་ཨིན་ཡིག་ལ་རྩ་འཛིན་གནང་རོགས།

སྐྱེ་བ་ཐོག་མ།Firstborn ༡༩༦༨ ལོར་སྤེལ།

འདམ་རྫབ་ཐོག་གི་ཁང་པ།The House on Marshland ༡༩༧༥ ལོར་སྤེལ།

ཐུར་དུ་ལྷུང་བཞིན་པའི་གཟུགས་བརྙན།Descending Figure ༡༩༨༠ ལོར་སྤེལ།

ཨཱ་ཆི་ལེ་སིའི་རྒྱལ་ཁ།The Triumph of Achilles ༡༩༨༥ ལོར་སྤེལ།

ཨཱ་རི་རི་བོ། Ararat ༡༩༩༠ ལོར་སྤེལ།

རྒོད་པོའི་འཇའ་སྐྱི། The Wild Iris ༡༩༩༢ ལོར་སྤེལ།

མོའི་སྙན་ངག་བརྩམས་ཆོས་ཕྱོགས་དེབ་ཟླ་འོད་ཀྱི་བསྲེས་ལྕགས།Moonlight Alloy དང་།

འཇིག་རྟེན་གྱིས་བླ་སྲོག་གི་གཏིང་ཟབ་སའི་དགོས་མཁོ་དེ་རྟོགས་ནས་བཟུང་།

Until the world reflects the deepest need of the soul

ཞེས་པ་གཉིས་རྒྱ་ཡིག་ཏུ་བསྒྱུར་ཚར་ཡོད་འདུག

 

 

ཁོང་མོའི་སྙན་རྩོམ་གྱི་དཔེ་མཚོན་ཞིག་འདིར་བོད་བསྒྱུར་ཞུས་ཁུལ་ཡིན་ཡང་ནོར་འཛོལ་འབྱུང་ཚེ་དེའི་གཤམ་འོག་གི་ཨིན་ཡིག་ལ་རྩ་འཛིན་གནང་རོགས།

 

བརྩེ་དུང་གི་སྙན་ངག

རྟག་ཏུ་གནས་ཚུལ་འགའ་སྡུག་གིས་བསྐྲུན་ནས་ཡོད།

ཁྱོད་ཀྱི་ཨ་མས་བལ་ལས་བྱེད་ཀྱི་འདུག

མོས་མཚོན་མདོག་སྣ་ཚོགས་ཀྱི་སྐེ་རས་དམར་པོ་སླ་བཞིན་འདུག

བལ་གྱི་ཐོན་རྫས་དེ་དག་ཡཱེ་ཤུའི་ཆོས་ཀྱི་ཐད་ལག་རྟགས་ཚུལ་སྤྱོད་མྱོང་ལ།

དེ་དག་གིས་ཁྱོད་ལ་དྲོད་ཀྱང་སྦྱིན་མྱོང་།

མོས་ཡང་ནས་བསྐྱར་དུ་ཆང་ས་རྒྱག་དུས།

ཐོག་མཐའ་བར་གསུམ་དུ་ཁྱོད་མཉམ་དུ་འཁྲིད་ནས་ཡོད།

མོའི་ཞོར་དུ་གནས་སྟངས་དེ་དག་གང་འདྲ་གནང་བ་ཡིན་ནམ།

ལོ་དེ་དག་ལ།

མོས་ཁེར་རྐྱང་གི་ཡུགས་མོའི་སེམས་དེ་བསྡུས་ནས།

ཤི་ཕོ་དེ་ཕྱིར་ལོག་སྲིད་པ་འདྲ་བྱེད་ནས་འདུག

ཁྱོད་དེ་ལྟར་ཡིན་ན་ཡ་མཚན་དགོས་དོན་མེད་པ་རེད།

ཁྲག་ལ་སྐྲག་བཞིན།

ཁྱོད་ཀྱི་སྐྱེས་སྨན་དེ།

གཅིག་རྗེས་གཉིས་མཐུད་ཀྱི་ས་ཕག་གི་བྱང་དེ་དང་མཚུངས་སོ།

 

Poem of love

There is always something to be made out of pain.

Your mother knits wool.

She knits red scarves of various tones.

They were used as Christmas gifts, they used to warm you

When she got married again and again, she always took you

By her side. How did this happen,

In those years, she collected the widowed heart

As if the dead could come back.

It’s not surprising that you are like this,

Afraid of blood, your women

It's like a brick wall after another.

 

 

( འདི་ལོའི་ནཱོ་བྷེལ་རྩོམ་རིག་གི་བདག་ཉིད་ཆེན་མོ་ཁོང་གི་སྐོར་བོད་སྒྱུར་དང་བསྡུ་བསྒྲིགས་ལ་རྩོལ་བ་འདི་ཞུས་མོད། འོན་ཀྱང་བོད་འགྱུར་ལ་ནོར་འཛོལ་བྱུང་རིགས་ཡོངས་ཨིན་ཡིག་གི་མ་དཔེར་རྩ་འཛིན་གནང་རོགས། ཁ་དྲོ་བཀྲ་ཤིས། )

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།