ང་ཚོའི་དམངས་གཙོའི་ལམ་ལུགས་དེ་གང་འདྲ་རེད།


images/stories/111pg.jpg

 

 

 

 

 

 ང་ཚོའི་དམངས་གཙོའི་ལམ་ལུགས་དེ་གང་འདྲ་རེད།

What is our democracy election route?

我們的民主選舉路線是什麼?

 

ཨོ་གླིང་། གངས་ལྷ་མོ།

མཆན།

( འདི་ནི་ངས་དེ་སྔོན་སྐབས་བཅོ་ལྔ་པའི་གྲོས་ཚོགས་སུ་བཤད་བཞག་པའི་དོན་དག་ཅིག་ཡིན་ལ། དེའང་ད་བར་ངའི་སེམས་འཁུར་བྱེད་ས་ཞིག་ཀྱང་ཡིན་པར་བརྟེན།  འདིར་ཡིག་ཐོག་ཏུ་ཐད་ཀར་ཕབ་ལེན་གྱིས་སྤུན་ཟླ་ཀློག་པ་པོ་ཚོས་ཀྱང་དོ་སྣང་རེ་ཡོང་རེའི་ཆེད་དུ་ཡིན་ལགས།)

དཔལ་ལྡན་ཚོགས་གཙོ་མཆོག དབུས་འོས་བསྡུ་ལས་ཁུངས་ཀྱི་དམིགས་བསལ་སྔོན་རྩིས་ཀྱི་གཉིས་པ། བོད་མི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་མང་སྐབས་བཅུ་དྲུག་པའི་འོས་བསྡུ་ཆེན་མོ། ཟེར་བའི་དོན་དང་འབྲེལ་ནས་ཞུ་ཡ་ལ། ངས་བསམ་བློ་གཏོང་དུས་སྲིད་སྐྱོང་གཙོས་མི་རིགས་ཀྱི་སྣེ་ཤེན་ཡིན་ཟེར་བའི་མི་སྣ་གལ་ཆེན་དེ་ཚོ་དང་། ཚོགས་གཙོ་སྦྲེལ་པོ་གཙོས་སྤྱི་འཐུས་རྣམས་སྤྱི་ཚོགས་སུ་བཤད་སྟངས་ལྟར་ན་སྒོ་ང་ནང་གི་སེར་རིལ་ཞེས་པ་དེ་ཚོས་ངེས་པར་དུ་ཐུགས་གཞིགས་དགོས་པ་བསམ་བློ་གཅིག་ག་རེ་རེད་འདུག་ཟེར་ན། ངས་བསམ་བློ་མང་པོ་བཏང་ནས་བཏོན་འཇོག་ཡིན། འོན་ཀྱང་སྐུ་མཁྱེན། གང་ཟག་སྒེར་ལ་རྣམ་རྟོག་ཟ་ནས་ (བརྗོད་གཞིར་) གཡས་འཐེན་གཡོན་འཐེན་བྱེད་མི་འགྲོ་རོགས་ཅེས་དང་པོ་དེ་ཕར་ཞུ་རྒྱུ་ཡིན།

 

 

ངས་བསམ་བློ་གཏོང་རྒྱུ་ནི་ད་ལྟ་ང་ཚོའི་དམངས་གཙོའི་ལམ་ལུགས་ཀྱི་འགྲོ་སྟངས་དེ་གང་འདྲ་ཆགས་བསྡད་འདུག་ཟེར་ན། དེར་ང་ཚོས་དཔེར་མཚོན་བཤད་པ་ཡིན་ན། ཨིན་ཇི་ནང་བཞིན་རྒྱལ་པོ་ལམ་ལུགས་ཡོད་པའི་ཆབ་སྲིད་སྒྲོམ་གཞིའང་མ་རེད། ད་ལྟའི་ཆར་དམངས་གཙོ་ཡང་དག་པ་དང་གཟི་བརྗིད་བཅས་ཞི་དྲག་ཡིན་ཟེར་བ་དེ་འཛམ་བུ་གླིང་འདིར་ཨ་རི་རྒྱལ་ཁབ་ཆགས་ཡོད་པ་རེད། ཨ་རིར་ཕར་བལྟས་ན། ཆབ་སྲིད་ཀྱི་ཁ་གཏད་ཚོགས་པ་ཡོད་པ་གང་ཞིག་ལ། གྲོས་ཚོགས་གོང་འོག་གི་སྒྲོམ་གཞི་ཡིན་པའི་ཁོང་ཚོའི་དམགས་གཙོ་ལག་བསྟར་བྱེད་ཀྱི་ཡོད་པ་རེད། དེའི་རྒྱབ་ལྗོངས་ནི་སོ་སོར་རང་དབང་རང་བཙན་གྱི་བདག་དབང་སྒེར་གྱི་ལག་ཏུ་ཡོད་པའི་སྒོ་ནས་ཆགས་ཡོད། ང་ཚོའི་གནས་སྟངས་དེ་གང་འདྲ་ཆགས་ཡོད་རེད་ཟེར་ན། ཆོལ་ཁ་ཆོས་ལུགས་ཀྱི་སྤྱི་མི་འོས་འདེམས་བྱེད་པའི་ལམ་ལུགས་ཤིག་ཆགས་སྡོད་ཡོད། ཆོལ་ཁ་ཆོས་ལུགས་ཀྱི་སྤྱི་འཐུས་གདམ་ཐོན་གྱི་གནས་སྟངས་འདི་གྲོས་ཚོགས་ཀྱི་ལམ་ལུགས་ཆ་ཚང་བ་ཞིག་ཆགས་མི་འདུག དེ་དམངས་གཙོའི་སྔོན་འགྲོ་ཟོལ་འདྲ་འདུག ལམ་ལུགས་དེ་གཏིང་ཟབ་པོ་དང་རྒྱང་རིང་པོར་རྩ་བ་ཉིད་ནས་འགྲོ་ཐུབ་མི་འདུག དེར་བརྟེན། ང་ཚོའི་དམིགས་བསལ་གྱི་ཡུལ་གྱར་གྱི་གནས་སྟངས་འོག་ནས་ཡོད། ང་ཚོའི་ངོས་ནས་དེར་སྣང་བ་དག་ནས། དེ་ནི་ཡང་དག་པ་དང་མང་མོས་མཆོག་རྒྱས་ཡིན་ཟེར་གྱི་ཡོད་རེད་དེ་གྲོས་ཚོགས་ལམ་ལུགས་ཀྱི་སྔོན་འགྲོ་ཙམ་ལས་དེ་ནས་རིམ་གྱི་གོམ་པ་གཉིས་གསུམ་བྱེད་དེ་རྒྱག་ཐུབ་མི་འདུག

 

 

 

 

དེའང་ང་ཚོའི་དམངས་གཙོ་དེ་༧རྒྱལ་བ་དོན་གྱི་བདག་པོ་གཙོ་བོ་བྱས་པའི་རྒན་རབས་རྣམས་ཀྱིས་གཤམ་ལ་གསོལ་རས་གནང་ཞིང་། ཁྱོད་རང་ཚོས་དེ་འདྲ་བྱོས་གསུངས་ནས་བྱུང་བ་རེད། འོན་ཀྱང་ང་ཚོའི་ངོས་ནས་ཆབ་སྲིད་ཀྱི་སྒྲོམ་གཞི་དེ་གང་འདྲ་ཞིག་ཡིན། དེའི་ལྟ་སྒྲུབ་གང་འདྲ་ཡིན། སྒྲོམ་གཞི་ཆེན་པོ་དེ་གང་འདྲ་ཡིན་ཞེས་པ་དེ་ང་ཚོས་ངེས་པར་དུ་མ་འོངས་པར་བསམ་བློ་གཏོང་དགོས་ཀྱི་རེད་བསམ་གྱི་འདུག དེ་མ་བྱས་ན། སྲིད་སྐྱོང་ཡིན་ན་འདྲ། ལོ་ལྔའམ་བཅུའི་དོན་དག་གིས་ཡར་རྐུབ་བཀྱག་རྩོད་ལེན་བྱས་ནས་སླེབས་རྗེས་དེ་ནས་མཇུག་བསྡུ་འགྲོ་བ་དེ་འདྲ་མ་རེད། མ་འོངས་པར་ང་ཚོས་བང་བསྒྲིག་ནས་ཡོང་རྒྱུ་ཞིག་ལ་སྲ་བརྟན་ཡོང་ཐབས་དང་། ང་ཚོའི་བོད་དོན་གྱི་བདེན་མཐའ་མ་གསལ་བར་དུ་ཆབ་སྲིད་དམངས་གཙོའི་སྒྲོམ་གཞི་ཡག་པོ་ཞིག་ཡོང་བའི་ཆེད་དུ་རེད། ཕྱི་རྒྱལ་མིས་ང་ཚོར་ཚུར་བོད་མིའི་ཡུལ་གྱར་ནང་གི་དམངས་གཙོ་དེ་དམིགས་བསལ་ཅན་དང་མི་རིགས་རང་ངོས་ཀྱི་ཁྱད་ཆོས་ལྡན་པ་དེ་འདྲ་ཞིག་ཡོད་པ་རེད་ཟེར་ནས་གཞན་གྱིས་ང་ཚོར་ཚུར་བཤད་ཀྱི་ཡོད། སྐྱབས་བཅོལ་གྱི་དམིགས་བསལ་གྱི་གནས་སྟངས་དེ་འདྲ་ཡིན་ཡང་ཁོ་ཚོས་དེར་བཟོ་ལྟ་ཞིག་བཟོས་ནས་སྒྲིག་གཞི་དེ་ལྟ་བུ་ཞིག་འགྲོ་བཞིན་ཡོད་པ་རེད་ཟེར་གྱི་ཡོད། ཡིན་ཡང་ང་ཚོར་ཆོལ་ཁ་ཆོས་ལུགས་ཀྱི་སྤྱི་འཐུས་གདམ་ཐབས་དེ་ལས་གཞན་ཡོད་མ་རེད། དེར་བརྟེན། དེ་ནི་ང་ཚོས་མ་འོངས་པར་བསམ་བློ་གཏོང་ཕྱོགས་ཀྱི་གཞི་བརྟེན་ཞིག་ངེས་པར་དུ་ཆག་དགོས་ཀྱི་རེད་བསམ་གྱི་འདུག རྨང་གཞི་དེ་ནས་ད་དུང་ཡར་གོམ་པ་དང་པོ་གཉིས་པ་དེ་ཚོ་གང་འདྲ་སྤོ་བརྩིས་ཡོད་མེད། ང་ཚོའི་ལྟ་སྒྲུབ་དང་ང་ཚོའི་དམངས་གཙོའི་སྒྲོམ་གཞི་གང་འདྲ་ཆགས་དགོས་མིན་དེ་རེད།

 

 

 

 

ཁ་སང་༧རྒྱལ་བ་རིན་པོ་ཆེ་གནམ་ཐང་ནས་ཚུར་ཕེབས་དུས་སྐོར་དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུངས་པ་རེད། ༧རྒྱལ་བ་རིན་པོ་ཆེས་སྲིད་སྐྱོང་གི་འོས་མི་གཉིས་ཀའི་ཕྱག་གཡས་གཡོན་བྱས་ཏེ་འཇུས་ནས་ཁྱོད་གཉིས་ཀྱི་སྦོག་སིང་ (Boxing) དེ་གང་འདྲ་བྱུང་སོང་ཞེས་གསུངས་ཡོད་འདུག ངས་བསམ་བློའི་ནང་དེ་ནི་ཁ་སྐད་ཐོག་ནས་ཐད་ཀར་བཤད་ན་ཁྱོད་རང་གཉིས་ཀྱི་འཛིང་རས་དེ་གང་འདྲ་བྱུང་སོང་ཞེས་པ་དེ་རེད། ཡིག་ཐོག་ནས་བཤད་པ་ཡིན་ན་ནི་་་(དཔལ་ལྡན་ཚོགས་གཙོས་དེར་འགྲེལ་བཤད་རྒྱག་དགོས་མ་རེད། ཚིག་གང་ཡོད་པ་དེ་ཞུས་ཡིན། དེར་འགྲེལ་བཤད་རྒྱག་སྡོད་པ་ཡིན་ན་སོ་སོས་འགྲེལ་བཤད་ཅིག་རྒྱག་གི་རེད་པ། ) ལགས་སོ་ལགས་སོ། ད་དེ་དང་ད་ལྟའི་དམངས་གཙོའི་སྒྲོམ་གཞི་དང་འབྲེལ་བ་ཡོད་པ་ཞིག་ཡིན་ལགས། ༧རྒྱལ་བ་རིན་པོ་ཆེས་གསུངས་པ་དེ་ངག་ཐོག་ནས་ཁུ་ཚུར་བཞུས་རེས་བྱས་པ་དེ་གང་འདྲ་བྱུང་སོང་ཟེར་བའི་དོན་རེད་པ། (དཔལ་ལྡན་ཚོགས་གཙོས་འགྲེལ་བཤད་མ་རྒྱག་རོགས་ཟེར་ནའང་འགྲེལ་བཤད་རྒྱག་གི་འདུག་་་ ) ང་རང་ངོས་ནས་བསམ་བློ་གཏོང་བ་ཡིན་ན། སྐབས་དེར་སྲིད་སྐྱོང་འོས་མི་གཉིས་ཀ་སྐབས་དེ་དུས་ཞལ་རིས་ཚ་ལམ་ལམ་འདྲ་ཆག་ནས་ངོ་ཚ་འདྲ་ཏོག་ཙམ་ཞིག་་་ངས་གསུངས་དེ་ནི་བསྟོད་ར་ཡིན་པ་ཞིག་རྩ་བ་ནས་གོ་གི་མི་འདུག ༧རྒྱལ་བ་རིན་པོ་ཆེས་ཁྱོད་གཉིས་ཀྱི་འཛིང་རས་བྱས་པ་དེར་ཏོག་ཙམ་ (ཐུགས་) མ་བསྙེས་པ་མིན་འགྲོ་བསམ་ནས་ང་རང་གི་སེམས་འཚབ་འདུག ཁྱེད་རང་གཉིས་ཀར་བསམ་བློ་དེ་འདྲ་ཞིག་འཁོར་མེད་འགྲོ་བསམ་ནས་དྲན་གྱི་འདུག

 

 

 

 

གཉིས་པ་དེ་ག་རེ་རེད་ཟེར་ན། ངས་ཞུ་དགོས་རྒྱུ་དེ་ང་ཚོའི་མ་འོངས་པར་དམངས་གཙོའི་སྒྲོམ་གཞི་དེ་འཐུས་ཚང་བཟོ་རྒྱུའི་ཆེད་དུ་ཡིན། སྲིད་སྐྱོང་གཉིས་ཀའི་ཕྱོགས་ནས་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེའི་སྐབས་སུ་ཁོ་གཉིས་ཀས་གཅིག་གཅིག་གཉིས་གཉིས་བྱས་ཚུལ་་་་(དཔལ་ལྡན་ཚོགས་གཙོ་མཆོག་གིས་དེ་འདིར་འབྲེལ་བ་ཆག་གི་མི་འདུག ) སྒྲོམ་གཞི་འདི་འདྲའི་ནང་ལ་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེས་འོས་བླུགས་མི་འདུག དེའང་མ་འོངས་པར་ང་ཚོས་ཆབ་སྲིད་ཀྱི་སྒྲོམ་གཞི་གང་འདྲ་ཞིག་ལ་འགྲོ་མིན་ལ་རག་ལུས་པ་ཡིན། (དཔལ་ལྡན་ཚོགས་གཙོས་དེ་འདིར་འབྲེལ་བ་ཆག་གི་མི་འདུག་ག) ལགས་སོ། སྐྱབས་རྗེ་ཟམ་གདོང་རིན་པོ་ཆེས་འོས་བླུགས་མི་འདུག དེའང་མ་འོངས་པའི་དམངས་གཙོའི་སྒྲོམ་གཞི་ག་རེ་བྱ་མིན་དང་འགྲེལ་བ་ཡོད་པ་ཞིག་ལ་་་(དཔལ་ལྡན་ཚོགས་གཙོས་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཀྱིས་དེ་གཏན་འཁེལ་འགྲོ་གི་རེད་ཝ། སྒྲིག་གཞི་དང་ག་རེ་སྐྱར་བཅོས་བྱེད་དགོས་ན་དེའི་ཐོག་འགྲོ་ཡ་རེད་མ་གཏོགས།་་་) ད་ལྟ་ཚང་མས་དེར་མགོ་ཅིག་ཚོས་པ་ཡིན་ན་མ་འོངས་གཏན་འབེབས་བྱ་རྒྱུ་ཞིག་ཡོང་གི་རེད་བསམ་གྱི་འདུག ད་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེས་ག་རེ་གསུངས་འདུག་ཟེར་ན། འོས་བླུགས་མེད་གསུངས་བཞག

 

 

(དེའང་བཙན་བྱོལ་སྒྲིག་འཛུགས་ནི་ཕྱོགས་འགལ་དང་འགྲན་རྩོད་མིན་པའི་གྷན་ལྡིའི་རང་སྐྱོང་གི་ལྟ་སྒྲུབ་གཞི་རྩར་བཞག་པའི་གཞུང་ཞིག་རེད། འོན་ཀྱང་དེང་གི་འོས་མི་ཚོས་རང་ཉིད་ཀྱི་འོས་བསྡུའི་ཕན་ཚུན་ཁྱབ་བསྒྲགས་ཕྱོགས་འགལ་གྱི་བརྒྱུད་རིམ་ནང་བཙུད་དེ་གནང་སོང་། དེ་འདྲ་སོང་ཙང་། ངས་བསམ་པར་བཙན་བྱོལ་སྒྲིག་འཛུགས་འདི་བཞིན་ཡང་དག་པའི་ཁ་ཕྱོགས་སུ་འགྲོ་བཞིན་མིན་འདུག བོད་པའི་རྗེས་རབས་རྣམས་ཀྱིས་ངེས་པར་དུ་མཁྱེན་དགོས་པ་ཞིག་ལ། བཙན་བྱོལ་གཞུང་ནི་ཕྱི་ལོ་ ༡༩༥༩ ཟླ་ ༤ པ་ནས་མཐུན་སྒྲིལ་གྱི་ལྟ་སྒྲུབ་གཞི་རྟེན་བྱས་ནས་བཙུགས་པ་ཞིག་ཡིན་པ་ལས། འགྲན་རྩོད་ཀྱི་སྟེང་ནས་བསྐྲུན་པ་ཞིག་མ་རེད། དེང་གི་ང་ཚོའི་འགྲན་རྩོད་པ་རྣམས་ཀྱིས་སྤྱི་བཏང་ཆབ་སྲིད་ཚོགས་པའི་ལག་ལེན་བྱེད་སྟངས་ལྟར་སོང་ན། དེས་ང་ཚོ་ལ་གནས་སྟངས་གང་གི་སྟེང་ནས་ཡིན་ཡང་ཕན་ཐོག་ཡོད་པ་མ་རེད།)

ཅེས་གསུངས་འདུག་དཱ།

 

 

 

དེ་འདྲ་གསུངས་དུས་ང་ཚོའི་སྒྲོམ་གཞི་དེ་ཡང་ན་ཨ་རི་ནང་བཞིན་བྱས་ཏེ་ཆབ་སྲིད་ཕྱོགས་འགལ་ཚོགས་པ་དང་གྲོས་ཚོགས་གོང་འོག་ཡོད་པ་ནང་བཞིན་འགྲོ་ན་ནི་སོ་སོས་སོ་ནམ་མི་ཤེས་ན་རོགས་སྡེ་ལ་ལྟོས་ཅེས་པ་ལྟར་ཨ་རི་ནས་གང་འདྲ་བྱས་ན་དེ་ག་རང་པར་རྒྱུགས་བསྡད་ན་ཏག་ཏག་འགྲོ་གི་ཡོད་རེད། དེའང་ཡང་དག་པ་དང་མང་པོ་ཆག་གི་རེད། ད་ཆ་ང་ཚོར་ཕྱོགས་འགལ་ཚོགས་པའང་ཡོད་མ་རེད་་་་བྱས་ཙང་ང་ཚོ་འཁྲུགས་གཞི་དེ་འདྲ་བྱས་ནས་འགྲོ་གི་ཡོད་རེད་བསམ་གྱི་འདུག ཁ་སང་བཀུར་འོས་སྤྱི་འཐུས་ཤིག་གིས་གསུངས་སོང་ང་ཚོ་འགྲན་རྩོད་ལམ་ནས་འགྲོ་ནས་ཚ་ཚ་འུར་འུར་བྱེད་དེ་འདྲ་ཡག་པོ་རེད་གསུངས་སོང་། ང་རང་ངོས་ནས་དེར་བསམ་བློ་མང་པོ་བཏང་ཡིན། འགྲན་རྩོད་ཐོག་ནས་བྱས་པ་དེ་ངོ་མ་འཁྲུག་ཆ་ཆེན་པོ་ཞིག་དང་དངོས་གནས་བྱུང་སོང་། ཡིན་ན་ཡང་དེས་ང་ཚོར་ཕན་གནོད་ག་ཚོད་བྱུང་ཡོད་དམ་བསམ་ནས་དེར་དོགས་པ་ཞིག་ད་ལྟ་ཡིན་ཡང་ཡོད། དེར་བརྟེན། ང་ཚོའི་མ་འོངས་པའི་ཕྱོགས་གང་འདྲ་ཞིག་ལ་འགྲོ་ས་རེད།

 

 

 

དེ་འདྲ་ཡིན་དུས་སྲིད་སྐྱོང་གཙོས་ལས་ཀྱི་སྣེ་མོ་བ་རྣམས་དང་ཚོགས་གཙོ་སྦྲེལ་པོ་གཙོས་སྒོ་ང་ནང་གི་སེར་རིལ་ཚོས་མ་འོངས་པར་བསམ་བློ་ཞིག་གཏོང་ཆེད་་་་་ཁ་སང་རང་རྒྱ་མི་ཞིག་སླེབས་ཡོད་པ་རེད། བཙན་བྱོལ་ནང་ཡོད་པའི་དམངས་གཙོའི་སྒྲོམ་གཞིར་རྟག་དཔྱོད་བྱེད་མཁན་དེབ་གཉིས་གསུམ་བྲིས་ཚར་བའི་མི་ཞིག་ཡོད་རེད། ཁོང་ཚོས་དེ་ནི་ང་ཚོས་བཟོ་གི་ཡོད་པ་ཤེས་ཀྱི་ཡོད། ང་ཚོས་འདི་ལ་འཁྲབ་སྟངས་གང་འདྲ་བྱེད། མ་འོངས་པར་གང་འདྲ་བྱས་མིན་གྱི་རྒྱུ་ཆ་དེ་དག་ཕར་འཁྱེར་གྱི་ཡོད་པ་རེད། བྱས་ཙང་དོན་གྱི་བདག་པོ་ང་ཚོ་རེད། མ་འོངས་པར་ང་ཚོའི་ཆབ་སྲིད་ཀྱི་ཁ་ཕྱོགས་གང་འདྲ་ཞིག་ལ་འགྲོ་རྒྱུ་ཡིན། འོ་དེ་ད་ལྟ་ནས་བསམ་བློ་གཏོང་དགོས་ཀྱི་རེད་མ་གཏོགས་དེ་ནི་ལས་སླ་པོ་ཞིག་དང་སྟབས་བདེ་པོ་དེ་འདྲ་ཡོད་མ་རེད། འཁྲུགས་ཆ་དང་ཟིངས་ཡར་བསླངས་བཞག་པ་ཙམ་གྱིས་ཡག་པོ་ཞིག་ཡིན་པ་རྩ་བ་ནས་མཚོན་ཐུབ་ཀྱི་ཡོད་མ་རེད་ཟེར་ནས་དེ་ཞུ་ཡ་ཡིན།

 

 

 

 

གཉིས་པ་དེ་བཀུར་འོས་སྤྱི་འཐུས་གཞན་གྱིས་དབུས་འོས་བསྡུ་ལས་ཁུངས་ལ་གསོལ་འདེབས་ཞུས་སོང་། ང་རང་གིས་ཀྱང་དེ་འདྲ་ཞིག་ཞུ་འདོད། ངས་འོས་བསྡུའི་གོ་རིམ་ནང་མཐོང་སྣང་བྱས་ན་སྔོན་འགྲོ་དང་དངོས་གཞིའི་དབར་དུས་ཡུན་རིང་དྲག་པའི་སྐྱོན་ཆེ་པོ་འདུག དེས་འགལ་ཟླའང་མང་པོ་ཡོང་གི་འདུག འདིར་དབུས་འོས་བསྡུ་ལས་ཁུངས་ཀྱི་མཛད་གཅོ་རྣམས་ཀྱིས་གསན་བཞིན་ཡོད་ཀྱི་རེད།

 

 

 

( དཔལ་ལྡན་ཚོགས་གཙོས་དེ་སྐབས་བཅུ་དྲུག་པར་ཐག་ཆོད་འགྲོ་གི་རེད། ) ལགས་སོ། གསོལ་འདེབས་ཞུ་རྒྱུ་ལ་སྔོན་འགྲོ་དང་དངོས་གཞི་དབར་དུས་རིང་དྲག་པ་མིན་པ། གཉིས་པ་དེ་( འོས་མི་ཡོངས་རྫོགས་ཀྱི་མིང་འཁོད་པའི་ཤོག་བྱང་ལ་གོ) ཤོག་བྱང་དེ་སྔོན་འགྲོ་དང་དངོས་གཞི་གཉིས་ཀར་ཡོད་ན་བཟང་བ་དེ་མྱོང་ཚོར་གཅིག་བྱས། (དཔལ་ལྡན་ཚོགས་གཙོས་མི་སུ་མ་སླེབས་སྔོན་ནས་རྟགས་གང་འདྲ་རྒྱག་ཐུབ་ཀྱི་རེད་་་་ད་འགྲོ་སོང་་་) མ་རེད། ཁྱབ་བསྒྲགས་ཀྱི་གོ་རིམ་ནང་སྒེར་གྱི་ཐོག་ནས་བྱེད་པ་རེད་མ་གཏོགས། ཡིག་ཤོག་གི་ཐོག་ནས་བྱ་ཐུབ་པ་ཡིན་ན་དེ་ཡག་པོ་ཡོད་ས་རེད་བསམ་སོང་། དཔེར་ན། (དཔལ་ལྡན་ཚོགས་གཙོས་ད་ངས་ལབ་ཀྱི་མིན། མཇུག་བསྡུས་གནང་ན་་་ངས་གཅིག་ལབ་ན་ཡང་རིང་དུ་འགྲོ་གི་འདུག་ཝ་ ) ལགས་སོ།  བྱས་ཙང་བྱས་ཙང་། སྲིད་སྐྱོང་གི་འོས་མི་གཉིས་དང་ཚ་ཚ་འུར་འུར་བྱས་ཙང་མི་ཚང་མས་ཁྱེད་རང་གཉིས་མཁྱེན་ཡོད་རེད། ཡར་གི་རྦད་དེ་འོད་ནང་བཞིན་གྱིས་ཚང་མས་ཤེས་ཀྱི་ཡོད་རེད་དེ་སྤྱི་འཐུས་ལང་མི་དེ་ཚོའམ་་་་མང་ཆེར་གྱིས་ཤེས་ཀྱི་ཁོ་རེ་མི་འདུག བྱས་ཙང་དེ་འདྲ་དབུས་འོས་བསྡུ་ལས་ཁུངས་ཀྱི་བཀའ་ཁྱབ་གནང་ཡོད་རེད་པ། སུ་སྔོན་འགྲོའི་འོས་ནང་འགྲོ་བསམ་མཁན་དང་། དེ་རྗེས་ཀྱང་དེ་ཡོད་པའི་ཐོག་ནས་དངོས་གཞི་ནང་ཤོག་བུ་དེ་འདྲའི་ནང་འགྲེལ་བཤད་ཁྱབ་བསྒྲགས་ཡོད་པ་ཡིན་ན་ཡག་པོ་ཡོད་ས་རེད་ཞུས་པ་ཡིན།

 

 

 

 

ད་ཐེངས་སྲིད་སྐྱོང་གི་འོས་འགྲན་དེའི་འོད་དེ་ཆེ་དྲག་ནས་སྤྱི་འཐུས་རྣམས་བརླག་པ་རེད། སྙིང་རྗེ། སྙིང་རྗེ། དངོས་གནས་བྱས་ན་སྤྱི་འཐུས་ནི་ཧང་སངས་པ་གལ་ཆེན་པོ་རེད་པ། དེ་འདྲ་བྱས་ཙང་མི་ཚོས་འོས་མི་སུ་ (འདྲ་ཡོད་མེད་ཀྱང་) ཤེས་ཀྱི་མི་འདུག བུ་མོ་གཉིས་དགོས་རེད་ཟེར་གྱི་འདུག་སྟེ་ད་ཡོང་མ་སོང་ཟེར་ནས་གནས་སྟངས་དེ་འདྲ་ཆགས་སོང་། ད་མཇུག་བསྡུ་ཡ་དེ་ག་རེ་རེད་ཟེར་ན། (འོས་བསྡུ་ཆེན་པོ་) དེ་སིལ་ཚོང་གི་དུས་རིམ་སྐབས་མིན་པའི་དུས་ཤིག་ལ་འོས་བསྡུ་ལས་ཁུངས་ཀྱིས་ཏག་ཏག་གཏུག་དགོས་ས་རེད་མ་གཏོགས་ཡོང་ས་མ་རེད། (མི་ཚང་མས་) སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་གནས་སྟངས་མཁྱེན་རྟོགས་སླད་ངེས་པར་དེ་འདྲ་ཞིག་གནང་དགོས་འདུག མཇུག་ཏུ་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ། 

 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།